སེམས་ཀྱི་ཉི་ཟླས་དབྱར་གནང་ཡུལ་སྐོར་གྱི་ཚ་རླབས་ཐོག་མ་དེ་བསུས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


   ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ད་ཐེངས་ནི་དབྱར་གནང་ཐོག་མ་དེ་ཆགས་ཡོད། སྒུལ་འཁོར་ལ་བསྡད་དེ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླར་ཡུལ་སྐོར་དུ་བསྐྱོད་པ་ནི་ཡུལ་སྐོར་བ་མང་པོས་རེ་སྒུག་དང་སྤྲོ་སྣང་བྱེད་པའི་ལྗོངས་རྒྱུའི་རྣམ་པ་ཞིག་ཏུ་གྱུར་ཡོད།  ཤེསས་རྟོགས་བྱུང་བར་གཞིགས་ན། ཟླ་7པའི་ཚེས་1ཉིན་དབྱར་གནང་གི་སྐྱེལ་འདྲེན་འགོ་ཚུགས་པ་ནས་བཟུང་སེམས་ཀྱི་ཉི་ཟླའི་ས་ཚིགས་ཀྱིས་ཉིན་རེར་ཆ་སྙོམས་བྱས་ན་འགྲུལ་པ་5000ཙམ་སྐྱེལ་འདྲེན་བྱས་ཡོད་པ་དང་།  མིག་སྔའི་བར་སེམས་ཀྱི་ཉི་ཟླའི་ས་ཚིགས་ཀྱིས་ཁྱོན་འགྲུལ་པ་ཁྲི་8བསྐྱལ་ཚར་བ་དང་།  འགྲུལ་པ་ཁྲི་7ཙམ་སེམས་ཀྱི་ཉི་ཟླར་འབྱོར་ཡོད།