བདེ་ཆེན་ཁུལ་གྱི་འགོ་ཁྲིད་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་དུ་ལས་ཀ་འབྲེལ་མཐུད་བྱས་པར་ཕེབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-08-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་8པའི་ཚེས་12ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་། ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་དུ་ལས་ཀ་འབྲེལ་མཐུད་བྱས་པར་ཕེབས་ཡོད།

        ཚོགས་འདུ་ཐོག་རང་ཁུལ་གྱི་གལ་ཆེའི་འཛུགས་སྐྲུན་རྣམ་གྲངས་ཀྱི་འབྲེལ་ཡོད་ལས་ཀའི་སྙན་སེང་ཉན་པ། ལུའོ་ཁྲའོ་ཧྥེང་གིས་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་ཐོག་མཐའ་བར་གསུམ་དུ་བདེ་ཆེན་ལ་དམིགས་བསལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས།

        ཁོང་གིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་མཛུབ་ཁྲིད་དང་རོགས་རམ་འོག་རང་ཁུལ་གྱི་གལ་ཆེའི་འཛུགས་སྐྲུན་རྣམ་གྲངས་ལས་ཀ་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་བ་དང་ལས་ཀ་ཁག་བརྟན་ཞིང་གོ་རིམ་ལྡན་པའི་ངང་བསྒྲུབས་ཡོད། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་སྔར་བཞིན་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རོགས་སྐྱོར་གནང་ཞིང་།

སྲིད་ཇུས་བརྩོན་ལེན་དང་མ་དངུལ་གཅིག་གྱུར་འཆར་འགོད་སོགས་ཀྱི་ཐད་ནས་བདེ་ཆེན་ལ་གཟིགས་སྐྱོང་དང་རྒྱབ་སྐྱོར་སྤྲོད་པ། ཁུལ་ཡོངས་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ཡོད་གཏོང་རྒྱུའི་རེ་བ་ཞུས།

        དབྱིང་ཡུང་གིས་བདེ་ཆེན་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུལ་སྐུལ་འདེད་གཏོང་ཚུལ་ལ་གདེང་འཇོག་གནང་བ། ཁོང་གིས་རྗེས་མའི་ལས་ཀའི་ཁྲོད་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་ཐིང་གིས་སྟོབས་ཤུགས་གང་ཡོད་ཀྱིས་བདེ་ཆེན་གྱི་འབྲེལ་ཡོད་ལས་ཀ་ལ་རོགས་སྐྱོར་ཡག་པོ་དང་མཛུབ་ཁྲིད་ཡག་པོ་བྱེད་རྒྱུ།

        བདེ་ཆེན་ཁུལ་གྱིས་གོང་ལ་སྙན་ཞུ་འབྲེལ་མཐུད་དང་བརྩོན་ལེན་དོན་འཁྱོལ་ཐོག་ཤུགས་བསྣན་ནས་ལས་རིགས་གཙོ་གཉེར་སྡེ་ཁག་གིས་སྲིད་ཇུས་དང་མ་དངུལ་ལ་རྒྱབ་སྐྱོར་གནང་བར་བརྩོན་ལེན་བྱེད་དགོས་པ་དང་བདེ་ཆེན་གྱི་དོན་དངོས་དང་བསྟུན་ནས་འཆར་འགོད་ཇུས་འགོད་ལེགས་སུ་གཏོང་བ།  དུས་རིམ་བགོས་ནས་རྣམ་གྲངས་འཛུགས་སྐྲུན་ལག་བསྟར་བྱེད་དགོས། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གནད་ཆེའི་ལས་ཀའི་ལས་འགན་དམ་འཛིན་བྱེད་པ་དང་ཞིང་ཆེན་སྲིད་གཞུང་གི་ཆེད་དོན་ཚོགས་འདུའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་བསྟན་པ།

        ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་ཐིང་གི་འགོ་ཁྲིད་དབྱང་ཡུས། པན་ཅང་། ཀྲོའུ་ཆིང་སུང་། ཁུལ་འགོ་ཁྲིད་ཁྲིན་ཆོན། ལིའོ་ཝེ་ཚའེ། ཀྲོང་ཞའོ་ཕིང་སོགས་ཚོགས་འདུར་ཞུགས།