རང་ཁུལ་གྱི་དབྱར་བསྡུ་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་35271ཟིན་པ་དེ་དུས་མཚུངས་ལས་0.18%་འཕར་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-08-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།གསར་འགོད་པས་བདེ་ཆེན་ཁུལ་ཞིང་ལས་དང་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱུང་བར། 2024ལོར་བདེ་ཆེན་ཁུལ་གྱི་དབྱར་འབྲུ་སྤྱིའི་ཐོན་ཚད་ཏུན་35271ཟིན་པ་དེ་དུས་མཚུངས་ལས་0.18%འཕར་ཡོད་པ་རེད། སྡོམ་རྩིས་གཞི་གྲངས་དབྱེ་ཞིབ་བྱས་པ་ལྟར་ན།2024ལོར་འདེབས་འཛུགས་རྒྱ་ཁྱོན་ཇེ་ཆུང་དུ་སོང་རུང་སྤྱིའི་ཐོན་ཚད་ཇེ་མཐོར་སོང་ཡོད།2024ལོར་བདེ་ཆེན་ཁུལ་གྱི་དབྱར་འབྲུ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་12540ཟིན་པ་དེ་དུས་མཚུངས་ལས་0.47%ཆག་ཡོད།འདིའི་ཁྲོད་དུ། འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་9363.97ཟིན་པ་དེ་དུས་མཚུངས་ལས་0.67%ཆག་པ།སྣ་རིགས་ལ་གཞིགས་ནས་དབྱེ་ན་དགུན་གྲོ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་4767.35ཟིན་པ་དེ་དུས་མཚུངས་ལས་2.04%ཆག་པ།སོ་བ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་4501.66ཟིན་པ་དེ་དུས་མཚུངས་ལས་0.76%འཕར་བ།ཡུག་པོའི་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་93.44ཟིན་པ་དེ་དུས་མཚུངས་ལས་2.01%འཕར་བ།སྲན་མའི་རིགས་ཀྱི་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་932.04ཟིན་པ་དེ་དུས་མཚུངས་ལས་0.23%འཕར་བ། ཞོག་ཁོག་རིགས་ཀྱི་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་2244ཟིན་པ་དེ་དུས་མཚུངས་ལས་0.10%འཕར་ཡོད།

    2024ལོར་བདེ་ཆེན་ཁུལ་གྱི་དབྱར་བསྡུའི་འབྲུ་རིགས་ཐོན་ཚད་ཏུན་35271ཟིན་པ་དེ་དུས་མཚུངས་ལས་0.18%འཕར་ཡོད།འདིའི་ཁྲོད་དུ་འབྲུ་རིགས་ཐོན་ཚད་ཏུན་27255.4ཟིན་པ་དེ་དུས་མཚུངས་ལས་0.13%འཕར་ཡོད། སྣ་རིགས་ལ་གཞིགས་ན་དགུན་གྲོ་ཐོན་ཚད་ཏུན་12795.24ཟིན་པ་དེ་དུས་མཚུངས་ལས་0.07%ཆག་པ་དང་། གྲོའི་ཐོན་ཚད་ཏུན་14340.15ཟིན་པ་དེ་དུས་མཚུངས་ལས་0.28%འཕར་བ། ཡུག་པོའི་ཐོན་ཚད་ཏུན་115.96ཟིན་པ་དེ་དུས་མཚུངས་ལས་4.39%འཕར་ཡོད་པ་རེད། སྲན་རིགས་ཐོན་ཚད་ཏུན་2279.93ཟིན་པ་དེ་དུས་མཚུངས་ལས་0.42%ཆག་པ་དང་ཞོག་ཁོག་རིགས་ཀྱི་ཐོན་ཚད་ཏུན་5735.67ཟིན་པ་དེ་དུས་མཚུངས་ལས་0.68%འཕར་ཡོད་པ་རེད།