ཏང་གི་སྐབས20པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལན་ཆ་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    ཟླ་7པའི་ཚེས་15ནས་ཚེས་18ཉིན་བར་འཚོགས་པའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་སྤེལ་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས་འགོ་བཙུགས་ཏེ་བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་གཙོ་གནད་དུ་བཟུང་ནས་ཞིབ་འཇུག་བྱས་པ་རེད།     ཉིན་ཤས་བསྟུད་མར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ལས་རིགས་ཁག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་པར་སྐུལ་མ་ཆེན་པོ་ཐེབས་པ་དང་ངར་ཤུགས་ཆེ་རུ་ཕྱིན་ཡོད།   

    སེམས་ཀྱི་ཉི་ཟླའི་གྲོང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཐང་ཧྥུའུ་དབྱིན་གྱིས་གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་སྡེ་ཚན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་དྲིལ་བསྒྲགས་ལག་བསྟར་བྱས་ཏེ་ཞི་ཅིན་ཕིང་གི་རིག་གནས་བསམ་བློ་མཛུབ་ཁྲིད་དུ་བྱས་ནས་དྲང་སྲུང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་རིག་གནས་ཀྱི་འགན་འཁྲི་གསར་པ་འཁུར་དགོས།     གཅིག་ནི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་།    གཉིས་ནི་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་ཟབ་མོ་གཏོད་པ།    གསུམ་ནི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་ཡོད།   

   གྲོང་ཁྱེར་བཟོ་ལས་ཆ་འཕྲིན་ཅན་དང་ཚོང་དོན་ཕྱི་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཀྲེན་གྱིས་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ངས་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁེ་ལས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་གནས་པའི་དཀའ་གནད་དང་འགག་གནད་ཤེས་རྟོགས་དང་འཕེལ་རྒྱས་དམ་འཛིན་དང་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ཤུགས་ཆེན་བྱས་ཏེ་ཀྲུང་དབྱང་དང་།    ཞིང་ཆེན།   ཁུལ་བཅས་ཀྱི་ད་ཡོད་ཆེད་དོན་མ་དངུལ་དང་བྱ་དགའ་དང་ཁ་གསབ་མ་དངུལ་ཁག་བརྩོན་ལེན་ཧུར་ཐག་བྱས་ནས་ཁེ་ལས་འཕེལ་རྒྱས་དང་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ་སེམས་ཉི་ཟླའི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བཤད།    

    གྲོང་ཨུའི་སློབ་གསོ་ལས་དོན་ཨུ་ལྷན་གཞུང་ལས་ཁང་གི་ལས་བྱེད་མི་སྣ་དབྱང་ཞའོ་ཏའེ་ཡིས་ངས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་།    དུས་རབས་གསར་པར་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་ནས་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ།    ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ།    ཀུན་སྤྱོད་འཛུགས་སྐྱོང་དང་མི་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་ཁྲོད་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ།    བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱེད་པ།    བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སློབ་གསོ་ཕྱོགས་བསྡུས་སྒྱུར་བཅོས་གཅིག་གྱུར་འཆར་འགོད་བྱེད་པ།    བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱེད་པ།    བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་བཤད། 

   སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་ཅིན་ཅང་གྲོང་རྡལ་ཧྲི་ཏ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡི་ཧྲུའུ་ཅི་ལི་ཅ་ཡིས་རྒྱ་ཆེའི་ཏང་ཡོན་མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དྲིལ་བསྒྲགས་ལག་བསྟར་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་ནུས་པ་སྐུལ་སྤེལ་བྱས་ནས་མང་ཚོགས་ཀྱི་ཐོབ་པའི་ཚོར་སྣང་དང་།    བདེ་སྐྱིད་ཚོར་སེམས།    བདེ་འཇགས་ཚོར་སེམས་བཅས་རྒྱུན་མཐུད་ངང་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།