ཀོང་རྩེད་རའི་རྒུན་འབྲུམ་འདི་ལ་འཛད་སྤྱོད་པའི་དགའ་བསུ་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-08-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན། ཀོང་རྩེད་ར་གྲོང་རྡལ་ལ་ལུང་གྲོང་མི་ཚོ་ཆུང་དམངས་འཚོ་གྲོང་གསར་གྱི་གྲོང་མིས་བཏབ་པའི་མུའུ་30་ཡི་“ཉི་འོད་རྒྱ་སེ”ཅན་གྱི་རྒུན་འབྲུམ་འབོར་ཆེན་ཁྲོམ་རར་འདོན་ཉེར་ཡོད་པ་རེད།ཤོག་བུའི་ཁུག་མ་གྱོན་པའི“ཉི་འོད་རྒྱ་སེ”སྟར་པ་རེ་རེ་བཞིན་ཡལ་གའི་སྟེང་བཀལ་བ་དང་འབྲས་བུ་ཆེ་ཆུང་ཆ་སྙོམས་ཡིན་པས་སྐྱེ་ཚུལ་དགའ་འོས་པ་དང་ལོ་ལེགས་ཡོང་རེ་བྱེད་ཀྱི་ཡོད།    

“ཉི་འོད་རྒྱ་སེ”ཅན་གྱི་རྒུན་འབྲུམ་ནི་རྒྱ་སེ་མེ་ཏོག་གི་དྲི་ཞིམ་ཟབ་ལ་ཞིམ་མངར་ལྡན་པ་དང་བྲོ་བ་ཞིམ་པའི་རྐྱེན་གྱིས་ཁྲོམ་རའི་ཐོག་དགའ་བསུ་ཆེན་པོ་ཐོབ་པའི་རྒུན་འབྲུམ་གྱི་རིགས་ཤིག་ཡིན་པ་རེད། ལོ་ལྟར་ཟླ་བདུན་པའི་ཟླ་དཀྱིལ་དང་ཟླ་སྨད་དུ་ཁྲོམ་རར་འདོན་གྱི་ཡོད་པས་སྤུས་ཚད་ལེགས་པ་དང་རྒྱ་ཆེའི་ཚོང་པའི་དགའ་བསུ་ཐོབ་ཀྱི་ཡོད་པས།ས་གནས་དེ་གའི་གྲོང་མི་ཁག་གཅིག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་མ་ཟད་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་དེ་བས་རྒྱ་ཆེར་བཏང་ཡོད།