རྩོམ་པ་པོ། ཡིག་བསྒྱུར། དུས་ཚོད། 2024-08-16 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
“སློབ་ཚན་ཚོགས་དང་།” དགེ་རྒན་སྒྲོལ་མའི་སྐོང་ཚོགས་འོག་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་ཐེན་པའོ་འབྲོག་རའི་ཏང་ཡོན་དང་མང་ཚོགས་གཅིག་རྗེས་གཉིས་མཐུད་ངང་མཉམ་དུ་འཛོམས་ནས་དགེ་རྒན་གྱིས་ཆེད་དོན་ཏང་གི་སློབ་ཚན་འཁྲིད་པར་ཉན་པ་རེད། སྒྲོལ་མས“ཏང་གི་བཀའ་དྲིན་སྐོར་གླེང་སྐབས་ཉིན་མཚན་ཀུན་ཏུ་ཤོད་མི་ཚར་བས་ང་ཚོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ་བྱས་ནས་ཏང་གི་རྗེས་སུ་འབྲངས་དགོས་”ཞེས་བཤད།
ཞིང་ནང་དང་མུ་ཁ་ནས་རི་མཐོའི་འབྲོག་རའི་བར་དང་དེ་ནས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4700ལྷག་ཙམ་ཡོད་པའི་དབྱར་རྩྭ་དགུན་འབུའི་རི་བོའི་བར་སེམས་ཀྱི་ཉི་ཟླ་གྲོང་ཨུ་ཏང་གི་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་དགེ་རྒན་དང་འབྲོག་ཁུལ་སྐོར་སྐྱོད་ཏང་གི་སློབ་གྲྭའི་འགན་འཁུར་བ་སྒྲོལ་མས་དུས་ཡུན་རིང་པོའི་ནང་གཞི་རིམ་དུ་གཞི་ཚུགས་ནས་གྲོང་ཚོར་བསྐྱོད་དེ་ཞིང་འབྲོག་མང་ཚོགས་ཀྱི་ཏང་ཡོན་དང་མང་ཚོགས་ལ་སློབ་ཁྲིད་སྒོ་རྩར་བསྐྱལ་བ་དང་ཁོང་གི་རྐང་རྗེས་གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང་11ལ་ཁྱབ་ནས་རིམ་རྩིས་བྱས་ན་ཞིང་འབྲོག་མང་ཚོགས་ཀྱི་ཏང་ཡོན་དང་མང་ཚོགས་ལ་སྒྲོག་འགྲེལ་ཐེངས་200ལྷག་ཙམ་བྱས་པས་ཚང་མས་བྱམས་བརྩེའི་ངང་“ཨ་ལྕེ་སྒྲོལ་མ་”ཞེས་འབོད་ཀྱི་ཡོད། 2023ལོར་སྒྲོལ་མ་སེམས་ཉི་ཟླ་གྲོང་ཁྱེར“མཛེས་སྡུག་ལྡན་པའི་གཞི་རིམ་སྒྲོག་འགྲེལ་མཁན”ལ་བདམས་པ་རེད།
བྱེད་ཐབས་གསར་གཏོད་བྱས་ནས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་མི་སེམས་སུ་ཟུག་པ་བྱས།
གཞི་རིམ་གྱི་སྒྲོག་འགྲེལ་པ་ཞིག་ཡིན་པའི་ངོས་ནས་མདུན་དུ་ལྷགས་པའི་སློབ་མ་མང་ཆེ་བ་ནི་སློབ་རྒྱུས་ཡོངས་ཁྱབ་ཏུ་དམའ་བའི་ཞིང་འབྲོག་མང་ཚོགས་ཀྱི་ཏང་ཡོན་ཡིན་པས་ཇི་ལྟར་བྱས་ན་གཞི་ནས་ཏང་ཡོན་དང་མང་ཚོགས་དེ་དག་གིས་ཏང་གི་གསུང་སྒྲ་གོ་ཐུབ་བམ། ལས་ཀ་བྱས་ཚུན་སྒྲོལ་མས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དབར་གྱི་མཐུན་ས་ཆེ་ཤོས་ལ་བསམ་གཞིགས་དང་འཚོལ་ཞིབ་བྱེད་ཀྱི་ཡོད།
