ཆུ་རུད་དང་འདམ་རུད་ཀྱི་སྔ་ལྟས་དང་གནོད་འཚེ་འགོག་ཐབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-23   རྩོམ་ཁུངས།    ལྷོ་ཁའི་བོད་ཡིག་ཚགས་པར།

གཅིག ཆུ་རུད་དང་། འདམ་རུད། རི་ཉིལ་བ་སོགས་ཀྱི་རང་བྱུང་གནོད་འཚེར་སྔ་ལྟས་ག་རེ་ཡོད་དམ།

1.གྲོག་རོང་ནས་རྒྱུག་པའི་ཆུ་གློ་བུར་ཆད་པའམ་ཡང་ན་རྒྱས་པ།

2.རྩྭ་དང་སྡོང་རྐང་སོགས་ཆུའི་ཁར་འཕྱོ་ནས་ཆུ་རྙོག་པོར་འགྱུར་བ།  

3.ཆུ་འགོའི་ཆུ་རྒྱུག་ཤུགས་ཆེ་རུ་འགྲོ་བ།


གཉིས། ཆུ་རུད་དང་འདམ་རུད་ཐོན་པའི་སྐབས་དང་ཕྲད་ན། རང་སྐྱོབ་ཇི་ལྟར་བྱེད་དགོས།

● མཐོ་སར་འཛེགས་དགོས་པ་ལས། ཆུ་རུད་ཐོན་སའི་ཕྱོགས་སུ་གཏན་ནས་རྒྱུག་རྒྱུ་མེད། 

● གལ་ཏེ་འདམ་རུད་ཐོན་ཚེ་དངངས་འཚབ་མི་བྱེད་པར། ཉེ་འཁོར་གྱི་ཤིང་སྡོང་ངམ་ཕ་བོང་སོགས་དངོས་པོ་ཆེ་གྲས་ལ་འཐམས་ནས་གཞོགས་གཉིས་ཀྱི་ཕྱོགས་སུ་སྐྱོད་དགོས།



གསུམ། རི་ཉིལ་བར་སྔ་ལྟས་ག་རེ་ཡོད་དམ། རི་ཉིལ་སྐབས་རང་སྐྱོབ་ཇི་ལྟར་བྱེད་དགོས།

● རི་སྐེད་དམ་རི་ངོས་ནས་རྡོ་ཧྲུག་གམ་སྐྱེ་དངོས་མར་ལྷུངས་འོང་བ།

● རི་སྟེང་གི་ཤིང་སྡོང་ཀྱོག་པ་དང་རི་གཤམ་དུ་གློ་བུར་དུ་ཆུ་དོན་པ། 

● རི་ཉིལ་ས་གང་དེའི་གཡས་གཡོན་དུ་བྲོས་དགོས་པ་ལས། རི་གཤམ་ལ་རྩ་བ་ནས་འགྲོ་མི་ཉན།

● གལ་ཏེ་རི་ཉིལ་བའི་སྐབས་དང་འཁེལ་ན་ཉེ་འཁོར་གྱི་ཤིང་སྡོང་ངམ་ཅ་དངོས་ལ་འཐམས་ནས་སྡོད་པའམ། ཡང་ན་ཅ་དངོས་གང་དེར་བརྟེན་ནས་བསྡད་དེ་རང་ཉིད་སྐྱོབ་གང་ཐུབ་བྱེད་དགོས།

● རི་ཉིལ་མཚམས་ཆད་སྐབས། བདེ་འཇགས་ཁུལ་དུ་མུ་མཐུད་སྡོད་དགོས་པ་ལས་ལམ་སེང་ཅ་ལག་ལེན་པར་འགྲོ་རྒྱུ་མེད།


བཞི། ཆར་ཞོད་ཆེ་བའི་དུས་ཀྱི་ཡིད་གཟབ་བྱེད་དགོས་པ་འགའ།

● གནམ་གཤིས་སྔོན་བརྡར་དོ་ཁུར་བྱས་ནས་ཕྱིར་ཉུང་ཙམ་བསྐྱོད་དགོས།

● གྲོག་རོང་ཁུལ་དང་གཙང་པོའི་ཉེ་འཁོར་དུ་ཡུལ་སྐོར་རམ་འཆམ་འཆམ་ལ་འགྲོ་རྒྱུ་མེད།

● སྡོད་ཁང་རྙིང་པའམ་གྱང་གོག་དུ་ཆར་གཡོལ་བྱ་རྒྱུ་མེད།

● ཆུ་བོ་དང་གཙང་པོར་ཆུ་རྐྱལ་རྒྱག་རྒྱུ་མེད་ལ་རང་དགར་དེའི་ཉེ་འཁོར་དུ་བཅར་མི་རུང་།

● གློག་ཤིང་དང་ལྕགས་སྒྲོམ་སོགས་ཡོད་སར་གཏན་ནས་ཆར་གཡོལ་བྱ་རྒྱུ་མེད།

● ལུག་རྫི་དང་ཕྱུགས་རྫི་སོགས་ཀྱིས་ཁ་པར་མི་རྒྱག་པ་དང་ལུས་ལ་གློག་འཁྱུད་སླ་བའི་ཅ་དངོས་འདོགས་རྒྱུ་མེད།

● སྡོད་ཁང་དུ་ཆུ་འཛག་པའམ་བཞའ་ཚན་ཆེན་པོ་ཡོད་ཚེ་གློག་གི་རིགས་ལ་དོ་སྣང་ཆེན་པོ་བྱེད་དགོས།