བདེ་ཆེན་གྱི་བོད་སྨན་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་ཞུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཟླ7་པའི་ཚེས23་ཉིན་སྐབས་8་པའི་ཀྲུང་གོ་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་དང་སྐབས28པའི་ཀྲུང་གོའི་ཁུན་མིང་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས་ཁུན་མིང་ཏེན་ཁྲི་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་དང་བདེ་ཆེན་ཁུལ་བོད་སྨན་ཁང་དེ་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་ཐེངས་དང་པོ་ཞུགས་ཡིན་པ་དང་འགྲེམས་ཚོགས་ནང་ཞུགས་རིང་འགྲེམས་ཞུགས་སྐུ་མགྲོན་དང་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད།

        ཤེས་རྟོགས་བྱུང་བར་གཞིགས་ན་བདེ་ཆེན་ཁུལ་བོད་སྨན་ཁང་ནི་ཡུན་ནན་ཞིང་ཆེན་ནང་ཁུལ་དུ་ཆེད་མངགས་བོད་ལུགས་གསོ་རིག་ཞིབ་འཇུག་དང་བོད་ལུགས་གསོ་རིག་གི་ལས་སྒོ་གཉེར་བའི་རིམ་པ་གསུམ་པའི་མི་རིགས་སྨན་ཁང་གཅིག་པུ་དེ་ཡིན་ལ་བདེ་ཆེན་ཁུལ་གྱི་སྨན་བཅོས་དང་། འཕྲོད་སྦྱོར།    སློབ་ཁྲིད།    ཚན་ཞིབ།    བོད་སྨན་སྨན་སྦྱོར་ཐོན་སྐྱེད་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་སྨན་ཁང་ཞིག་ཀྱང་རེད། ད་རེས་ནི་བདེ་ཆེན་ཁུལ་བོད་སྨན་ཁང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་ཐེངས་དང་པོ་ཞུགས་ཡིན་ལ་ཡུན་ནན་ཞིང་ཆེན་བོད་སྨན་ཁང་གི་སྒོ་བྱང་བཀལ་རྗེས་ཕྱི་ཕྱོགས་སྤེལ་རེས་འགྲེམས་སྟོན་བྱེད་སྒོའི་ནང་ཞུགས་ཐེངས་དང་པོ་ཡང་ཡིན། ད་ཐེངས་སྨན་ཁང་དེས་ཁྱོན་རཏྣ་བསམ་འཕེལ་སོགས་བོད་སྨན་སྣ་ཁ་ཉི་ཤུ་ལྷག་ཙམ་གྱི་རང་སྨན་ཁང་གི་སྨན་རྫས་དང་དེ་བཞིན་བོད་སྨན་གྱི་གཟུགས་འཁྲུ་སྨན་བཅོས་བྱེད་ཐབས་སོགས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཉམས་ལེན་སྨན་བཅོས་བྱེད་ཐབས་དྲུག་འགྲེམས་སྟོན་ནང་ཞུགས་ནས་ལྟ་སྐོར་མང་ཚོགས་ཀྱིས་གསོ་རིག་དང་བོད་སྨན་གྱི་རིག་གནས་དེ་བས་ལེགས་པའི་སྒོ་ནས་ཉམས་ལེན་ཐུབ་པ་བྱས་ཡོད།

        ཁུལ་བོད་སྨན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ད་ཐེངས་འགྲེམས་སྟོན་ནང་ཞུགས་པ་བརྒྱུད་རྒྱལ་ཁབ་ཕྱི་ནང་གི་སྨན་བཅོས་སྒྲིག་གཞི་དང་།    ཁེ་ལས།    རིགས་གཅིག་མཁས་ཅན་བཅས་དང་སྤེལ་རེས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བོད་སྨན་རྒྱུན་འཛིན་དང་།    གསར་གཏོད།    འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།