བདེ་ཆེན་གྱི་བེ་ཤའི་རི་སྟེང་གི་"དམར་པོ་སྲུང་མཁན"།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-08-01   རྩོམ་ཁུངས།    ཡུན་ནན་དྲ་བ།

    བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཆར་དུས་ནི་རི་སྐྱེས་ཤ་མོ་དགའ་པོ་བྱེད་མཁན་གྱི་དུས་ཚིགས་ཤིག་ཡིན་ལ་གྲོང་མིས་རེ་སྒུག་ཆེ་ཤོས་བྱེད་པའི་དུས་ཚིགས་ཤིག་དེ་བས་ཀྱང་ཡིན། བེ་ཤ་ནི་བདེ་ཆེན་གྱི་ཁྱད་ལྡན་ཐོན་ལས་ཞིག་ཡིན་པའི་ཆ་ནས་ཞིང་པར་རྒྱུན་མཐུད་དང་བརྟན་པོའི་ངང་འབབ་འཕར་ཡོང་རྒྱུར་འདེགས་སྐྱོར་གལ་ཆེན་བྱས་པ་མ་ཟད་གྲོང་གསེབ་དར་རྒྱས་ལ་སྒུལ་ནུས་གསར་པའང་བསྣན་ཡོད། བེ་ཤ་འཐུ་རིང་གི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་ཆེད་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུའོ་ཅི་ཤང་གིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བེ་ཤ་འཐུ་ཡུལ་གྱི་ཁྱབ་ཚུལ་དང་ཟུང་འབྲེལ་གྱིས་ཡུལ་བབ་དང་བསྟུན་ནས་གནས་སྐབས་ཏང་ཀྲི་པུའུ་3བཙུགས་ཏེ་ངོ་ཐུག་གདོང་འཕྲད་དང་སེམས་པ་གཅིག་ཏུ་སྦྲེལ་ནས་བེ་ཤ་འཐུ་མཁན་མང་ཚོགས་ལ་ཞབས་འདེགས་ཞུས་པ་རེད།

图片

བེ་ཤ།

    སློབ་སྦྱོང་དང་སྒྲོག་འགྲེལ་གྱི་"མཐའ་མའི་སྤྱི་ལེ་གཅིག་"ཤར་གཏོང་ཐུབ་ཆེད་གནས་སྐབས་ཏང་ཀྲི་པུའུ་ཁག་གིས་ཤང་ཏང་ཨུའི་འགོ་ཁྲིད་འོག་རྒྱུན་རྣམ་ཅན་གྱི་དྲིལ་བསྒྲགས་དང་ཁྲིད་སྟོན་བྱས་ཏེ། འཐུ་བསྡུའི་མང་ཚོགས་ཀྱི་ངལ་གསོའི་བར་གསེང་གང་ལེགས་སྤྱད་དེ་མེ་ཐང་ཚོགས་པ་དང་། སྲིད་ཇུས་སྒོ་རྩར་སྐྱེལ་བ་སོགས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་། ཉེན་མེད་ཐོན་སྐྱེད། བཅའ་ཁྲིམས་དང་ཁྲིམས་སྲོལ། བེ་ཤ་སྲུང་སྐྱོང་དང་བེད་སྤྱོད་སོགས་ཀྱི་སྲིད་ཇུས་ཤེས་བྱ་དྲིལ་བསྒྲགས་བྱས་ནས་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ལ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་དང་འབྲེལ་བདེ་འཇགས་ཀྱི་འདུ་ཤེས་དང་། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་སྔར་ལས་ཆེ་རུ་བཏང་ནས་ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་བེ་ཤ་འཐུ་ཐུབ་པར་ཁྲིད་སྟོན་བྱས་པ་རེད། མིག་སྔའི་བར་དུ་ལུའོ་ཅི་ཤང་གིས་རིགས་ཁག་གི་སྒྲོག་འགྲེལ་ཐེངས་39བྱས་པར་མང་ཚོགས་1000ལྷག་ཙམ་ལ་ཁྱབ་ཡོད།
    ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོ་དང་ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་སྒོ་ནས་བེ་ཤ་འཐུ་མཁན་མང་ཚོགས་ལ་ཞབས་ཞུ་དང་འགན་ལེན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་ཆེད་ལུའོ་ཅི་ཤང་གིས་གནས་སྐབས་ཏང་ཀྲི་པུའུ་བཙུགས་པའི་རྨང་གཞིའི་ཐོག་དོ་དམ་ཁུལ་དང་ཏང་ཡོན་གྱི་དྲ་མིག་དབྱེ་བ་དང་། "་ཡུག་ཁུལ་+དྲ་མིག་"་གི་རྣམ་པར་བརྟེན་ནས་བེ་ཤ་རི་བོའི་འཐབ་ཕྱོགས་དང་པོའི་ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུར་སྐུལ་ཁྲིད་བྱས་ཏེ་མང་ཚོགས་ཀྱིས་བསམ་བློ་གཏོང་ས་དང་སེམས་ཁྲལ་བྱེད་ས་དང་རེ་སྒུག་བྱེད་པའི་གནད་དོན་དུས་ཐོག་ཏུ་འཚོལ་བསྡུ་དང་ཚུར་ལན་བྱེད་པ་མ་ཟད། དྲ་མིག་མི་སྣ་-ཏང་ཚོགས་ཆུང་-གནས་སྐབས་ཏང་ཀྲི་པུའུ་-ཤང་ཏང་ཨུའི་འདུམ་འགྲིག་ཞབས་ཞུའི་ལམ་སྲོལ་ལ་བརྟེན་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་དང་སྲིད་ཇུས་དང་ཞབས་ཞུ་སྐྱེལ་རོགས་བྱས་ཏེ་རི་སྟེང་དུ་བདེ་འཇགས་དང་གོ་རིམ་ལྡན་པ་དང་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་ཡང་བྱས་པ་རེད།

