བདེ་ཆེན་ཡན་ལག་དམག་ཁུལ་ཏང་ཨུ་སྐབས་དགུ་པ་ཡིས་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་(རྒྱས་འཛོམས་)འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་7པའི་ཚེས་25ཉིན་གྱི་སྔ་དྲོར།  བདེ་ཆེན་ཡན་ལག་དམག་ཁུལ་ཏང་ཨུ་སྐབས་དགུ་པ་ཡིས་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་(རྒྱས་འཛོམས་)སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་པ།གྲོས་ཚོགས་ཐོག་ནན་བཤད་བྱས་དོན།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། རང་ཁུལ་གྱི་རྒྱལ་སྲུང་སྐུལ་སློང་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་ཧུར་ཐག་གཏོང་དགོས།

        ཁུལ་ཨུའི་ཧྲུའུ་ཅི། ཡན་ལག་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ལུའོ་ཁྲའོ་ཧྥེང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གནང་བ་དང་།  ཁུལ་ཨུའི་རྒྱུ་ཨུ།  ཡན་ལག་དམག་ཁུལ་གྱི་སི་ལིང་ཡོན་ཧྥེ་པིང་ཆང་གིས་ལོ་སྨད་ཀྱི་ལས་དོན་ཐད་བླང་བྱ་བཏོན་པ།  ཡན་ལག་དམག་ཁུལ་གྱི་ཆབ་སྲིད་ཀྱི་ཨུ་ཡོན་དབྱང་ཁྲེང་ལིའང་གིས་གྲོས་ཚོགས་གཙོ་སྐྱོང་བྱས་པ།  ཁུལ་ཨུའི་རྒྱུན་ཨུ།  ཁུལ་ཨུའི་དྲུང་ཡིག་ཆེན་པོ་ཁྲེན་ཆོན་གྲོས་ཚོགས་སུ་ཞུགས་པ།  

        གྲོས་ཚོགས་ཐོག་ཞིང་ཆེན་དམག་ཁུལ་ཏང་ཨུ་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།  དབྱང་ཁྲེང་ལིའང་གིས་ཡན་ལག་དམག་ཁུལ་གྱི་ཏང་ཨུའི་རྒྱུན་ཨུའི་ཚབ་བྱས་ནས་ཞུས་བའི་ལས་དོན་སྙན་སྒྲོན་གསན་པ་རེད།

        ལུའོ་ཁྲའོ་ཧྥེང་གིས་བསྟན་དོན།  ད་ལོ་ནས་བཟུང་།  ཡན་ལག་དམག་ཁུལ་ཏང་ཨུ་ཡིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུ།  ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐབས་ཇུས་མཛུབ་སྟོན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་ཞིང་ཆེན་དམག་ཁུལ་ཏང་ཨུ་དང་ཁུལ་ཨུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་གཏན་འཁེལ་བྱས་པ་དང་བདེན་པའི་རྒྱབ་ལངས་རྣམ་པའི་རྒྱལ་སྲུང་སྐུལ་སློང་འཛུགས་སྐྱོང་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ནས་ལོ་འཁོར་གྱི་ལས་འགན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

        ལུའོ་ཁྲའོ་ཧྥེང་གིས་ལོ་སྨད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་བློ་བརྟན་འགྱུར་མེད་ངང་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ཆབ་སྲིད་ཀྱི་བློ་དཀར་སེམས་དཀར་བརྟན་པོ་ཡོང་བ་བྱེད་པ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་ཨང་དང་པོར་འཇོག་པ་དང་། བློ་བརྟན་འགྱུར་མེད་ངང་བསམ་བློར་སློབ་སྦྱོང་དང་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་རྩ་བ་བརྟན་དུ་གཏོང་བ་དང་བློ་དཀར་སེམས་དཀར་ཡོང་བ་བྱེད་དེ་རྒྱལ་སྲུང་སྐུལ་སློང་བྱ་གཞག་ཐོག་མཐའ་བར་གསུམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།  རྒྱལ་སྲུང་སྐུལ་སློང་འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་སྦྱོང་བརྡར་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཡུལ་དམག་དཔུང་ཁག་སྟོབས་ཆེར་གཏོང་བ་དང་སྐུལ་སློང་གི་རྨང་གཞི་བརྟན་དུ་གཏོང་དགོས།  ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལས་ཀའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་། གཞི་རྩའི་ལམ་ལུགས་དོན་འཁྱོལ། དམག་དཔུང་དང་ས་གནས་ཀྱི་འགྲིལ་ཤུགས་གཅིག་སྒྲིལ། ས་གནས་འཕེལ་རྒྱས་ཡོང་བར་རོགས་རམ་བཅས་བྱེད་དེ་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།   ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་དེ་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས་འབྲེལ་ཡོད་སྒྱུར་བཅོས་ལས་འགན་རང་ཁུལ་དུ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་ཇུས་འགོད་དང་སྐུལ་འདེད་ནན་ཏན་གཏོང་དགོས་ཞེས་བླང་བྱ་བཏོན་པ་རེད།

        ལུའོ་ཁྲའོ་ཧྥེང་གིས་ད་དུང་ཁུལ་ཨུ་དང་ཁུལ་སྲིད་གཞུང་དང་དེ་བཞིན་ཁུལ་ཡོངས་མི་རིགས་སོ་སོའི་མི་དམངས་ཁྱི་ཚབ་བྱས་ནས་ཡན་ལག་དམག་ཁུལ་གྱི་དཔོན་དམག་ཡོངས་དང་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ་ལ་"བརྒྱད་གཅིག་"དམག་འཛུགས་དུས་ཆེན་ལ་རྟེན་འབྲེལ་ཞུ།