ཀྲང་ཝེ་ཏུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དཔལ་འབྱོར་འཁོར་སྤྱོད་ཡུལ་དངོས་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་བྱས་ནས་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས་23ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་དཔལ་འབྱོར་འཁོར་སྤྱོད་ཡུལ་དངོས་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་བྱས་ནས་འཚོགས་པའི་སྐབས་ནན་བཤད་གནང་དོན།  ཧེ་བག་དང་མི་འདང་ས་གནད་ལ་འཁེལ་བ་བཙལ་ནས་ཐུན་མོང་གི་ངོས་འཛིན་དང་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་དང་ཞན་ཆ་དང་ཞན་ཆ་གསབ་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་བཏང་སྟེ་ལོ་འཁོར་གྱི་དམིགས་ཚད་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ལོ་སྟོད་ཀྱི་དཔལ་འབྱོར་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་ལ་བལྟས་ན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དཔལ་འབྱོར་རིམ་བཞིན་མ་དངུལ་གཏོང་ཚད་མར་ཆག་པའི་ཤུགས་རྐྱེན་ལས་ཐར་བ། རིག་གནས་ཡུལ་སྐོར་དང་ལྗང་མདོག་གཏེར་ལས་སོགས་གཙོ་ཁྲིད་ཐོན་ལས་ཀྱི་སྐུལ་ཁྲིད་ནུས་པ་རྒྱུན་མཐུད་ངང་མཐོ་རུ་གཏོང་བ། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ཚུན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རང་འགུལ་གྱིས་གོ་སྐབས་དམ་འཛིན་བྱེད་པ་དང་།ལྕགས་ལམ་ལ་བརྟེན་ནས་རིག་གནས་ཡུལ་སྐོར་དང་དེང་རབས་ཟོག་འདྲེན་སོགས་ཐོན་ལས་རིམ་སྤར་ཤུགས་ཆེན་གྱིས་སྐུལ་འདེད་གཏོང་བ། ཆ་སྒྲིག་སྒྲིག་བཀོད་འཐུས་སྒོ་མགྱོགས་སུ་བཏང་ནས་སྤུས་ལེགས་ཁེ་ལས་ནན་ཏན་གྱིས་གསོ་སྐྱོང་དང་ནང་འདྲེན་བྱས་ཏེ་དཔལ་འབྱོར་གསོན་ཤུགས་མངོན་གསལ་གྱིས་མཐོ་རུ་གཏོང་ཡོད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྔར་ལས་ལྷག་པར་འགོ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་།རིམ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཨར་ལས་རུ་དཔོན་ཞེས་པ་ཡག་པོ་བཟུང་དགོས།  ཕྱོགས་ཁག་གི་ཐོན་ཁུངས་ནུས་ཤུགས་གཅིག་འགྱུར་འཆར་འགོད་དང་སྡེབ་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཀར་སྐུལ་འདེད་གཏོང་ཐུབ་པའི་མཉམ་ཤུགས་ཆེན་པོ་ཞིག་ཏུ་ཆགས་པར་བྱེད་དགོས། ཁུལ་དང་གྲོང་ཁྱེར་མཉམ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་གཙོ་གནད་ལས་ཀའི་ཐད་མཉམ་འབྲེལ་ལས་དོན་གྱི་ཆེད་དོན་འགོ་ཁྲིད་ཚོ་ཆུང་བཙུགས་དགོས། དམིགས་འབེན་ཁྲིད་ཕྱོགས་བརྟན་པོ་བཙུགས་ནས་དམིགས་འབེན་དང་རྣམ་གྲངས་སྟོབས་ཤུགས་གང་ཡོད་ཀྱིས་དམ་འཛིན་བྱས་ནས་ལོ་འཁོར་གྱི་ལས་འགན་ལེགས་གྲུབ་བྱུང་བར་ཁག་ཐེག་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་སྟོབས་ཤུགས་གང་ཡོད་ཀྱིས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་།ཁུལ་ཨུ།ཁུལ་སྲིད་གཞུང་གི་བླང་བྱར་གཞིགས་ནས།སྟོབས་ཤུགས་གང་ཡོད་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་ཀ་ཁག་ཡག་པོ་སྒྲུབ་དགོས། དབྱར་གཞུང་ཡུལ་སྐོར་གྱི་ཞབས་འདེགས་འགན་སྲུང་ལས་ཀ་ཁག་དམ་འཛིན་ཡག་པོ་བྱེད་དགོས།

ཁུལ་འགོ་ཁྲིད་ལིའོ་ཝུན་ཚའེ།ཞུས་ཀོང་ཏེ།ལི་ཐའོ་བཅས་ཀྱིས་འབྲེལ་ཡོད་ལས་ཀ་བཀོད་སྒྲིག་བྱས། ཀྲོང་ཞའོ་ཕིང་ཚོགས་འདུར་ཞུགས།