རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
(2024ལོའི་ཟླ་7པའི་ཚེས་29ཉིན་ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བ།)
ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་2024ལོའི་ཟླ་7པའི་ཚེས་29ཉིན་ཁུན་མིང་དུ་འཚོགས་པ།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ནི་ཞིང་ཨུའི་ཨུ་ཡོན་75དང་། ཞིང་ཨུའི་རྗེས་སྣོན་ཨུ་ཡོན་10ཡོད། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཞིང་ཆེན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་གཞི་རིམ་གྱི་འཐུས་མི་ཁག་ཅིག་བཅས་ཚོགས་འདུར་ཟུར་ཞུགས་བྱས།
ཚང་འཛོམས་གྲོས་ཚོགས་ནི་ཞིང་ཨུའི་རྒྱུན་ཨུ་ཡིས་གཙོ་སྐྱོང་བྱས།ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་བ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ཝང་ཉིང་གིས་ཞིང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར་གནང་བའི་ལས་དོན་སྙན་ཞུ་གསན་པ་དང་གྲོས་བསྡུར་གནང་བ་དང་། 《ཀྲུང་གུང་ཡུན་ནན་ཞིང་ཨུས་〈ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན།〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བསམ་འཆར་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།ཝང་ཉིང་གིས་《བསམ་འཆར་(གྲོས་བསྡུར་མ་ཟིན་)སྐོར་》ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན་ཞིང་།དེར་དུས་རབས་འབྱེད་པའི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པ་རེད། ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི་《གཏན་འབེབས་》ནི་ཏང་གི་ལོ་རྒྱུས་ཐོག་གི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་གཞན་ཞིག་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་གཏོང་བའི་བརྗོད་བྱ་གཙོ་བོ་དང་། བློ་གྲོས་དང་སྟོབས་ཤུགས་དེ་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་དོན་འཁྱོལ་བྱེད་པར་གཅིག་སྡུད་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་“གཏན་འཁེལ་གཉིས་”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང་“སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་བྱེད་ཐུབ་པ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་དུས་རབས་གསར་པར་རང་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བཏང་བར་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཞིང་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་།ཏང་ཀྲུང་དབྱང་གི་སྒྱུར་བཅོས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས། “3815་”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་བཟོས་ནས་ལག་བསྟར་བྱེད་པ་དང་སྒྱུར་བཅོས་སྒོ་དབྱེའི་འགག་རྩའི་བྱེད་ཐབས་ཡག་པོ་སྤྱད་དེ་བྱ་གཞག་ཁག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་གཅིག་མཐུན་བྱུང་བ་རེད། སྒྱུར་བཅོས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་སྐུལ་མ་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པ། སྒྱུར་བཅོས་ལ་བརྟེན་ནས་མཐའ་མཚམས་མི་རིགས་ས་ཁུལ་གྱི་