图片

སྒྲོག་འགྲེལ་བྱེད་སྒོ་སྤེལ་བཞིན་པ།

    གནས་སྐབས་ཏང་ཀྲི་པུའུ་ཡིས་ཏང་ཡོན་ལ་བེ་ཤ་རི་བོ་སྲུང་སྐྱོང་བྱ་རྒྱུའི་ཁས་ལེན་ཡི་གེར་མིང་རྟགས་འགོད་པ་དང་། བེ་ཤ་ཆུང་ཆུང་སྲུང་སྐྱོང་བརྡ་ཁྱབ་སྦྱར་བ། བེ་ཤ་སྐྱེ་འཚར་གྱི་ཆོས་ཉིད་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཏང་ཡོན་དང་མང་ཚོགས་ལ་བེ་ཤ་ཐོན་ཁུངས་སྲུང་སྐྱོང་བྱ་རྒྱུའི་ཁྲིད་སྟོན་བྱས་པ་དང་། གྲོང་མི་རྣམས་ལ་ཕན་ཚུན་ལྟ་སྐུལ་དང་ཁ་ཏ་བསླབ་བྱ་བྱས་ནས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་ཞེས་པའི་འདུ་ཤེས་འཛུགས་པ་དང་ལག་ལེན་བསྟར་ནས་ཐུན་མོང་ཐོག་ཚང་མར་འབབ་འཕར་ཕྱུག་འགྱུར་ཡོང་བའི་བེ་ཤ་ཐོན་ཁུངས་སྲུང་སྐྱོང་ཡག་པོ་བྱེད་པའི་སྐུལ་མ་གཏོང་བ་དང་། གནས་སྐབས་ཏང་ཀྲི་པུའི་ལས་དོན་མི་སྣས་ད་དུང་བེ་ཤ་ཁྲོམ་རའི་རིན་གོང་ལ་དུས་ཐོག་ཏུ་དོ་ཁུར་བྱས་ཏེ་མཉམ་ལས་ཁང་དང་ཉོ་སྒྲུབ་ཕྱོགས་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་གྲོང་མིར་བེ་ཤ་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རོགས་བྱས་པ་རེད།
    གྲོང་མི་རི་ཁྲོད་དུ་སྐྱོད་རིང་གི་ཞག་སྡོད་དང་བཟའ་བཏུང་གི་གནད་དོན་ལ་གཞི་ཚུགས་ཏེ་གནས་སྐབས་ཏང་ཀྲི་པུས་གཞུང་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་དང་འཐུང་ཆུ་གཙང་མ་དང་གནས་སྐབས་སྡོད་ས་སོགས་ཀྱི་ཞབས་ཞུའི་འགན་ལེན་ནུས་ཤུགས་ཡོད་རྒུས་ཡག་པོ་བྱས་པ་དང་གནས་སྐབས་ཀྱི་"ཚོང་ཁང་ཆུང་ཆུང་"གི་ཞབས་ཞུའི་ས་ཚིགས་བཙུགས་ནས་མང་ཚོགས་ལ་དགོས་ངེས་ཀྱི་དངོས་ཟོག་འགན་ལེན་བྱས་པ་དང་། གནས་སྐབས་ཏང་ཀྲི་པུས་ད་དུང་རྒྱུན་རྣམ་ཅན་གྱི་སྒོ་ནས་བེ་ཤ་འཐུ་བའི་བརྒྱུད་རིམ་ཁྲོད་ཀྱི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་གྲལ་བཤེར་དང་གསེད་བཀྲོལ་བྱས་ཏེ་འཕྲལ་སྡོམ་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་རྟག་ཏུ་མང་ཚོགས་དང་སྤེལ་རེས་དང་སྙིང་གཏམ་ཤོད་རེས་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་གྲོང་མིའི་ལུས་སེམས་ཀྱི་གནས་ཚུལ་ལ་དོ་ཁུར་བྱས་ཏེ་གྲོང་མི་ཕན་ཚུན་རོགས་རམ་དང་མཐུན་སྒྲིལ་རོགས་ལས་བྱ་རྒྱུར་སྐུལ་མ་བཏང་ནས་བར་ཐག་མེད་པ་དང་སེམས་པ་གཅིག་ཏུ་སྦྲེལ་བའི་"དཀའ་ཚེགས་སྟོན་གྲངས་"ལ་བརྟེན་ནས་མང་ཚོགས་ཀྱི་"བློ་ཡིད་ཚིམ་པའི་སྟོན་གྲངས་"ལ་བརྗེ་གང་ཐུབ་བྱས་པ་རེད།