རང་ཁུལ་གྱིས་བཅའ་སྡོད་དཔུང་སྡེར་འཚམས་འདྲི་དང་གཉིས་བཀུར་བརྗོད་བྱ་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-08-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        

    

        ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ97འཁོར་བའི་མཚམས་སུ་ཟླ7ཚེས31ཉིན་ཁུལ་ཨུའི་ཧྲུའུ་ཅིའམ་བདེ་ཆེན་ཡན་ལག་དམག་ཁུལ་ཁང་ཏང་ཨུའི་ཧྲུའུ་ཅི་དང་པོ་ལུའོ་ཁྲའོ་ཧྥེང་གིས་ཁུལ་རིམ་པའི་ཚན་ཁག་བཞིའི་འགོ་ཁྲིད་ཀྱི་སྣེ་ཁྲིད་དེ་བདེ་ཆེན་དུ་བཅའ་སྡོད་དཔུང་སྡེ་དང་སྦྱོང་བརྡར་རུ་ཁག་གི་དཔོན་དམག་ལ་འཚམས་འདྲི་གནང་བ་དང་འབྲེལ་བདེ་ཆེན་ཁུལ་གྱིས་དམག་བཙུགས་ནས་ལོ97འཁོར་བར་རྟེན་འབྲེལ་ཞུ་བ་དང་གཉིས་བཀུར་རིག་རྩལ་འཁྲབ་སྟོན་བྱེད་སྒོར་ཞུགས་ནས་དཔོན་དམག་ཡོངས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

ལུའོ་ཁྲའོ་ཧྥེང་གིས་ཤིས་ཚིག་གསུངས་པ།

ཀྲང་ཝེ་ཏུང་གིས་གཙོ་སྐྱོང་གནང་བ།

        ལུའོ་ཁྲའོ་ཧྥེང་གིས་ཤིས་ཚིག་གསུང་སྐབས་དང་ཐོག་ཁུལ་ཨུ་དང་། ཁུལ་མི་དམངས་འཐུས་ཚོགས། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་བཅས་ཀྱི་ཚབ་ཞུས་ནས་རྒྱ་ཆེའི་དཔོན་དམག་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་རེད། ཁུལ་ཡོངས་ཀྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་དང་དམག་དཔུང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དང་ཁྱིམ་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུ་བ། ཁོང་གིས་ད་ལོ་ཤར་ཚུན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ནུས་ལྡན་འོག་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་ཞིང་ཨུའི་“3815་”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ་བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་གསུངས་པ་རེད།

        ལུའོ་ཁྲའོ་ཧྥེང་གིས་ད་ལོ་ནི་ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་75འཁོར་བའི་ལོ་ཞིག་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་དམག་དཔུང་འཛུགས་སྐྱོང་བྱེད་པའི་ལོ་བརྒྱའི་འབད་འཐབ་དམིགས་ཚད་དང་ནུས་ཤུགས་ཡོད་རྒུས་རྒྱལ་སྲུང་སྐུལ་སློང་གི་འདེགས་སྐྱོར་ལ་བརྟེན་ནས་རྒྱལ་ཁ་ལེན་པའི་ནུས་པ་ཆེ་རུ་གཏོང་བའི་ལོ་གལ་ཆེན་ཞིག་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ནང་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་སྤེལ་དང་ཀྲུང་གོའི་རྣམ་པ་ལྡན་པའི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་སྔར་ལས་ལྷག་པར་གཏོང་བའི་བརྗིད་ཉམས་ལྡན་པའི་འཆར་གཞི་བཀོད་ཡོད་པ་དང་། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་བསྒྱུར་བཅོས་ཟབ་སྤེལ་ཇི་ལྟར་བྱས་ནས་ཀྲུང་གོའི་རྣམ་པ་ལྡན་པའི་དེང་རབས་ཅན་མངོན་འགྱུར་བྱེད་པའི་ཡུན་ནན་གྱི་ལག་ལེན་ལ་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད། བདེ་ཆེན་དུ་བཅའ་སྡོད་དཔུང་སྡེས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་དེ་བཞིན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་དམག་སྦྱོང་དང་དམག་གྲབས་ལ་ཤུགས་སྣོན་རྒྱག་པ་དང་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་ཆེ་རུ་བཏང་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཆེད་བཅའ་སྡོད་དཔུང་སྡེས་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“དམག་ཞབས་ཐིམ་པའི་དམག་མི་བསྡུ་ལེན་བཀོད་སྒྲིག་ཡག་པོ་དང་། ཞབས་ཞུ་འགན་ལེན་ཡག་པོ། སློབ་གསོ་དོ་དམ་ཡག་པོ། ནུས་པ་འདོན་སྤེལ་ཡག་པོ། ཁེ་དབང་སྲུང་སྐྱོང་ཡག་པོ་”བཅས་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྔར་རྒྱུན་བཞིན་བཅའ་སྡོད་དཔུང་སྡེའི་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། སེམས་རྣལ་དུ་ཕབ་ནས་དམག་མི་དང་དམག་མིའི་ཁྱིམ་མིའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་པ། དམག་དཔུང་དང་ས་གནས་ཕྱོགས་གཉིས་པོའི་“དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་”བཅས་ཀྱི་གཉིས་བཀུར་ལེའུ་གསར་པ་མཉམ་དུ་རྩོམ་དགོས་ཞེས་གསུངས་པ་རེད།

        རིག་རྩལ་བྱེད་སྒོའི་ནང་《མ་ཡུམ》《ཏང་ལ་བསྟོད་གླུ་ལེན》སོགས་བརྩེ་སེམས་ཟབ་མོ་ལྡན་པའི་གླུ་གར་འཁྲབ་སྟོན་བྱས་པ་དེ་ཐོག་ནས་ས་མཐོའི་བུ་ཕྲུག་ཚོས་བདེ་ཆེན་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ལ་དགའ་ཞེན་ཚད་མེད་དང་གུས་བཀུར་ཞུ་ལུགས་མཚོན་པ་དང་། བདེ་ཆེན་དུ་བཅའ་སྡོད་དཔུང་སྡེས་འཁྲབ་པའི་《དུས་རབས་གསར་པའི་སྟོབས་ཤུགས》《ངའི་ལང་ཚོ་ཁྱེད་ཀྱིས་མི་ཤེས》སོགས་གླུ་གར་འཁྲབ་སྟོན་ལས་ཉམས་སད་ཐེག་ཐུབ་པའི་དམག་དོན་གྱི་འཇོན་ཐང་དང་ཉམས་འགྱུར་མངོན་པ་དང་ངོ་མཚར་ཆེ་བའི་འཁྲབ་སྟོན་ལ་ས་གནས་ས་ཐོག་གི་ལྟད་མོ་བའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།

        རང་ཁུལ་གྱི་འགོ་ཁྲིད་ཧྥེ་པིན་ཆང་དང་། ཞའོ་ཞུས། ཡུས་ཀུའེ་ཧྥུན། ཧྲི་ཁྲུན་མིང་། དབྱང་ཁྲེང་ལིའང་། ཀྲོང་ཞའོ་ཕིང་སོགས་དང་དེ་བཞིན་བདེ་ཆེན་དུ་དཔུང་སྡེའི་འགོ་ཁྲིད་དང་། དཔོན་དམག དམག་མིའི་ཁྱིམ་མིའི་འཐུས་མི་བཅས་བྱེད་སྒོར་ཞུགས་ཡོད།