ཀྲང་ཝེ་ཏུང་གིས་རུ་ཁག་ཁྲིད་དེ་འབྲི་ཆུའི་ཞུས་ལུང་དང་ཀོང་རྩེད་ར་ཆུ་གློག་ས་ཚིགས་སུ་བརྟག་ཞིབ་ཕེབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་7པའི་ཚེས་23ཉིན་གྱི་ཕྱི་དྲོར།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་ཁག་ཁྲིད་དེ་འབྲི་ཆུའི་ཞུས་ལུང་ཆུ་གློག་ས་ཚིགས་དང་ཀོང་རྩེད་རའི་ཆུ་གློག་ས་ཚིགས་སུ་བརྟག་ཞིབ་བྱས་པ་དང་།  ཁོང་གིས་བདེ་འཇགས་ཐོན་སྐྱེད་ལས་ཀ་དམ་འཛིན་ཡག་པོ་བྱེད་པ་དང་།  ཕྱོགས་ཡོངས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་གསེད་བཀྲོལ་བྱེད་པ།  དུས་ཐོག་ཏུ་གནས་ཡོད་པའི་གནད་དོན་ཐག་གཅོད་བྱེད་པ་བཅས་བྱེད་དེ་རྣམ་གྲངས་འཛུགས་སྐྲུན་བརྟན་ལ་ལས་ཕྱོད་ཆེ་བ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་འགན་ལེན་བཅས་བྱས་ཏེ་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་བླང་བྱ་བཏོན་པ་རེད།

        དེའི་རིང་།  ཀྲང་ཝེ་ཏུང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་བྱས་ནས་རྒྱལ་ཁབ་ནུས་རྒྱུ་མ་འཇོག་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི་འབྲི་ཆུའི་ཡན་ལག་ཀུང་སིའི་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་གྱི་སྙན་ཞུ་ཉན་པ་རེད།  ཀྲང་ཝེ་ཏུང་གིས་བསྟན་དོན།  རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་རྣམ་གྲངས་འཛུགས་སྐྲུན་གྱི་དགོས་མཁོར་དམ་པོར་དམིགས་ནས་ཁེ་ལས་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོའི་ཞབས་འདེགས་ཞུ་བ་དང་འཕྲད་པའི་དཀའ་ངལ་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱས་ཏེ་རྣམ་གྲངས་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུར་འགན་ལེན་བྱེད་དགོས་པ་དང་།  འཛུགས་སྐྲུན་ཚན་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོགས་ཟོན་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཏེ་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས།  འཛུགས་སྐྲུན་ཚན་པས་སྤྲོ་སེམས་རབ་ཏུ་འཕེལ་བ་དང་ཡིད་ཆེས་བརྟན་པོའི་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་ཏེ་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྔར་བས་སྐུལ་འདེད་མགྱོགས་སུ་གཏོང་བ་དང་།  ལས་དོན་སྤེལ་ཤུགས་དང་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་བཏོན་པ་རེད།

        རྒྱལ་ཁབ་ནུས་རྒྱུ་མ་འཇོག་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི་འབྲི་ཆུའི་ཡན་ལག་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི།  ལག་བསྟར་ལས་འཛིན་པ་དབྱང་རུང་གིས་ཀུང་སིའི་འཕེལ་རྒྱས་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་ལ་ཁ་འབྲལ་ཐབས་མེད།   གཤམ་དུ་ཀུང་སིས་ནུས་རྒྱུ་གཙང་མ་གསར་སྤེལ་བྱེད་མགྱོགས་སུ་གཏོང་བ་དང་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གཏོད་རྒྱུའི་སྐོར་གྱི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། འབྲི་ཆུའི་ཞུས་ལུང་ཆུ་གློག་ས་ཚིགས་དང་ཀོང་རྩེད་ར་ཆུ་གློག་ས་ཚིགས་དང་དེ་བཞིན་ཆུའི་མཛེས་ལྗོངས་གསོག་འཇོག་གཞི་གཅིག་ཅན་གྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་རྣམ་གྲངས་གསར་སྤེལ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་མགྱོགས་སུ་བཏང་སྟེ། ས་གནས་ཀྱི་ཐོན་ཁུངས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དེང་རབས་ཅན་གྱི་བདེ་ཆེན་གསར་པ་དང་འཛམ་གླིང་གི་"སེམས་ཀྱི་ཉི་ཟླ"འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བསྟན་པ་རེད།

        ཁུལ་གྱི་འགོ་ཁྲིད་ལིའོ་ཝེན་ཚེ་དང་།  ཀྲོང་ཞའོ་ཕིང་དང་དེ་བཞིན་ཁུལ་དང་།  རྫོང་།  ཤང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བརྟག་ཞིབ་ཏུ་ཞུགས་པ་རེད།