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་ལ་བརྟེན་ནས་སྣོད་བཅུད་ཀྱི་རྩ་བ་ཟབ་མོ་བཙུགས་ནས་སྣོད་བཅུད་ཤེས་དཔལ་གྱི་རུ་སྣེ་ཁྲིད་མཁན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བར་རྣམ་པ་གསར་པ་མངོན་པར་བྱེད་དགོས། སྒྱུར་བཅོས་ལ་བརྟེན་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ཁྱབ་འགྱེད་ལྟེ་གནས་འཛུགས་སྐྲུན་ལ་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། བསྒྱུར་བཅོས་ལ་བརྟེན་ནས་དམངས་འཚོའི་བདེ་སྐྱིད་ཆེ་རུ་བཏང་སྟེ་“ཡུན་ནན་གྱི་འཚོ་བ་ཟེར་བ་ཞིག་ཡོད་”ལ་སྐུལ་འདེད་བཏང་ནས་གཤིས་རྒྱུད་གསར་པ་མངོན་པར་བྱེད་དགོས། བསྒྱུར་བཅོས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་སྐྱེ་ཁམས་ལ་རྣམ་པ་གསར་པ་ཐོན་པར་སྐུལ་འདེད་གཏོང་དགོས། ད་ལྟའི་ཡུན་ནན་དུ་དཔལ་འབྱོར་དར་རྒྱས་དང་། སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་མཛེས་སྡུག་ལྡན་པ། སྒོ་འབྱེད་ཡར་བརྩོན། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ཁམས་བཟང་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་སྔར་ལས་ལྷག་པར་བྱེད་པར་ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ།ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་ལ་འཁེལ་བ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་དང་། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། བདེན་འཚོལ་དོན་གཉེར་བཅས་མཐའ་འཁྱོངས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་སྔར་ལས་ལྷག་པར་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་སྐུལ་སློང་དང་ཇེ་ཆེར་གཏོང་བ། “3815”འཐབ་ཇུས་ཀྱི་འཕེལ་རྒྱས་དམིགས་འབེན་གཏན་འཁེལ་བཅས་བྱས་ཏེ། དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཀྱིས་སྣེ་ཁྲིད་པ་དང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་འདེད་དང་མི་དམངས་ཀྱི་བདེ་སྐྱིད་ཇེ་ཆེར་གཏོང་རྒྱུ་འགོ་རྩོམ་ས་དང་རྐང་འཛུགས་སར་བྱེད་པ། “དཔལ་འབྱོར་ཆེན་པོ་གསུམ་”ཐབས་ལམ་གལ་ཆེན་དུ་འཛིན་པ་དང་། “དམ་འཛིན་ཆེན་པོ་དྲུག་”དམ་འཛིན་བྱ་གཞི་བྱེ་བྲག་ཏུ་འཛིན་པ། ལོ་གསུམ་གྱི་བྱ་སྤྱོད་རབ་དང་རིམ་པ་ལས་ཀའི་གཞི་རྟེན་དུ་འཛིན་པ། “གསར་བརྗེ་ཐེངས་གཉིས་”ཟབ་སྤེལ་བྱ་རྒྱུ་སྤྱོད་ཚུལ་གྱི་འགན་སྲུང་དུ་འཛིན་པ་བཅས་བྱས་ཏེ་རྒྱུད་རིམ་ལྡན་པའི་ཕྱོགས་བསྡུས་ལ་སྔར་བས་མཐོང་ཆེན་དང་། གཙོ་གནད་འབུར་ཐོན། བསྒྱུར་བཅོས་ཀྱི་ཕན་འབྲས་དངོས་ལ་སྔར་བས་མཐོང་ཆེན། སྤུས་ཚད་མཐོ་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡུན་ནན་ལེའུ་ཡག་པོ་རྩོམ་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། རང་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་སྔར་ལས་ལྷག་པར་གཏོང་བའི་དམིགས་འབེན་ནི། 2035ལོར་སླེབས་སྐབས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། མཐའ་མཚམས་མི་རིགས་ས་ཁུལ་བཅོས་སྐྱོང་བྱེད་ནུས་མངོན་གསལ་ཆེ་རུ་གཏོང་བ། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རུ་སྣེ་ཁྲིད་མཁན། ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ཤར་ལྷོའི་ཁྱབ་འགྱེད་ལྟེ་གནས་བཅས་འཛུགས་སྐྲུན་བྱེད་པར་འཕེལ་རྒྱས་ཆེན་པོ་བྱུང་ནས།རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་དགོས། 2029་ལོར་སླེབས་དུས་བསམ་འཆར་འདིའི་ནང་བཏོན་པའི་བསྒྱུར་བཅོས་ཀྱི་ལས་འགན་ལེགས་འགྲུབ་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་《བསམ་འཆར་》ནང་རང་ཞིང་ཆེན་གྱིས་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་སྤེལ་སྔར་ལས་ལྷག་པར་བྱེད་པར་རྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། གཅིག་ནི་དཔལ་འབྱོར་ཁྱབ་ཁོངས་ཀྱི་སྒྱུར་བཅོས་འགག་སྒྲོལ་ཆེན་པོ་བཅུ་ལག་བསྟར་བྱས་ཏེ་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་མགྱོགས་སུ་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནི་དཔལ་འབྱོར་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ཡུལ་བབ་དང་བསྟུན་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་སྟེ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་ཤུགས་ཆེན་གཏོང་དགོས། གསུམ་ནི་སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་མི་སྣའི་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་ཟབ་སྤེལ་དང་། ཚན་སློབ་ལ་བརྟེན་ནས་ཡུན་ནན་དར་རྒྱས་གཏོང་བ་དང་ཤེས་ལྡན་མི་སྣར་བརྟེན་ནས་ཡུན་ནན་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས།གསར་གཏོད་ཅན་གྱི་ཡུན་ནན་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། བཞི་ནི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། བཟོ་ལས་ཅན་གསར་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་བཅས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། ལྔ་ནི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་སྒྲིག་སྲོལ་གསར་པ་འཛུགས་སྐྱོང་བྱས་ཏེ་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ཁྱབ་འགྱེད་ལྟེ་གནས་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། དྲུག་ནི་མཐའ་མཚམས་མི་རིགས་ས་ཁུལ་གྱི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། བདུན་ནི་རིག་གནས་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་དང་། རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སློང་བཏང་ནས། རིག་གནས་ལ་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་འདེད་བཅས་བྱ་དགོས། བརྒྱད་ནི་དམངས་འཚོ་འགན་ལེན་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་སྤེལ་བཏང་ནས་ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མི་དམངས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དགུ་ནི་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་དང་། སྲུང་སྐྱོང་སྔོན་ལ་འཇོག་པ་དང་། སྦགས་བཙོག་བཅོས་སྐྱོང་གཙོ་བོར་འཛིན་པ། ལྗང་མདོག་རྒྱ་སྐྱེད་རྨང་གཞིར་འཛིན་པ། རིགས་བསྒྱུར་གཙོ་བོར་འཛིན་པ། འཕེལ་རྒྱས་རྩ་བར་འཛིན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རུ་སྣེ་ཁྲིད་མཁན་འཛིན་པར་བརྩོན་ལེན་བྱེད་དགོས། བཅུ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མཐའ་མཚམས་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། སྐྱེ་ཁམས་བདེ་འཇགས། དཔལ་འབྱོར་བརྟན་ལྷིང་། མི་དམངས་བདེ་ཐང་བཅས་ཡོང་བར་སྐུལ་འདེད་བཏང་སྟེ་མེས་རྒྱལ་ལྷོ་ནུབ་ཀྱི་བདེ་འཇགས་དང་བརྟན་ལྷིང་སྲུང་ཡོལ་བརྟན་པོ་འཛུགས་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་གནང་དོན། བསྒྱུར་བཅོས་ཡང་བསྐྱར་འགོ་རྩོམ་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། དམིགས་བྱའི་ཀྲུང་དབྱང་གི་བླང་བྱར་དམིགས་པ་དང་། ཡུན་ནན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཤུགས་རྒྱག་ས་དང་འགག་གནད་སྒྲོལ་ས་གནད་ལ་འཁེལ་བར་འཚོལ་བ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་འགལ་བ་གཙོ་བོ་ཐག་གཅོད་བྱེད་པ། འགག་གནད་སྒྲོལ་ས་གཤོང་བ་བཅས་བྱས་ནས་ཁྱོན་ཡོངས་ལ་སྐུལ་སློང་བྱ་དགོས། དུས་ཚོད་དམ་འཛིན་ཡག་པོ་བྱས་ཏེ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམ་འཛིན་བྱེད་པ་དང་འགག་རྩ་གཅིག་སྡུད་ཐོག་སྒྲོལ་བ་བྱས་ཏེ་གཙོ་གནད་འགག་སྒྲོལ་དང་སྤྱི་ཡོངས་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བྱེད་པ་དང་གསར་གཏོད་ལ་བརྟེན་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་མདུན་སྣེ་དམ་འཛིན་དང་། བར་སྣེ་སྐུལ་འདེད། རྗེས་སྣེ་སྐུལ་འདེད་བཅས་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱི་ལྕགས་ཐག་ཧྲིལ་པོར་མཐུད་པའི་ཐད་འགག་སྒྲོལ་གསར་པ་ཡོང་བ་བྱེད་དགོས། ཐོན་ལས་ལེགས་སྒྱུར་རིམ་སྤར་ལ་དམིགས་ནས་བསྒྱུར་བཅོས་ཟབ་སྤེལ་དང་།སྲིད་ཇུས་དང་ཐོན་ཁུངས་གཅིག་བསྡུས་ཀྱིས་ཐོན་ལས་སྐྱེད་སྲིང་། ཁྱུ་དང་ཁྱུ་བྱས་ཏེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་འགག་སྒྲོལ་གསར་པ་ཡོང་བ་བྱེད་དགོས། ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱ་རྒྱུར་དམིགས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་“གཡོ་འགུལ་སྤུ་ཙམ་ཡང་མེད་པ་གཉིས་”དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་དམངས་གཉེར་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས། རིག་གནས་ཡུལ་སྐོར་ཐོན་ལས་རིམ་སྤོར་ལ་དམིགས་ནས་བསྒྱུར་བཅོས་གཟབ་སྤེལ་གཏོང་བ་དང་རིག་གནས་ཡུལ་སྐོར་ཐོན་ལས་རིམ་སྤོར་པར་གཞི་བཏོད་དེ་འཛད་སྤྱོད་ཀྱི་རྣམ་པ་གསར་པ་དང་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་པའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས། འཁོར་རྒྱུག་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བར་དམིགས་ནས་བསྒྱུར་བཅོས་ཟབ་སྤེལ་དང་། ཞིང་ཆེན་ཡོངས་ཀྱི་དངོས་ཟོག་སྐྱེལ་འདྲེན་མ་ལག་ལེགས་འགྱུར་དང་བསྐྱར་འཛུགས་བྱས་ཏེ། དངོས་ཟོག་སྐྱེལ་འདྲེན་གྱིས་ཉོ་ཚོང་ལ་སྐུལ་ཁྲིད་བྱས་ནས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་ཐད་འགག་སྒྲོལ་གསར་པ་ཡོང་བ་བྱེད་དགོས། ཞབས་ཞུ་མཁོ་སྤྲོད་བྱེད་ནུས་ཆེ་རུ་གཏོང་བར་དམིགས་ནས་བསྒྱུར་བཅོས་ཟབ་སྤེལ་དང་། ཐོན་ལས་འཕྲིན་སྦྲེལ་དྲ་བའི་ལས་སྟེགས་དང་ཐོན་ལས་ཐེབས་རྩ་འཕེལ་རྒྱས་ཧུར་ཐག་བཏང་ནས་དེང་རབས་ཀྱི་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