2009ལོ་ནས་བཟུང་སྒྲོལ་མས་རང་ཉིད་རྒྱ་བོད་སྐད་གཉིས་བྱང་ཆུབ་པའི་ལེགས་ཆར་བརྟེན་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་ཞིང་འབྲོག་མང་ཚོགས་ཀྱི་ཏང་ཡོན་དང་མང་ཚོགས་ལ་རྒྱུས་མངའ་ཡོད་པའི་ཕ་ཡུལ་གྱི་སྐད་ཆར་བསྒྱུར་ནས་ཚང་མར་སློབ་ཁྲིད་བྱས་པ་རེད། “གྲོང་ཚོའི་ནང་གི་མི་ཕལ་ཆེ་བ་བོད་རིགས་ཡིན་པ་དང་ལྷག་པར་དུ་རྒན་རབས་ཚོར་རིག་གནས་གང་ཡང་མེད་པས་རྒྱ་སྐད་གོ་གི་མེད། དགེ་རྒན་སྒྲོལ་མས་གོ་བདེ་ལ་ཤེས་སླ་བ་དང་བྱམས་བརྩེ་ལྡན་པའི་བོད་སྐད་ཀྱི་ཐོག་ནས་ཏང་གི་སྲིད་ཇུས་སྒྲོག་འགྲེལ་བྱས་པས་ཚང་མས་གོ་ཐུབ་པ་མ་ཟད་ཉན་རྒྱུར་དགའ་པོ་ཡོད་”་ཅེས་ཡང་ཐང་གྲོང་རྡལ་ཞི་བདེ་གྲོང་ཚོའི་གྲོང་མི་ཆོས་ལྡན་གྱིས་བཤད།
ལམ་གཅིག་འཚོལ་ཞིབ་དང་། ལམ་གཅིག་ལག་ལེན། ལམ་གཅིག་ཕྱོགས་བསྡོམས་བཅས་བྱས། 2016ལོ་ནས་བཟུང་སྒྲོལ་མས་དམངས་ཁྲོད་ཀྱི་གཏམ་དཔེ་དང་རི་གླུ་སོགས་སྒྲོག་འགྲེལ་གྱི་ནང་དོན་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་ཐོག་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མང་ཚོགས་ཀྱི་འགྲམ་དུ་སྐྱེལ་རྒྱུའི་ཚོད་ལྟ་བྱས་པ་རེད།
“རི་གཞས་དུམ་བུ་ཞིག་གི་གཞས་ཚིག་གི་ནང་དོན་གཙོ་བོ་ནི་‘རང་བྱུང་ཐོན་ཁུངས་སྲུང་སྐྱོང་ཡག་པོ་བྱས་ཚེ་རྩྭ་ཐང་སྟེང་གི་རྩྭ་ཚང་ཚིང་དུ་འཁྲིགས་པ་དང་། ཆུ་ལ་སྦགས་བཙོག་ཕོག་མེད་ཚེ་གཙང་པོའི་ནང་གི་ཉ་རྣམས་འོད་ཆེམ་ཆེམ་དུ་འཕྲོ་’ཞེས་པ་དེ་ཡིན་པས་ངས་གཞས་ཚིག་གི་མཚོན་བྱེད་དོན་སྙིང་གཡར་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་གོ་དོན་འཆད་ཁྲིད་བྱ་ཡིན་”ཞེས་བཤད།
