ཆར་རྗེས་ཀྱི་སེམས་ཀྱི་ཉི་ཟླ་ནི་མཛེས་པའི་རི་མོ་ཞིག་དང་འདྲ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-08-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    གྲོང་ཚོ་དང་། ཞིང་ར།    རྩྭ་ཐང་།    རི་ཐང་བཅས་ཆར་ཟིམ་གྱིས་བཞའ་སིམ་བྱས་པ་ན་ས་གཞི་ཆེན་པོ་ནི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རི་མོ་ཞིག་དང་མཚུངས།   ཞིང་ནང་དུ་འབྲུ་དྲུག་སྙེ་མ་མགོ་ལྕོལ་ལྡེམ་ལྡེམ་དུ་གཡོ་བ་དེས་ལོ་ལེགས་བྱུང་བའི་སྤྲོ་སྣང་མཚོན་པ་དང་།ཞོག་ཁོག་མེ་ཏོག་ནམ་མཁའི་སྐར་ཚོགས་བཞིན་རྣམ་པར་བཀྲ་བ་འདིས་ས་གཞི་འདིར་སྐྱེ་སྟོབས་དང་འཆར་ཡན་ཞིག་བསྣན་ཡོད།ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་སྟེང་དུ་རི་སྐྱེས་མེ་ཏོག་སྣ་ཚོགས་གང་སར་ཁྱབ་ཡོད་པ་དང་།རྟ་ནོར་ལུག་གསུམ་བག་ཕེབས་ངང་རྩྭ་ལ་རོལ་བཞིན་ཡོད་ལ།དེ་དག་གིས་ཀྱང་ཆར་རྗེས་ཀྱི་དྭངས་གཙང་དང་ལྷིང་འཇགས་ལོངས་སུ་སྤྱོད་བཞིན་ཡོད་པ་འདྲ།