་རྒྱ་སྐྱེད་གཏོང་བའི་ཐད་འགག་སྒྲོལ་གསར་པ་ཡོང་བ་བྱེད་དགོས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་དམིགས་ནས་སྒྱུར་བཅོས་ཟབ་སྤེལ་བཏང་སྟེ་ལྗང་མདོག་གློག་དང་། ནགས་ལས། ཐཱན་འདུས་སོགས་ཀྱི་རྩོམ་ཡིག་ཡག་པོ་བྲིས་ནས་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རིར་འགྱུར་བར་སྐུལ་འདེད་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས། དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས་སྒྱུར་བཅོས་ཟབ་སྤེལ་བཏང་སྟེ་འབབ་འཕར་དང་། ལས་ཞུགས། སློབ་གསོ། སྨན་བཅོས། “རྒན་གྲས་གཅིག་དང་ཆུང་གྲས་གཅིག་”ལ་གཅེས་སྐྱོང་བྱེད་པའི་ལས་དོན་དམ་འཛིན་ཏན་ཏིག་བྱས་ཏེ་གཅོད་ཁ་ཆུང་ངུར་བརྟེན་ནས་དམངས་འཚོའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས་སྒྱུར་བཅོས་ཟབ་སྤེལ་བཏང་སྟེ་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མཐའ་མཚམས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་གནང་དོན།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་གཏོང་བའི་རྩ་བའི་གཞི་འཛིན་ས་ཞིག་ཡིན་པས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་།ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་རྩ་བའི་འགན་ལེན་ཡིན་པས་ངེས་པར་དུ་ཏང་གིས་ཁ་ཕྱོགས་དང་། ཁྱོན་ཡོངས་དོན་གཉེར། སྲིད་ཇུས་གཏན་འཁེལ། བསྒྱུར་བཅོས་ལ་སྐུལ་འདེད་བཅས་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་འགོ་འཛུགས་ས་དང་རྐང་འཛུགས་ས་ཞིག་ཡིན་པས་ངེས་པར་དུ་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་དང་རེ་སྒུག་གི་གནད་དོན་རྒྱུན་མཐུད་ངང་ཐག་གཅོད་ཡག་པོ་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ན་ཟུག་ལ་ཐད་ཀར་ཞིབ་འཇུག་དང་འགག་གནད་ཐད་ཀར་ཐག་གཅོད་བྱེད་དགོས། གསར་གཏོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་ཕོད་པ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་ནང་གནས་ཀྱི་བླང་བྱ་ཞིག་ཡིན་པས་ངེས་པར་དུ་རང་འགུལ་ངང་འགྱུར་ལྡོག་ལ་བསམ་བློ་གཏོང་བ་དང་འགྱུར་ལྡོག་དོན་གཉེར་བྱས་ཏེ་སྒྱུར་བཅོས་འགག་སྒྲོལ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། ཞིང་ཆེན་ཡོངས་ཀྱི་ཏང་ཨུ་(ཏང་ཙུའུ་)རིམ་པ་ཁག་གིས་འགན་འཁྲི་ཁ་གསལ་དང་། འབྲེལ་ཐག་ཆ་ཚང་། གཅིག་ལ་གཅིག་འབྲེལ་བཅས་ཀྱི་བསྒྱུར་བཅོས་སྐུལ་འདེད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། བསྒྱུར་བཅོས་ཀྱི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱེད་དགོས། རིམ་ཁག་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་“ཨར་ལས་རུ་དཔོན་”ཡག་པོ་བྱས་ཏེ་སྣེ་ཁྲིད་དེ་ཁུར་པོ་ལྕི་ཤོས་འཁུར་བ་དང་རུས་པ་མཁྲེགས་ཤོས་འཆའ་བ་བྱས་ནས་སྒྱུར་བཅོས་ཀྱི་སྐུལ་འདེད་པ་དང་དངོས་སྒྲུབ་པ་ཞིག་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་གནང་དོན།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་སྒུལ་ཤུགས་སུ་བྱས་ཏེ་ལོ་སྨད་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་རྒྱུན་འཁྱོངས་གང་ཐུབ་བྱས་ནས་འཕར་སྣོན་བརྟན