ཞིང་ཆེན་ཨུ་ལྷན་གྱི་སྐོར་ཞིབ་ཚོགས་ཆུང་བརྒྱད་པས་བདེ་ཆེན་ཁུལ་ལ་སྐོར་ཞིབ་བྱེད་པའི་ལས་དོན་སྐུལ་སློང་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-08-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཞིང་ཨུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཟླ་8ཚེས་2ཉིན་ཞིང་ཨུའི་སྐོར་ཞིབ་ཚོགས་ཆུང་བརྒྱད་པས་བདེ་ཆེན་ཁུལ་ལ་སྐོར་ཞིབ་བྱེད་པའི་ལས་དོན་སྐུལ་སློང་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཉིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་གསུང་བཤད་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་ཉེ་བའི་ལོ་ཤས་རིང་སྐོར་ཞིབ་ལས་དོན་ལ་འགོག་རྐྱེན་བཟོ་བའི་དཔེ་མཚོན་གནད་དོན་བརྡ་ཁྱབ་བཏང་བ་དང་། ཞིང་ཆེན་ཏང་ཨུད་སྐོར་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་དབྱང་ཏ་ཆིང་གིས་སྐུལ་སློང་གསུང་བཤད་གནང་ནས་སྐོར་ཞིབ་ལས་དོན་ཏན་ཏིག་སྤེལ་རྒྱུའི་བླང་བྱ་བཏོན་པ་དང་། བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ།
    བདེ་ཆེན་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཏང་ཙུའུ་འགོ་ཁྲིད་ཚན་པའི་ཁོངས་མི། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་འགན་འཁུར་བ་གཙོ་བོ། ཞིང་ཆེན་ཨུད་སྐོར་ཞིབ་ཚོགས་ཆུང་བརྒྱད་པའི་འབྲེལ་ཡོད་མི་སྣ་བཅས་ཚོགས་འདུར་ཞུགས།

བདེ་ཆེན་ཁུལ་གྱི་ཐིང་གཞོན་པ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཞན་དག་དང་། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། ནང་ཁུལ་སྒྲིག་གཞི། མངགས་གཏོང་སྒྲིག་གཞིའི་འགན་འཁུར་བ་གཙོ་བོ། ཁུལ་ཨུད་སྐོར་ཞིབ་གཞུང་དོན་ཁང་དང་སྐོར་ཞིབ་ཚོགས་ཆུང་གི་འགན་འཁུར་བ་གཙོ་བོ། ཁུལ་ཨུད་རྩ་འཛུགས་པུའུ་ཡི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ནང་ཁུལ་སྒྲིག་གཞིའི་འགན་འཁུར་བ་གཙོ་བོ། ཁུལ་ཨུད་དང་ཁུལ་སྲིད་གཞུང་གི་སྡེ་ཚན་ཁག་གི་འགན་འཁུར་བ་གཙོ་བོ། རྫོང་(གྲོང་ཁྱེར)ཁག་གི་ཨུ་ལྷན་གྱི་ཧྲུའུ་ཅི་སོགས་ཚོགས་འདུར་ཟུར་ཞུགས་བྱས་པ་རེད།

    དབྱང་ཏ་ཆིང་གིས་སྐོར་ཞིབ་བྱེད་པ་ནི་གོང་རིམ་ཏང་རྩ་འཛུགས་ཀྱིས་འོག་རིམ་ཏང་རྩ་འཛུགས་ཀྱི་ཏང་གི་འགོ་ཁྲིད་འགན་ནུས་དང་འགན་འཁྲི་སྒྲུབ་པར་ཆབ་སྲིད་ལྟ་སྐུལ་བྱེད་པ་ཞིག་དང་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཅིག་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་རྒྱུར་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཡུན་ནན་ལག་ལེན་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པའི་འགན་ལེན་གལ་ཆེན། རང་ངོས་གསར་བརྗེའི་སྙིང་སྟོབས་མཐར་ཕྱིན་པ་དར་སྤེལ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་གཏིང་ཟབ་སྐུལ་འདེད་གཏོང་བའི་དམ་འཛིན་གལ་ཆེན། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ད་ཐེངས་ཁྱོན་ཡོངས་ཀྱི“ཆབ་སྲིད་གཟུགས་པོར་བརྟག་དཔྱད”དང་ལེན་བྱེད་པའི་ཐོབ་དཀའ་བའི་གོ་སྐབས་ལ་གཅེས་སྤྲས་བྱས་ཏེ་སྐོར་ཞིབ་ཚོགས་ཆུང་གི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་རང་འགུལ་ངང་གནད་དོན་ལ་ཞིབ་བཤེར་དང་དག་ཐེར་བྱས་ཏེ་ཞིང་ཆེན་ཨུ་ལྷན་གྱིས་སྤྲད་པའི་ཆབ་སྲིད་ལས་འགན་ཐུན་མོང་ཐོག་ལེགས་སྒྲུབ་བྱེད་དགོས་ཞེས་ནན་གྱིས་བསྟན།
    དབྱང་ཏ་ཆིང་གིས་བསྟན་དོན། སྐོར་ཞིབ་བྱས་པ་དེ་ནི་ཞིང་ཆེན་ཨུ་ལྷན་གྱིས་བདེ་ཆེན་ཁུལ་ཨུ་ལྷན་ལ་ཆབ་སྲིད་ཀྱི་ཐུགས་ཁུར་དང་གཅེས་སྐྱོང་བྱས་པ་ཞིག་རེད། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་དགོངས་དོན་དོན་འཁྱོལ་བྱེད་པ་སོགས་གཙོ་གནད་ཐོག་ཞིབ་བཤེར་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་གཙོ་གཟུགས་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱེད་པ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་བྱེད་པ། སྐོར་ཞིབ་ལྟ་སྐུལ་དང་དེ་བཞིན་རྩིས་བཤེར་དང་། ནོར་རྩིས། བསྡོམས་རྩིས་སོགས་ལྟ་སྐུལ་གཞན་དག་དོན་འཁྱོལ་བྱེད་པ། གནད་དོན་དག་ཐེར་ཡོ་བསྲང་བྱེད་ཚུལ་བཅས་དོན་འཁྱོལ་བྱེད་དགོས། དེ་དང་ཆབས་ཅིག་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱི་ལས་ཁུངས་དང་ཁུལ་ཨུ་ལྷན་རྩ་འཛུགས་པུའུ་ལ་རིམ་སྤར་སྐོར་ཞིབ་བྱས་ནས་ཁོང་ཚོས་འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོ་དེ་བས་ལེགས་པའི་སྒོ་ནས་སྒྲུབ་པ་དང་འགན་ནུས་དང་ནུས་པ་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་བཏང་དགོས།

