བདེ་ཆེན་གྱིས་ཀྲུང་གོའི་བེ་ཤ་འཁོར་རྒྱུག་ལྟེ་གནས་བསྐྲུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-08-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་7པར་བདེ་ཆེན་བེ་ཤའི་དུས་ཚིགས་སུ་སླེབས་ཚུན་སེམས་ཀྱི་ཉི་ཟླའི་བེ་ཤ་ཉོ་ཚོང་ཁྲོམ་རའི་(ཐོན་ལས་གླིང་ཁུལ་)ཉོ་ཚོང་བྲིན་ཁ་རྒྱུག་པོ་ཡོད་པ་དང་ཡུལ་དངོས་སུ་ཉོ་ཚོང་གི་སྒྲ་གཅིག་འཇགས་གཅིག་ལངས་བྱུང་ཡོད།

        བདེ་ཆེན་ཁུལ་གསར་སྤེལ་མ་འཇོག་ཚོགས་པའི་སྐྱེ་དངོས་ཐོན་ལས་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དང་སྤྱི་ཁྱབ་ཅིང་ལི་ཝང་ཐིང་ལིང་གིས་2017ལོའི་རྗེས་སུ་ཀུང་སིས་སེམས་ཀྱི་ཉི་ཟླའི་བེ་ཤ་ཉོ་ཚོང་ཁྲོམ་ར་གསར་སྐྲུན་བྱས་པ་མ་ཟད་ཤོང་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། མིག་སྔའི་བར་ཉོ་ཚོང་ཁྲོམ་རར་ཚོང་ཁང་140དང་གྲང་མཛོད་22 དྲོད་ཚད་དམའ་བའི་གྲང་མཛོད་7 མྱུར་འཁྱགས་མཛོད་4ཡོད་པས་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་བེ་ཤ་ཉོ་ཚོང་ཁྲོམ་རའི་གྲས་ཤིག་ཏུ་གྱུར་ཡོད་ཞེས་ངོ་སྤྲོད་བྱས་པ་རེད།  


        ལོ་ལྟར་གྱི་ཟླ་7པ་ནས་11པའི་བར་གྱི་བེ་ཤའི་དུས་ཚིགས་སུ་ཡུན་ནན་དང་། སི་ཁྲོན། བོད་ལྗོངས་སོགས་ནས་ཡོང་བའི་བེ་ཤ་ཐོག་མར་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་བེ་ཤ་ཉོ་ཚོང་ཁྲོམ་རར་ཉོ་ཚོང་བྱས་པས་འཇའ་འཇིབ་ནུས་པ་ཐོན་པ་དང་། སེམས་ཀྱི་ཉི་ཟླའི་བེ་ཤའི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་། ཐོན་རྫས་ཀྱི་ཡིད་དབང་འགུག་ཤུགས། བྲིན་ཚོང་རྒྱ་སྐྱེད་གཏོང་ཤུགས་བཅས་ཉིན་བཞིན་ཆེ་རུ་ཕྱིན་ཡོད། 

        ཁྲོམ་ར་དེས་རིན་མི་དགོས་པར་ཚོང་དུད་ལ་གཅིག་གྱུར་གྱི་ཚད་གཞིའི་སྒོ་སྣེ་བརྗེས་ནས་དུས་བཀག་ལྟར་བེ་ཤ་ཁྲོམ་རར་ཆེད་དོན་ཞིབ་བཤེར་བྱས་པ་དང་ཆེད་མངགས་འཛད་སྤྱོད་པའི་ཞུ་གཏུག་ས་ཚིགས་བཙུགས་ཏེ་ཉོ་ཚོང་དེ་བས་གོ་རིམ་ལྡན་པ་དང་ཁྲོམ་རར་དེ་བས་གཞི་ཁྱོན་ལྡན་པ་བྱས་པ་རེད།

        ཝང་ཐིང་ལིང་གིས་ཁྲོམ་རའི་ནང་བཅའ་སྡོད་ཟོག་འགྲེམས་ཁེ་ལས་ལ་ཆེད་མངགས་ཟོག་འགྲེམས་བགྲོད་ལམ་བཙུགས་པ་དང་ད་དུང་ཟོག་འགྲེམས་འདོན་འཇུག་ཚོང་ཟོག་འཇོག་སར་ཁང་པ་གཅིག་སྟོང་པར་ལུས་ནས་ཆར་པ་འབབ་པའི་ཉིན་མོར་འཕྲལ་སྡོམ་མཛོད་འཇུག་བྱ་རྒྱུར་སྤྱད་དེ་ཆར་རླུང་འགོག་མི་ཐུབ་པར་སྤུས་ལེགས་ཚོང་ཟོག་འདོན་ཐུབ་པའི་འགན་ལེན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།ཁྲོམ་རས་གྲང་མཛོད་དང་།དྲོད་ཚད་དམའ་བའི་གྲང་མཛོད།མྱུར་འཁྱགས་མཛོད་སོགས་སྒྲིག་བཀོད་མཁོ་འདོན་ཟོག་འགྲེམས་ཁེ་ལས་ཀྱིས་བེད་སྤྱོད་བྱས་ཏེ་བེ་ཤ་ཁག་བགོས་འདེམས་སྒྲུག་དང་།ཐུམ་སྒྲིལ།སྐྱེལ་འདྲེན་སོགས་ཀྱི་བརྒྱུད་རིམ་གཅིག་འཐུས་ལེགས་གྲུབ་ཡོང་བ་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་པས་སྤུས་ཚད་ལེགས་ཤོས་ཀྱི་བེ་ཤ་ཐོན་རྫས་གསར་པ་ཉོ་ཐུབ་པར་འགན་ལེན་བྱས་པ་རེད།

        ཤེས་གསལ་བྱུང་དོན། ཉེ་སྔོན་བདེ་ཆེན་ཁུལ་གསར་སྤེལ་མ་འཇོག་ཚོགས་པའི་སྐྱེ་དངོས་ཐོན་ལས་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སི་དང་ཧྲེན་ཀྲེན་གྲོང་ཁྱེར་ལེ་ཨའོ་འཆར་འགོད་ཇུས་འགོད་བློ་འདྲི་མ་རྐང་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཀུང་སི་སྟེ་ཀོང་ནུང་ལེ་ཨའོ་དབར་གན་རྒྱ་བཞག་ནས་སེམས་ཀྱི་ཉི་ཟླའི་བེ་ཤ་ཐོན་ལས་གླིང་ཁུལ་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་རྣམ་གྲངས་ལག་བསྟར་བྱས་ཏེ་དེང་རབས་ཉོ་ཚོང་ཆ་འཕྲིན་ཅན་གྱི་སྟེགས་བུ་དང་། ཀྲུང་གོའི་བེ་ཤ་འཁོར་རྒྱུག་ལྟེ་གནས་ཧུར་ཐག་གཏོད་པ་རེད།