་པོ་ཡོང་བ་བྱ་རྒྱུ་དེ་སྔར་ལས་མངོན་གསལ་ཆེ་བའི་གནས་སུ་འཇོག་པ་དང་།བསྒྱུར་བཅོས་ཀྱི་གནས་བབ་དང་བསྟུན་པ་དང་བསྒྱུར་བཅོས་ཀྱི་སྟོབས་ཤུགས་བཟུང་ནས་དཔལ་འབྱོར་རིགས་སྒྱུར་རིམ་སྤར་ཇེ་མགྱོགས་སུ་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་ཡག་པོ་བྱ་རྒྱུར་ཤུགས་བརྒྱབ་ནས་གཞི་རིམ་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྒྲིག་སྲོལ་རང་བཞིན་གྱི་དབུལ་ཕོངས་བསྐྱར་ལོག་མི་འབྱུང་བའི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་སྲུང་བ་བཅས་བྱེད་དགོས། ས་གནས་དེ་ག་དང་ཐག་ཉེ་སར་ལས་ཞུགས་བྱ་རྒྱུར་དམ་འཛིན་ཤུགས་ཆེན་བྱས་ཏེ་རང་ཁྱིམ་གྱི་སྒོ་འགྲམ་གྱི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་སྒྲིག་འཛུགས་བྱས་ནས་མང་ཚོགས་ལ་ཡོང་འབབ་གསོག་པ་དང་ཁྱིམ་ཚང་ལ་ལྟ་རྟོག་གཉིས་ཀ་འཐུས་ཤོར་མི་འགྲོ་བ་བྱེད་དགོས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་གང་ཐུབ་བྱས་ནས་སྦགས་བཙོག་ཐེབས་པའི་དངུལ་ཇི་ཙམ་མང་ཡང་ཁེ་བཟང་མི་རག་པ་དང་། སྦགས་བཙོག་ཐེབས་པའི་རྣམ་གྲངས་ཇི་ཙམ་ཆེ་ཡང་མི་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་བརྗོད་བྱ་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་བཏང་ནས་གཞི་རིམ་གྱི་ཁུར་པོ་རྒྱུན་མཐུད་ངང་ཡང་དུ་གཏོང་བ་དང་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་གནང་དོན།བཀོད་སྒྲིག་གཅིག་དང་དོན་འཁྱོལ་དགུ “རང་འགུལ་གྱིས་བསམ་བློ་གཏོང་བ་”དང་། “དངོས་དོན་སྒྲུབ་པ།”“ཕན་འབྲས་ལ་ལྟ་བ་”བཅས་ཀྱི་ལས་དོན་དམ་འཛིན་བྱེད་པ་དང་། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་བསྒྱུར་བཅོས་ཀྱི་ལས་འགན་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ལས་ཀའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། “རང་འགུལ་ངང་བསམ་བློ་གཏོང་བ་”དེ་གོམ་སྟབས་དང་པོར་བརྩིས་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་། བསམ་ཕྱོགས་ལ་བསམ་བློ་གཏོང་བ། བྱ་ཐབས་ལ་བསམ་བློ་གཏོང་བ་བཅས་བྱས་ཏེ་ལས་ཀའི་ཇུས་འགོད་རང་བཞིན་དང་། དམིགས་སའི་རང་བཞིན། རང་འགུལ་རང་བཞིན་བཅས་ཆེ་རུ་གཏོང་དགོས། “དོན་དངོས་སྒྲུབ་པ”བྱ་རྒྱུ་དེ་འགག་རྩར་བརྩིས་ནས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ་དོན་དངོས་སྒྲུབ་པ་དང་། དཀའ་གནད་སྒྲུབ་པ། འཐབ་ཕྱོགས་དང་པོར་ལས་ཀ་བྱེད་པ་བཅས་བྱ་དགོས།“ཕན་འབྲས་ལ་ལྟ་བ་”དེ་མཐར་ཐུག་གི་དམིགས་ཡུལ་དུ་བཟུང་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བཅས་ཀྱི་ཁྲོད་ནས་ཕན་འབྲས་ལ་ལྟ་བ་དང་། གྲུབ་འབྲས་དངོས་དང་ཕན་འབྲས་དངོས་ལ་བརྟེན་ནས་བསྒྱུར་བཅོས་ཀྱི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་བསམ་བློར་བཅིངས་འགྲོལ་དང་།དུས་བསྟུན་མདུན་སྐྱོད། དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ་དང་གསར་གཏོད་ཡར་བརྩོན་བཅས་བྱས་ནས།རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་གཏོང་བ་དང་“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡུན་ནན་གྱི་ལེའུ་ཡག་པོ་རྩོམ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་སྐུལ་སློང་བྱེད།