    ལུའོ་ཁྲའོ་ཧྥེང་གིས་ཞིང་ཆེན་ཨུ་ལྷན་གྱིས་ད་ཐེངས་བདེ་ཆེན་ཁུལ་ལ་སྐོར་ཞིབ་བྱས་པ་དེ་ནི་ཞིང་ཆེན་ཨུ་ལྷན་གྱིས་བདེ་ཆེན་ཁུལ་ཨུ་ལ་ཆབ་སྲིད་ལྟ་སྐུལ་བྱས་པ་ཞིག་དང་། བདེ་ཆེན་ཁུལ་ཨུ་ལ་ཁྱོན་ཡོངས་ཀྱི“ཆབ་སྲིད་གཟུགས་བཤེར”ཞིགཁུལ་ཡོངས་ཀྱི“རྩ་བརྟག་དཔྱད་མཉམ་བཤེར”བྱས་པ་ཞིག་བཅས་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་དང་ལེན་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། ཆབ་སྲིད་ཀྱི་འགན་འཁུར་ཤུགས་ཆེ་རུ་བཏང་ནས་སྐོར་ཞིབ་ལས་དོན་ལ་ནུས་ཤུགས་ཡོད་རྒུས་ལག་ལེན་འཕྲལ་དུ་བསྒྱུར་བཅོས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྐོར་ཞིབ་དག་ཐེར་ཡག་པོ་ཡག་པོ་བྱེད་དགོས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ནས་སྐོར་ཞིབ་དང་ལེན་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་བདེ་ཆེན་ཁུལ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་པོ་བཅས་ཀྱི“དོན་ཆེན་བཞི”ལ་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད།
    ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོགས་ཆུང་བརྒྱད་པས་བདེ་ཆེན་ཁུལ་དུ་ཟླ་བ་གཉིས་ཙམ་ལས་ཀ་བྱ་རྒྱུ་ཡིན་པ་རེད། སྐོར་ཞིབ་བྱེད་རིང་ཆེད་མངགས་ལས་རེས་ཁ་པར་19808880131དང་སྦྲག་སྲིད་ཆེད་སྤྱོད་ཡིག་སྒམ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་སྦྲག་སྲིད་ཡིག་སྒམ་ཨང་A211ཡིན། ལས་ཞག་ཉིན་རེར་ཁ་པར་བདག་སྤྲོད་བྱེད་པའི་དུས་ཚོད་ནི། 8:30ནས་18:00བར་ཡིན། ཡིག་སྐུར་ངོ་གཏུག་བདག་སྤྲོད་བྱེད་པའི་དུས་ཚོད་ནི་2024ལོའི་ཟླ་9ཚེས་25ཉིན་བར་ཡིན། སྐོར་ཞིབ་ལས་དོན་སྲོལ་ཡིག་གི་གཏན་འབེབས་ལྟར་ན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོགས་ཆུང་བརྒྱད་པས་གཙོ་བོ་བདེ་ཆེན་ཁུལ་རིམ་པའི་འགོ་ཁྲིད་ཚན་པ་དང་དེའི་ཁོངས་མི་དང་། རིམ་པ་འོག་མའི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ། གཙོ་གནད་ལས་གནས་མི་སྣའི་གནད་དོན་མཚོན་པའི་འཕྲིན་ཡིག་དང་གློག་འཕྲིན་འཚམས་འདྲིར་བདག་སྤྲོད་བྱེད་པ་དང་། གཙོ་གནད་ནི་ཆབ་སྲིད་སྒྲིག་ཁྲིམས་དང་། རྩ་འཛུགས་སྒྲིག་ཁྲིམས། སྤྱོད་གཙང་སྒྲིག་ཁྲིམས། མང་ཚོགས་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་དང་འགལ་བའི་ཐེར་འདོན་དང་སྙན་ཞུ་ཡིན། སྐོར་ཞིབ་བདག་སྤྲོད་ཁྱབ་ཁོངས་སུ་མི་གཏོགས་པའི་ཡིག་སྐུར་ངོ་གཏུག་གི་གནད་དོན་གཞན་དག་གཏན་འབེབས་ལྟར་བདེ་ཆེན་ཁུལ་དང་འབྲེལ་ཡོད་སྡེ་ཚན་གྱིས་ཐག་གཅོད་ནན་ཏན་བྱ་རྒྱུ་ཡིན་པ་རེད།