ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་འཚོགས་ནས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས་22ཉིན།  སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་99པ(རྒྱས་འཛོམས་)འཚོགས་ཤིང་།  སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་དེ་བཞིན་འབྲེལ་ཡོད་ཡིག་ཆའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་རང་ཁུལ་གྱི་དོན་འཁྱོལ་ལས་ཀ་ཞིབ་འཇུག་བྱས་པ་རེད།

        ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

        ཀྲང་ཝེ་ཏུང་དང་།  ལི་ཡན་ལན།  ཕེང་ཧྲན།  ཡུས་ཧྲེང་ཞང་།  མིའོ་ཡིའུ་ཧྥ་སོགས་འགོ་ཁྲིད་གྲོས་ཚོགས་སུ་ཞུགས།

        གྲོས་ཚོགས་ཐོག་བསྟན་དོན།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་རེད།  ཁུལ་ཡོངས་རིམ་པ་ཁག་གི་ཏང་ཨུ་(ཏང་ཙུའུ་)ཡིས་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་།  བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་མཐའ་གཅིག་ཏུ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་བྱ་སྤྱོད་ངོ་མའི་ཐོག་ནས་"གཏན་འཁེལ་གཉིས་"ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་"སྲུང་སྐྱོང་གཉིས་"མཐའ་གཅིག་ཏུ་བྱེད་ཐུབ་པ་བྱེད་དགོས།

        གྲོས་ཚོགས་ཐོག་ནན་བཤད་བྱས་དོན།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་《ཆོད་དོན་》ཀྱིས་2035ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་། མ་འོངས་པའི་ལོ་ལྔའི་རིང་གི་བསྒྱུར་བཅོས་བྱེད་ཐབས་གལ་ཆེན་གཙོ་གནད་དུ་བཟུང་ནས་བཀོད་སྒྲིག་བྱ་རྒྱུ་ནི་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཡིན།  ཁུལ་ཡོངས་རིམ་པ་ཁག་གི་ཏང་ཨུ་(ཏང་ཙུའུ)ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཆོད་དོན་བཀོད་པའི་གནས་ཚུལ་ལ་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་བརྗོད་དོན་གཙོ་བོ་དང་། རྩ་དོན་གལ་ཆེན་དང་། བྱེད་ཐབས་གལ་ཆེན། རྩ་བའི་འགན་ལེན་བཅས་ཁོང་དུ་ཡང་དག་ཆུད་དགོས།  རང་ཁུལ་གྱི་སྒྱུར་བཅོས་ཀྱི་དམིགས་ཚད་ལས་འགན་དང་ཞིབ་ཕྲའི་བྱ་ཐབས་ཇུས་འགོད་དང་ལག་བསྟར་ནན་ཏན་བྱས་ཏེ་སྒྱུར་བཅོས་ལ་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

        གྲོས་ཚོགས་ཐོག་ནན་བཤད་བྱས་དོན།   ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ཡག་པོ་བྱ་རྒྱུ་ནི་དེང་སྐབས་དང་ཕྱིན་ཆད་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན།  ཁུལ་ཡོངས་རིམ་པ་ཁག་གི་ཏང་ཨུ(ཏང་ཙུའུ)ཡིས་ཏང་ཀྲུང་དབྱང་གི་གཅིག་འགྱུར་བཀོད་སྒྲིག་གཞིར་བཟུང་སྟེ་སློབ་སྦྱོང་དྲིལ་བསྒྲགས་ལག་བསྟར་གྱི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་བ་བྱེད་དགོས། སློབ་སྦྱོང་དང་གསོ་སྦྱོང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་རིམ་ཁག་ཏང་ཨུ་(ཏང་ཙུའུ་)ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ནང་དོན་གཙོ་བོར་བརྩིས་ནས་ཇི་མ་ཇི་བཞིན་སློབ་སྦྱོང་དང་། རིམ་པ་དང་རིགས་དབྱེ་བ་དང་དུས་བགོས་ཁག་བགོས་ཀྱིས་ཏང་ཡོན་དང་ལས་བྱེད་པར་རྒྱུད་རིམ་ལྡན་པའི་གསོ་སྐྱོང་སྦྱོང་བརྡར་སྒྲིག་འཛུགས་བྱ་དགོས།  གཅིག་སྡུད་སྒྲོག་འགྲེལ་རྒྱ་ཁྱབ་ཏུ་སྤེལ་བ་དང་། སྒྲོག་འགྲེལ་བྱེད་སྟངས་དང་བྱེད་ཐབས་གསར་གཏོད། གཞི་རིམ་དང་མང་ཚོགས་ཁྲོད་དུ་ཟབ་ཞུགས་བཅས་བྱས་ཏེ་དྲ་ཐོག་དང་དྲ་འོག་གི་སྒྲོག་འགྲེལ་བྱེད་སྒོ་གཅིག་གྱུར་གྱིས་སྤེལ་དགོས།  གསར་འགྱུར་དྲིལ་བསྒྲགས་ཏན་ཏིག་ངང་ཡག་པོ་བྱས་ཏེ་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་དྲིལ་བསྒྲགས་འཕྲིན་སྤེལ་དང་འགྲེལ་བཤད་ཡག་པོ་རྒྱག་དགོས། གཅིག་གྱུར་མཐུན་སྦྱོར་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤང་གང་ཐུབ་བྱས་ཏེ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།

        གྲོས་ཚོགས་ཐོག་ངེས་པར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱེད་དགོས་པ་དང་། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཨུ་(ཏང་ཙུའུ་)ཡིས་ལོ་སྟོད་ཀྱི་ལས་དོན་ཁྱོན་ཡོངས་ནས་བསྐྱར་སྐོར་བྱས་ཏེ་རྒྱུ་རྐྱེན་ལ་དབྱེ་ཞིབ་ནན་ཏན་བྱེད་པ་དང་ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་བྱ་ཐབས་བཏོན་ནས་ལོ་སྨད་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་འགན་ལེན་བྱེད་དགོས།  ཞིང་ཆེན་རིམ་པའི་དཔྱད་ཞིབ་དཔྱད་དཔོག་གི་ཚུར་ལན་གནད་དོན་དག་ཐེར་ལ་དམ་འཛིན་ནན་ཏན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་དང་། གནད་སྨིན་ནུས་ལྡན་ངང་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་ནས་ལོ་ཧྲིལ་པོའི་ལས་དོན་ཁྱོན་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།  གཅིག་ཤེས་ཀུན་གྲོལ་གྱིས་འབྲུབ་ཆུ་རྒྱས་པའི་དུས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

        གྲོས་ཚོགས་ཐོག་《ཁུལ་ཡོངས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཕྱོགས་བསྡོམས་སྙན་སེང་》ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད།

        གྲོས་ཚོགས་ཐོག་ད་དུང་དོན་ཚན་གཞན་དག་ཞིབ་འཇུག་བྱས་པ་རེད།