བདེ་ཆེན་ཁུལ་གྱི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་མཐུན་སྦྱོར་ལམ་སྲོལ་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལས་དོན་སྐུལ་འདེད་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-08-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་8པའི་ཚེས་13ཉིན།  བདེ་ཆེན་ཁུལ་གྱི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་མཐུན་སྦྱོར་ལམ་སྲོལ་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལས་དོན་སྐུལ་འདེད་ཚོགས་འདུ་འཚོགས་ཤིང་།ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་རིམ་བཅོས་སྐྱོང་སྐོར་གྱི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན་གྱི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་མཐུན་སྦྱོར་ལམ་སྲོལ་གྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཁུལ་ཡོངས་ཀྱི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

        ཁུལ་ཨུའི་ཧྲུའུ་ཅི། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་མཐུན་སྦྱོར་ལམ་སྲོལ་གྱི་སྤྱི་ཁྱབ་སྐོང་བསྡུ་བྱེད་མཁན་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་།  

        ཚོགས་འདུའི་ཐོག་བདེ་ཆེན་ཁུལ་གྱི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་མཐུན་སྦྱོར་ལམ་སྲོལ་བཙུགས་ཚུལ་བརྡ་ཁྱབ་བཏང་བ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་གཙོ་གནད་ལས་འགན་ལ་དམིགས་ནས་སྤེལ་རེས་གཏམ་བཤད་བྱས་པ་རེད།

        ཚོགས་འདུའི་ཐོག་བསྟན་དོན། ཉེ་བའི་ལོ་གཅིག་རིང་ཁུལ་ཡོངས་ཀྱི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་དང་གྲུབ་འབྲས་ཐོབ་པ་དང་། ཏང་གིས་གཞི་རིམ་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་པས་གཞི་རིམ་བཅོས་སྐྱོང་གི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ་དང་གཞི་རིམ་གྱི་བཅོས་སྐྱོང་ཞབས་ཞུའི་རྭ་ཅོ་སྔར་བས་སྣུར་སྲིང་ཐུབ་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་ཀའི་ཕན་འབྲས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།

        ཚོགས་འདུའི་ཐོག་ནན་བཤད་བྱས་དོན།  གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་འགག་རྩ་དེ་དམ་འཛིན་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ཁྲོད་ཀྱི་ཞན་ཆར་དམ་པོར་དམིགས་ནས་ཞན་ཆ་གསབ་པ་དང་ཞན་ཆ་གསབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་ཏང་རྩ་འཛུགས་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་བཙན་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག  མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཅས་སུ་འཛུགས་སྐྱོང་ཏན་ཏིག་བྱེད་དགོས།  གཞི་རིམ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་ཀུན་སྤྱོད་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རང་སྐྱོང་ཁྲིམས་སྐྱོང་སྤྱོད་སྐྱོང་ཟུང་འབྲེལ་བྱེད་པའི་གཞི་རིམ་བཅོས་སྐྱོང་མ་ལག་འཛུགས་པར་ཤུགས་རྒྱག་པ་བཅས་བྱ་དགོས།  དྲ་བ་ཅན་གྱི་དོ་དམ་གྱི་རྨང་གཞི་དེར་དངོས་འབྲེལ་བསྡད་དེ་དྲ་མིག་གི་བཀོད་པ་ལེགས་སུ་དང་ལེགས་སྒྲིག་བྱེད་པ་དང་། དྲ་མིག་གི་སྟོབས་ཤུགས་བཀོད་སྒྲིག་ཡག་པོ་བྱས་ནས་དྲ་མིག་དོན་ཚན་གྱི་གསལ་ཐོ་བཟོས་ཏེ་གནད་དོན་ཐག་གཅོད་བྱེད་པའི་ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས།  གཞི་རིམ་བཅོས་སྐྱོང་གི་"རྟ་ཆུང་གིས་འཁོར་ལོ་ཆེན་པོ་འཐེན་པའི་"གནད་དོན་མངོན་གསལ་ཅན་ཐག་གཅོད་བྱེད་པར་ཤུགས་རྒྱག་པ་དང་། འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མི་ཤུགས་དང་རྒྱུ་ཤུགས་དངོས་ཤུགས་བཅས་གཞི་རིམ་ལ་ཕྱོགས་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གཙོ་གནད་ལས་འགན་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། འགོ་ཁྲིད་ཀྱི་སྒྲིག་སྲོལ་དང་ལས་ཀའི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ་དང་། སྡེ་ཁག་ལས་བརྒལ་བའི་ལས་ཀ་མཉམ་སྒྲུབ་དང་སྲིད་ཇུས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་གང་ཅིའི་སྟོབས་ཤུགས་མཐུན་སྦྱོར་བྱས་ནས་གནད་དོན་ཐག་གཅོད་དང་ལས་ཀར་སྐུལ་འདེད་གཏོང་བ། གནད་དོན་ཤེས་རྟོགས་དང་། གནད་དོན་གོང་ཞུ། གནད་དོན་ཐག་གཅོད། ལྡོག་འདྲེན་བཅས་བྱེད་པའི་སྒོ་རྒྱག་འཁོར་ལོའི་དོ་དམ་ལས་ཀའི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ།"ཁུལ་རིམ་པ་ནི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཚབས་ཆེན་མཇུག་འགྲིལ་ས་ཡིན་པ་དང་རྫོང་(གྲོང་ཁྱེར་)ནི་གནད་དོན་ཐག་གཅོད་བྱེད་པའི་གཡུལ་ས་གཙོ་བོ་ཡིན་པ། ཤང་གྲོང་ནི་འགལ་བ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་རྒྱུན་གཏན་གྱི་བྱེད་པོ་ཡིན་པའི་"ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་གནད་དོན་ཐོན་མ་ཐག་སེལ་དགོས། གྲོང་ཁྱེར་གྱི་སྡེ་ཁུལ་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་པ་གསར་པ་སོགས་དུས་བདེ་འཛུགས་སྐྲུན་དང་དཔལ་ཡོན་གསར་སྐྲུན་སོགས་ཀྱི་ལས་ཀར་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱས་ཏེ། མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་ཀྱི་གྲོང་ཁྱེར་གཞི་རིམ་བཅོས་སྐྱོང་གི་རྣམ་པ་འཛུགས་དགོས།

        ཚོགས་འདུའི་ཐོག་ནན་བཤད་བྱས་དོན།  མིག་སྔར་འབྲུབ་འགོག་གི་འགག་རྩའི་དུས་ཡིན་པས་རིམ་ཁག་ཏང་རྩ་འཛུགས་ཀྱིས་རྒྱུན་རྣམ་ཅན་གྱི་སྐོར་ཞིབ་མཐིལ་རྟོགས་ལ་ཤུགས་སྣོན་བརྒྱབ་ནས་དུས་ཚོད་དང་པོར་ཉེན་ཁའི་གནས་ཚུལ་གྱི་ཆ་འཕྲིན་ཁོང་དུ་ཆུད་པ་དང་ཛ་དྲག་གི་གནས་ཚུལ་འཕྲད་སྐབས་དུས་ཐོག་ཏུ་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཉེན་གཡོལ་གནས་སྤོ་བྱ་རྒྱུར་འགན་ལེན་བྱེད་དགོས།

        ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་།  ལི་དབྱང་།  དབྱང་ཞུའེ་ཝེན།  འཇོལ་རྫོང་དང་འབའ་ལུང་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ།  ཁུལ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་མཐུན་སྦྱོར་ལམ་སྲོལ་གྱི་སྐོང་བསྡུ་བྱེད་མཁན་དང་ཁོངས་མིའི་ཚན་པའི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།