“རྒན་སྒྲོལ་མས་བླངས་པའི་རི་གླུའི་གདངས་དེ་ང་ཚོས་ཆུང་དུས་ནས་ཤེས་ཀྱི་ཡོད་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་གིས་བྱེད་ཐབས་དེ་འདྲ་སྤྱད་དེ་ཏང་གི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་ཐུབ་པ་དང་དེ་སྔོན་ང་ཚོས་རིགས་པའི་གཞུང་ལུགས་དེ་དག་ཕྱོགས་ཙམ་ལས་མི་ཤེས་པ་དང་ལོ་དེ་དག་ནང་རྒན་སྒྲོལ་མའི་སློབ་ཚན་ཉན་རྗེས་ངས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སོགས་ཀྱི་ནང་དོན་ལ་ངོས་འཛིན་དང་ཁོང་དུ་ཅུང་ཆ་ཚང་པོ་ཆུད་བྱུང་ལ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་པ་སྔར་བས་གསལ་པོར་ཤེས་བྱུང་”ཡང་ཐང་གྲོང་རྡལ་ཞི་བདེ་གྲོང་ཚོའི་ཡང་ཐང་གྲོང་མིའི་ཚོགས་ཆུང་གི་ལོ་72ལ་སླེབས་པའི་ཏང་ཡོན་བསོད་ནམས་ཕུན་ཚོགས་གྱིས་བཤད།
སེམས་རྣལ་དུ་ཕབ་ནས་བརྩེ་སེམས་ལ་བརྟེན་ནས་སྐོར་སྐྱོད་སྒྲོག་འགྲེལ་གཞི་རིམ་དུ་སྒྲོག་འགྲེལ་བྱས་པ།
དགེ་རྒན་སྒྲོལ་མ་སློབ་ཚན་འཁྲིད་པར་ཡོང་རྒྱུ་ཡིན་པ་གོ་ཐོས་བྱུང་བས་ཞིང་ནང་དང་མུ་ཁ་དང་ཡང་ན་དབྱར་རྩྭ་དགུན་འབུ་རི་བོ་གང་ཞིག་ཡིན་རུང་གྲོང་མི་ཚོས་འཚང་ཁ་ཤིག་ཤིག་ངང་སློབ་ཚན་ཉན་པར་ཡོང་ནས་ཚོགས་རའི་ནང་ཡོངས་སུ་ཁེངས་འདུག “མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པས་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་པ་ཞིག་ཡིན་པའི་ངོས་ནས་མང་ཚོགས་དང་འབྲེལ་འདྲིས་བྱེད་པ་དང་།སྤྲོ་སེམས་ལྡན་པ། སེམས་མཐུན་པ། མང་ཚོགས་ཀྱི་འཚོ་བའི་ནང་མཉམ་འདྲེས་ཐུབ་པ་བཅས་བྱེད་དགོས་”ཞེས་བཤད་པ། སྒྲོག་འགྲེལ་སློབ་ཁང་དུ་དགའ་བསུ་དེ་འདྲ་ཐོབ་པའི་མན་ངག་མཉམ་སྤྱོད་བྱེད་སྐབས་དགེ་རྒན་སྒྲོལ་མས་“ངའི་ངོས་ནས་བརྗོད་ན་ཤང་དང་གྲོང་རྡལ་ཁག་ཏུ་སྒྲོག་འགྲེལ་བྱེད་པར་བསྐྱོད་པ་ནི་དོན་དངོས་ཐོག་མང་ཚོགས་དང་འབྲེལ་གཏུག་དང་སྤེལ་རེས་ཡང་ཡང་བྱེད་པའི་རྩ་ཆེའི་གོ་སྐབས་ཤིག་རེད། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་ཡིན་ནའང་འདྲ་ཡང་ན་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་སེམས་ཁྲལ་ཡིན་ནའང་འདྲ། ངའི་ཡིད་ལ་འཆར་ཐུབ་པ་དང་། ཁོ་ཚོས་རྒྱུས་ལོན་བྱེད་འདོད་ཡོད་པ་ཡིན་ནའང་འདྲ། ངས་ཁོང་ཚོ་དང་གྲོས་བསྡུར་བྱེད་འདོད་ཡོད། ཁོ་ཚོའི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་ཐུབ་རྒྱུའི་རེ་བ་ཡོད། ” ཅེས་བཤད་པ་རེད།
ཡུན་རིང་སོང་རྗེས་སