འཇོལ་རྫོང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་མང་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ་2024ལོའི་ཟླ་7ཚེས་15ནས་ཚེས་18ཉིན་བར་པེ་ཅིང་དུ་འཚོགས་པ་དང་ཚོགས་འདུའི་ཐོགཀྲུང་གུང་ཀྲུང་དབྱང་གིས་བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཆོད་དོནལ་གྲོས་ཞིབ་གྲོས་འཆམ་བྱུང་བ་དང་།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིསཆོད་དོནགྲོས་བསྡུར་མ་ཟིན)》སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད།     ཉིན་ཤས་བསྟུད་མར་འཇོལ་རྫོང་གི་རྒྱ་ཆེའི་ཏང་ཡོན་དང་།    ལས་བྱེད་པ།    མང་ཚོགས་བཅས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་པར་སྐུལ་མ་ཆེན་པོ་ཐེབས་པ་དང་ངར་ཤུགས་ཆེ་རུ་ཕྱིན་ཡོད། 

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་རེད།    དེས་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་།    ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་ལས་འགན་གཙོ་གནད་གསལ་བཤད་གཏིང་ཟབ་བྱས་ཡོད།    ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་ནི་མིག་སྔར་དང་སླད་ཕྱིན་གྱི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་རེད།    འཇོལ་རྫོང་དྲིལ་བསྒྲགས་པུའུ་ཡི་འགན་འཁུར་བས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དེ་འཇོལ་མི་དམངས་ཀྱི་སེམས་སུ་གཏིང་ཟབ་ཟུག་ཐུབ་པ་བྱ་རྒྱུ་ཡིན་ཞེས་འཇོལ་རྫོང་དྲིལ་བསྒྲགས་པུའུ་ཡི་འགན་འཁུར་བས་བཤད་བྱུང་།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྔར་བས་སྒྱུར་བཅོས་གཏིང་ཟབ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གདོང་མཆོང་གི་བརྡ་བཏང་ཡོད་པ་དང་།    ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བླང་བྱ་ནི་ང་ཚོའི་མིག་སྔར་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་ལས་དོན་ལ་ཤུགས་རྒྱག་ས་དང་ཤུགས་རྒྱག་ས་ཡིན།    ཇི་ལྟར་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སེམས་དང་ཀླད་པའི་ནང་ཚུད་པ་བྱ་རྒྱུ་ནི་རྫོང་ཨུ་ཏང་གི་སློབ་གྲྭའི་དགེ་རྒན་དང་ལས་བཟོ་ཡོངས་ཀྱི་མིག་སྔའི་ལས་འགན་གཙོ་བོ་ཡིན།    ང་ཚོས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་སྒྲོག་འགྲེལ་བྱེད་པའི་ཇུས་གཞི་གང་མགྱོགས་བཟོས་ནས་སྒྲོག་འགྲེལ་བྱ་རྒྱུའི་གྲ་སྒྲིག་ཡག་པོ་བྱ་རྒྱུ་ཡིན་ཞེས་འཇོལ་རྫོང་ཏང་ཨུའི་སློབ་གྲྭའི་དགེ་རྒན་བསོད་ནམས་ཚེ་རིང་གིས་འདི་ལྟར་བཤད་བྱུང་།     

 འཇོལ་རྫོང་ཡུན་ལིང་ཤང་གསལ་སྣང་གྲོང་ཚོའི་གྲོང་མི་ཉི་མ་ཕུན་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཞིག་ཡིན་པས།    སྔོ་ལྗང་རི་ཀླུང་ནི་གསེར་དངུལ་རི་ཡིན་པའི་འདུ་ཤེས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་མགྱོགས་མྱུར་འཐུས་ཚང་དུ་གཏོང་དགོས་པར་བསྟན་ཡོད།     ང་ཚོའི་གྲོང་ཚོ་ནི་ཁ་བ་དཀར་པོ་གངས་རིའི་འདབས་སུ་གནས་པ་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད།    ང་ཚོས་ངེས་པར་དུ་སྔོ་ལྗང་རི་ཀླུང་ནི་གསེར་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་ལྗང་མདོག་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་དགོས་ཞེས་བཤད་བྱུང་།