སྒྱུར་བཅོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།—བདེ་ཆེན་ཁུལ་གྱི་ཏང་ཡོན་ལས་བྱེད་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-08-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན་ཞེས་བཏོན་ཡོད།ཉིན་ཤས་རིང་བདེ་ཆེན་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་།གནད་ལ་འཁེལ་བ། ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་པར་བྱེད་དེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་བསྐྲུན་ནས་བདེ་ཆེན་ཁུལ་གྱི་རིག་གནས་ཡུལ་སྐོར་དང་ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས། ལྗང་མདོག་ནུས་རྒྱུ། ལྗང་མདོག་གཏེར་ལས་བཅས་གཙོ་ཁྲིད་ཐོན་ལས་ཆེན་པོ་བཞིར་གཞི་ཚུགས་ཏེ་ཡུལ་བབ་དང་བསྟུན་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་འཛུགས་སྐྲུན་བྱ་ཆེད་སྒུལ་ཤུགས་ཆེན་པོ་གསར་པ་བསྣན་ཡོད།

    ཁུལ་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རེན་ཀྲའོ་ཀྲི་ལེས་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ནི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་གཙོ་གནད་ཅིག་ཡིན་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་ཆེད་ཐབས་ལམ་གསལ་པོ་དང་གནད་སྨིན་དོན་འཁྱོལ་བྱས་ཡོད། གོམ་སྟབས་རྗེས་མར་འཕེལ་སྒྱུར་སྡེ་ཚན་གྱིས་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ལ་མཛུབ་ཁྲིད་དང་མཐུན་སྦྱོར་བྱེད་པའི་འགན་འཁྲི་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་ཨུད་ཀྱི“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་གཏན་འཁེལ་བྱས་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཆེ་རུ་གཏོང་བའི་བླང་བྱར་དམིགས་ཏེ་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་། སྤུས་ཀ་ལེགས་སུ་གཏོང་བ། གོ་སྐབས་དམ་འཛིན་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་ཞེས་བཤད་པ་རེད།

    ཁུལ་ཞིང་ལས་དང་གྲོང་གསེབ་ཅུས་ཏང་ཨུའི་ཧྲུའུ་ཅི། ཅུས་ཀྲང་ཀྲོང་ཆུན་ཚའེ་ཡིས་ཁུལ་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཏོན་པའི་འབྲུ་རིགས་བདེ་འཇགས་དང་།ས་ཞིང་ལམ་ལུགས་སྒྱུར་བཅོས། ཞིང་པའི་ཡོང་འབབ་འཕར་སྣོན། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སོགས་ཀྱི་འགག་རྩའི་ཚིག་ལ་དམིགས་ནས་ཞིང་ལས་དང་གྲོང་གསེབ་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཁུལ་བཟོ་ལས་དང་ཆ་འཕྲིན་ཅན་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཅུས་ཀྲང་ཐང་ཧྲི་ཕུང་གིས་ཁུལ་ཡོངས་ཀྱི་བཟོ་འཕྲིན་ཁོངས་གཏོགས་ཀྱིས་བཟོ་ལས་ཅན་གསར་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་《སྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཇུས་འགོད་ནན་ཏན་བྱས་ཏེ་དཔལ་འབྱོར་དམིགས་ཚད་གཙོ་བོ་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་དང་བཀོད་གཏོང་། བཟོ་ལས་རྣམ་གྲངས་ཀྱི་འདེགས་སྐྱོར་སྣེ་ཁྲིད། སྲོལ་རྒྱུན་ཐོན་ལས་ཀྱི་བློ་གྲོས་བསྒྱུར་གྲངས་བསྒྱུར་བ། ཆེད་ལས་ཞིབ་ཚགས་དང་ཁྱད་པར་ཅན་གྱི་ཁེ་ལས་གསར་པ་སྟོབས་ཆེར་འཕེལ་རྒྱས། ཐོན་ལས་ཕྲེང་བ་གཙོ་བོ་གསོ་སྐྱོང་། གླིང་ཁུལ་ཚད་ལྡན་ཅན་དུ་འཛུགས་སྐྲུན་སོགས་ཀྱི་གཙོ་གནད་ལས་དོན་དམ་འཛིན་ཡག་པོ་བྱེད་པ་དང་། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་བསྒྱུར་བཅོས་ཀྱི་ལས་འགན་གལ་ཆེན་ཞིབ་ཕྲ་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་ལ་ནུས་ལྡན་གྱི་བཟོ་འཕྲིན་གྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་བསྟན་པ་རེད།

    ཁུལ་ཚོང་དོན་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི། ཅུས་ཀྲང་ལུང་ཞུང་ལེའང་གིས་ཁུལ་ཚོང་དོན་ཅུས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཚོང་དོན་ལས་དོན་གྱི་“གལ་ཆེན་གསུམ”གྱི་ངེས་གནས་མཐའ་འཁྱོངས་བྱས་ཏེ་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་ཁེ་ལས་ཀྱི་བརྟག་ཞིབ་ལམ་ལུགས་གཏིང་ཟབ་ཏུ་གཏོང་བ། ཁེ་ལས་ཀྱི་ཞབས་ཞུ་ལེགས་སུ་བཏང་ནས་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་ན་ཟུག་དང་འགག་གནད་ཁག་གཅིག་ཐག་གཅོད་བྱེད་དགོས།དེ་དང་ཆབས་ཅིག་ཞིང་ཨུའི“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་དང་“མཐའ་ཚད་སྲུང་བ་དང་།འདེགས་སྐྱོར་བརྟན་པོ།སྒུལ་ཤུགས་ཆེར་གཏོང་།སྐས་རིམ་དུ་སླེབས་པ”བཅས་ཀྱི་དཔལ་འབྱོར་ལས་དོན་གྱི་བླང་བྱར་དམ་པོར་དམིགས་ནས་སྒྱུར་བཅོས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཚོང་དོན་གྱི་སྤུས་ཚད་མཐོ་བའི་སྒྱུར་བཅོས་ཀྱི་བྱ་སྤྱོད་དངོས་དང་ཕན་འབྲས་ལ་བརྟེན་ནས་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཞེས་བསྟན་པ་རེད།

    ཁུལ་ནོར་སྲིད་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅུས་ཀྲང་། ཁུལ་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ཏང་ཨུའི་ཧྲུའུ་ཅི་ཧོ་ཡུས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འཕྲད་པའི་རྣམ་པ་གསར་པ་དང་གནད་དོན་གསར་པར་ཞིབ་ལྟ་ནན་ཏན་བྱས་པ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་གནས་ཚུལ་གསར་པ་དང་འགྲན་སློང་གསར་པར་དཔྱད་བསྡུར་གཏིང་ཟབ་བྱས་ཡོད། ནོར་སྲིད་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་པའི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ནོར་སྲིད་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔོན་འགོག་དང་སེལ་བ། རྣམ་གྲངས་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་བཅོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་སོགས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བཅས་བྱས་ཏེ་དཔལ་འབྱོར་བསྐྱར་འཕར་དང་ལེགས་ཕྱོགས་སུ་འཕེལ་ཚུལ་སྲ་བརྟན་དང་ཇེ་ཆེར་ཏན་ཏིག་གཏོངཆུ་ཚད་མཐོ་བའི་ནོར་སྲིད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱེད་དགོས་ཞེས་བཤད་པ་རེད།