སེམས་ཀྱི་ཉི་ཟླའི་ཟངས་གཏེར་སྤུས་ལེགས་དཔལ་འབྱོར་ལྗང་མདོག་སྐྱེལ་འདྲེན་ལམ་དུ་བསྐྱོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་སྔོན། ཟངས་གཏེར་ཏུན་1472བླུགས་པའི་དོས་སྒམ་མེ་འཁོར་ཞིག་སྙོམས་སྒྲིག་འཕྲུལ་འཁོར་གྱི་སྣེ་ཁྲིད་འོག་དལ་བུར་ཡང་ཐང་ས་ཚིགས་ཀྱི་ཟོག་འདྲེན་ར་བ་ནས་ཐོན་པ་དེ་ཐོག་ནས་ཡུན་ནན་སེམས་ཀྱི་ཉི་ཟླའི་ཟངས་གཏེར་སྤུས་ལེགས་“གཞུང་ལམ་ལྕགས་ལམ་དུ་བསྒྱུར་བའི”སྐྱེལ་འདྲེན་རྣམ་གྲངས་དངོས་སུ་འགོ་ཚུགས་པ་མཚོན་ཡོད། ས་མཐོའི་ས་ཁུལ་ནས་ཐོན་པའི་ཟངས་གཏེར་སྤུས་ལེགས་དེ་དང་བསྟུན་ནས་དཔལ་འབྱོར་དང་ལྗང་མདོག་ནུས་ཆེའི་སྐྱེལ་འདྲེན་ལམ་བུ་ཞིག་ཏུ་བསྐྱོད་པས་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱིས་མཐའ་མཚམས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་དེ་བས་མངོན་གསལ་དོད་པོ་བྱུང་བ།

        ཡུན་ནན་ཞིང་ཆེན་གྱི་གཏེར་རྫས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་།་“མདོག་ལྡན་ལྕགས་རིགས་རྒྱལ་པོའི་རྒྱལ་ཁབ་”ཅེས་པའི་མཚན་སྙན་ཡོད་ཅིང་།དེའི་ནང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་མདོག་ལྡན་ལྕགས་རིགས་དང་།དཀོན་པའི་ལྕགས་རིགས།ལྕགས་རིགས་མིན་པའི་གཏེར་རྫས་ཀྱི་འདུས་ཁུལ་གྱི་གྲས་ཤིག་ཡིན།སེམས་ཀྱི་ཉི་ཟླར་གནས་པའི་ཕུའུ་ལང་ཟངས་གཏེར་གྱི་ལོ་རེའི་ཟངས་གཏེར་སྤུས་ལེགས་ཀྱི་ཐོན་ཚད་ཏུན་ཁྲི་20ཡས་མས་ཡིན་པ་དང་ཀྲུང་ལུའི་ཟོག་འགྲེམས་ཚོགས་པས་ཐོན་རྫས་སྐྱེལ་འདྲེན་འགན་ལེན་བྱེད་འགན་འཁུར་བ་དང་ཀུང་སི་དེས་དེ་སྔོན་གཙོ་བོ་རླངས་འཁོར་བརྒྱུད་གཏེར་རྫས་ཁྲུའུ་ཞུང་ས་ཁུལ་དུ་སྐྱེལ་འདྲེན་བྱས་པ་རེད།

        ད་ལོ་ནས་བཟུང་། ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སིས་སྐྱེལ་འདྲེན་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་རྒྱུན་མཐུད་ཟབ་སྤེལ་བཏང་ནས་དེང་རབས་ཟོག་འགྲེམས་ཁེ་ལས་རིགས་སྒྱུར་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ།ལྕགས་ལམ་སྐྱེལ་འདྲེན་གྱི་རྐང་འཛིན་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ།“གཞུང་ལམ་ལྕགས་ལམ་དུ་བསྒྱུར་བའི”ཟོག་ཁུངས་ཚོང་གཉེར་བྱེད་ཤུགས་ཆེ་རུ་བཏང་བ།ཀྲུང་ལུའི་ཟོག་འགྲེམས་ཚོགས་པས་སེམས་ཀྱི་ཉི་ཟླའི་ཟངས་གཏེར་སྤུས་ལེགས་“གཞུང་ལམ་ལྕགས་ལམ་དུ་བསྒྱུར་བའི་”སྐྱེལ་འདྲེན་རྣམ་གྲངས་མཉམ་ལས་བྱེད་རྒྱུ་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཁེ་ལས་ཀྱི་མ་གནས་གཅོག་པ་དང་ཕན་འབྲས་ཆེ་རུ་གཏོང་བར་རོགས་རམ་བྱས་པ།