ཁུལ་མི་དམངས་སྲིད་གཞུང་གིས་ཚོགས་འདུ་ཐེངས་46པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-08-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།   ཟླ་8པའི་ཚེས་13ཉིན།  ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཀྲུང་གུང་སྐབས་བཅུ་བཞི་པའི་ཁུལ་མི་དམངས་སྲིད་གཞུང་གིས་ཚོགས་འདུ་ཐེངས་46པ་འཚོགས་པ།

        ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གལ་ཆེའི་གསུང་བཤད། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། རྩོམ་ཡིག་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱེད་སྐབས་ནན་བཤད་གནང་དོན། བསམ་བློ་གཅིག་འགྱུར་དང་ངོས་འཛིན་མཐོར་གཏོང་། ནན་ཏན་གྱིས་ཀྲུང་དབྱང་གི་དགོངས་དོན་ངོ་བོ་ཁོང་དུ་ཆུད་པ། ནན་ཏན་གྱིས་ཀྲུང་དབྱང་གི་སྲིད་ཇུས་གལ་ཆེན་ལ་ཞིབ་འཇུག་དང་འབྲེལ་མཐུད་བྱེད་པ། རང་ཁུལ་གྱི་ལས་ཀའི་དོན་དངོས་དང་བསྟུན་ནས་དོན་འཁྱོལ་དམ་འཛིན་བྱེད་དགོས། དཔལ་འབྱོར་འཛུགས་སྐྲུན་ལྟེ་བའི་ལས་འགན་འདིར་དམིགས་ནས་དངོས་འཚོལ་བདེ་འཁྱོལ་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བློ་བརྟན་འགྱུར་མེད་ཀྱིས་ཁུལ་ཡོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱེད་དགོས། བདེ་འཇགས་ཀྱི་ཉེན་ཁ་སྣ་ཚོགས་སྔོན་འགོག་བྱེད་པར་དོ་སྣང་བྱེད་པ་ཆབ་སྲིད་ཚུགས་གནས་མཐོ་རུ་གཏོང་བ། ལས་རེས་དང་མཁོ་འདོན་གྲ་སྒྲིག་ཡག་པོ་བྱེད་དགོས།

        ཚོགས་འདུའི་ཐོག་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཉེ་དུས་ཀྱི་ལས་ཀའི་བླང་བླ་བརྒྱུད་བསྒྲགས་སློབ་སྦྱོང་བྱེད་སྐབས་ནན་བཤད་གནང་དོན། ནན་ཏན་གྱིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཉེ་དུས་ཀྱི་ལས་ཀའི་བླང་བྱ་སློབ་སྦྱོང་དང་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་།གཙོ་འགན་གཙོ་ལས་ལ་བརྟེན་ནས་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།

        ཚོགས་འདུའི་ཐོག་ད་དུང་ལས་དོན་གཞན་དག་གྲོས་ཞིབ་བྱས་པ།

        ཧུའུ་ཧྥེན་ཞུང་།  ཞུས་ཀོང་ཏེ། ལིན་ཧོ། པའོ་ཡུས་ཏུང་།ཀྲོང་ཞའོ་ཕིན་ཚོགས་འདུ་ཞུགས་ཡོད།