ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་སྐབས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་གཞི་རིམ་བཅོས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ7ཚེས23ནས་ཚེས་24ཉིན་བར།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རྫོང་(གྲོང་ཁྱེར)གསུམ་དུ་གཞི་རིམ་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་སྐབས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་གཞི་རིམ་བཅོས་སྐྱོང་སྐོར་གྱི་ཞིང་ཨུའི་ལས་ཀའི་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་བཅོས་སྐྱོང་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་ཤུགས་ཆེན་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ལུའོ་ཁྲའོ་ཧྥེང་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གྲོང་རྡལ་དང་།ཧྲང་ཅང་ཤང་།ཉི་ཤར་ཤང་།འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་དང་འཇོལ་རྫོང་ཐང་སྟེང་ཤང་བཅས་སུ་ཕེབས་ནས་གཞི་རིམ་ལས་བྱེད་པ་དང་བཞུགས་མོལ་སྤེལ་རེས་གནང་བ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། གཞི་རིམ་བཅོས་སྐྱོང་སྐོར་གྱི་ཞིང་ཆེན་ཏང་ཨུའི་ལས་ཀའི་བླང་བྱ་ངོ་ཐུག་གདོང་འཕྲད་ཀྱིས་བརྒྱུད་བསྒྲགས་གནང་བ་དང་།གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱས་ཚུལ་ཤེས་རྟོགས་གནང་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་ཐབས་དང་བྱ་ཐབས་ལ་ཞིབ་འཇུག་བྱས་པ་རེད།

    ལུའོ་ཁྲའོ་ཧྥེང་གིས་ནན་གྱིས་བསྟན་དོན།ཏང་གི་འགོ་ཁྲིད་དེ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་དགོས།ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་“རྨང་གཞི་བརྟན་གཏོང་”གི་འདུ་འགོད་ལ་བརྟེན་ནས་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་དང་།སྣེ་ཁྲིད་ནུས་པ།ཤུགས་རྐྱེན་ནུས་པ་བཅས་དངོས་གནས་ཇེ་མཐོར་གཏོང་དགོས།གཞི་རིམ་གྱི་དྲ་མིག་ཅན་གྱི་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་དྲ་མིག་ཅན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་དང་།སེམས་ཁམས་ཁྲིད་སྟོན།ལས་ཞུགས་མཛུབ་སྟོན་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་མང་ཚོགས་ལ་ཕན་པའི་དམངས་བདེ་དམངས་ཕན་གྱི་བྱ་ཐབས་དེ་བས་མང་བ་དོན་འཁྱོལ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྔར་བས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ས་གནས་ས་ཐོག་དང་ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་རྣམ་གྲངས་ལག་བསྟར་དང་མ་དངུལ་ལྟ་སྐུལ་དོ་དམ་ལ་དམ་འཛིན་ཡག་པོ་བྱེད་དགོས།

    ལུའོ་ཁྲའོ་ཧྥེང་གིས་ནན་གྱིས་བསྟན་དོན།རིམ་ཁག་ཏང་ཡོན་ལས་བྱེད་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་བ་བྱས་ཏེ་སེམས་ནང་ཟུག་པར་བྱེད་དགོས།གཞི་རིམ་གྱི་སྒྲོག་འགྲེལ་གཡུལ་ས་ཡག་པོ་སྤྱོད་པ་དང་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་“མི་སེར་དཀྱུས་མའི་ཁྱིམ་དུ་ཁྱབ་པ”ཧུར་ཐག་བྱེད་དགོས། སློབ་གསོ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།སྲིད་ཇུས་དང་ཁྲིམས་སྲོལ་ཁག་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ།“སེམས་བརླན”ལས་གྲྭ་ལག་བསྟར་ཡག་པོ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

    ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་།ཁྲེན་ཆུན།དབྱང་ཞུའེ་ཝུན་སོགས་སོ་སོར་བརྟག་དཔྱད་ཞིབ་འཇུག་ལ་ཞུགས།