རྒྱལ་བདེ་གྲོང་ཚོས་ནགས་གསེབ་དཔལ་འབྱོར་ལ་སྲོང་སྐྱོང་ཡག་པོ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-08-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཉེ་བའི་ལོ་ཤས་རིང་གྲོང་ཚོའི་“ཨུ་ལྷན་གཉིས”ཀྱི་སྣེ་ཁྲིད་འོག་བརྒྱད་སྡེ་གྲོང་ཚོས་“ནགས་ཁྲོད་ཀྲི་པུའུ་ཡིས་ལྟ་བ་དང་རི་ལ་སྤྱི་ཁྱབ་ཀྲི་པུའུ་ཡིས་དོ་དམ་བྱེད་པའི་”དཔེ་དབྱིབས་ལ་བརྟེན་ནས་གྲོང་ཚོ་ཡོངས་ཀྱི་ཏང་ཀྲི་པུའུ་17དང་ཏང་ཡོན་203གྱི་གདོང་ལེན་དཔེ་བཟང་གི་ནུས་པ་རྒྱུན་ཆད་མེད་པར་འདོན་སྤེལ་བྱས་པ་དང་སྣོད་བཅུད་སྲུང་སྐྱོང་དང་བླངས་པའི་དཔུང་ཁག་བཙུགས་ཏེ་ཏང་ཡོན་དང་། ནགས་སྲུང་བ། བུད་མེད། སྡེ་ཚོགས་ཀྱི་ཚོགས་མི་སོགས་དཔུང་ཁག་མང་པོའི་སྟོབས་ཤུགས་བསྡུ་སྒྲིལ་ནུས་ལྡན་བྱས་ནས་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱ་ཁྱབ་བྱས་པ་རེད། བརྒྱད་སྡེ་གྲོང་ཚོས་ད་དུང་ཧྲང་ཧའེ་དང་ཡུན་ནན་ལ་རོགས་སྐྱོར་བྱེད་པའི་ལས་སྟེགས་བརྒྱུད་ཐོན་ལས་འཕེལ་རྒྱས་ཀྱི་ལེ་ལག་ཚང་བའི་རྣམ་གྲངས་ལག་བསྟར་བྱས་ཏེ་ཚད་གཞི་མཐོ་བའི་ཞིང་ཁ་ཁག་གཅིག་བསྐྲུན་ནས་སྲོལ་རྒྱུན་གྱི་ཤིང་གཅོད་པ་དང་། ཤིང་གཅོད་ཟམ་བཙུགས་སོགས་ཀྱི་སྣོད་བཅུད་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་གཏན་འགོག་བྱས་ཡོད། བརྒྱད་སྡེ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་གིས་“ང་ཚོས་སྣོད་བཅུད་སྔོན་ལ་འཇོག་རྒྱུར་གཞི་ཚུགས་ནས་སྲུང་སྐྱོང་བྱ་ཐབས་ཁག་ལ་ཤུགས་སྣོན་རྒྱག་པ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སྣོད་བཅུད་སྲུང་སྐྱོང་དང་། དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་མང་ཁེ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་ཡིན་ཞེས་བཤད།

        རྒྱལ་བདེ་གྲོང་ཚོའི་སྣོད་བཅུད་ཁོར་ཡུག་བཟང་པོས་ནགས་ཁྲོད་ཐོན་ཁུངས་སྣ་ཚོགས་གསོ་སྐྱོང་བྱས་པ་དེའི་ནང་བེ་ཤ་སྐད་གྲགས་ཆེ་ཤོས་ཡིན། རྒྱལ་བདེ་གྲོང་ཚོའི་བེ་ཤ་ཐོན་འབོར་ཆེ་བ་དང་སྤུས་ཚད་ལེགས་པས་བེ་ཤ་ཉོ་སྒྲུབ་ཚོང་པ་མི་ཉུང་བ་ཞིག་གི་“བེ་ཤ་གྲོང་ཚོ་དང་པོ་”ཡིན་ཟེར། རྩ་ཆེའི་སྐྱེ་དངོས་ཐོན་ཁུངས་དེར་སྲུང་སྐྱོང་བྱ་ཆེད་རྒྱལ་བདེ་གྲོང་ཚོས་《སེམས་ཀྱི་ཉི་ཟླའི་ཤ་མོང་རྒྱབ་ཤ་དཀར་པོའི་དེབ》ཀྱི་འབྲེལ་ཡོད་གྲོས་འགོ་དང་ལེན་ཧུར་ཐག་ཞུས་ནས་“གྲོང་གཅིག སུའོ་གཅིག ཁེ་ལས་གཉིས་”མཉམ་འབྲེལ་ཐོག་རི་བོ་འགན་གཙང་ལེན་པ་དང་གསོ་སྤེལ་རྒྱ་ཆེར་གཏོང་བའི་རྣམ་པ་འཚོལ་ཞིབ་དང་ལག་བསྟར་བྱས་ཏེ་བེ་ཤ་ཐོན་ཡུལ་མུའུ་6000ལ་སྒོ་དབྱེ་རྣམ་པའི་རི་བོ་འགན་གཙང་ལེན་པ་དང་གསོ་སྤེལ་རྒྱ་ཆེར་བཏང་ནས་བེ་ཤ་སྲུང་སྐྱོང་དང་ལུགས་མཐུན་ངང་བེད་སྤྱོད་བྱ་རྒྱུར་“འཐུ་དང་མ་འཐུ་”ཟུང་འབྲེལ་གྱི་རྒྱལ་བདེ་རྣམ་པ་མཁོ་འདོན་བྱས་པ་རེད། མིག་སྔའི་བར་རྒྱལ་བདེ་གྲོང་ཚོའི་ནགས་ཚལ་ཁེབས་ཚད་87%ཟིན་པ་དང་བེ་ཤ་ལོའི་ཐོན་ཚད་ཏུན་300དང་ཐོན་རྫས་རིན་ཐང་སྒོར་ཁྲི་3900ཙམ་ཟིན་པ་དང་ལས་ཞུགས་མི་སྣ་2000ལྷག་ཙམ་ཟིན་ཡོད་པ་རེད། རྒྱལ་བདེ་བེ་ཤ་དུས་ཆེན་དང་གཅིག་སྡུད་ཀྱི་བེ་ཤ་ཉོ་ཚོང་ཁྲོམ་ར་འཛུགས་སྐྲུན་ཚད་ལྡན་དུ་གཏོང་བ། ཚོང་འགུགས་མ་འདྲེན་བྱེད་པ། གློག་རྡུལ་ཚོང་དོན་ཐད་གཏོང་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད་བེ་ཤ་ཐོན་ལས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་9743མངོན་འགྱུར་བྱུང་བ་དང་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་53149.6བྱུང་ཡོད།

        གཞན་ཡང་གྲོང་ཚོའི་མཉམ་སྡེབ་ཀྱིས་སྣེ་ཁྲིད་དེ་གཞི་ཁྱོན་མགོ་གྲངས་50ཡན་གྱི་གཅིག་སྡུད་གསོ་ཚགས་ར་བ་2གསར་སྐྲུན་བྱས་པ་དང་2003ལོར་འབྲི་གཡག་གྲངས་500གསར་སྣོན་ཐུབ་པ་དང་ལོ་ཧྲིལ་པོར་བཤས་གཏོང་ཚད་གྲངས་200ཡན་ཟིན་ནས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་160ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད། གྲོ་དང་ཞོག་ཁོག་དབྱར་དུས་ཡུལ་ལྗོངས་ལ་ལྟ་ཐུབ་པ་དང་སྟོན་དུས་ལོ་ལེགས་ཡོང་ཐུབ་པའི་ཁྱད་ལྡན་གཞི་ཁྱོན་ལྡན་པའི་ཐོན་ལས་སུ་བསྐྲུན་ནས་གྲོ་དང་ཞོག་ཁོག་གཞི་ཁྱོན་ཅན་གྱི་རེས་མོས་འདེབས་འཛུགས་མངོན་འགྱུར་ཡོང་བ་བྱས་པས་ཁྱད་ལྡན་ཐོན་ལས་དེ་གྲོང་ཚོ་དེས་ཞིང་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།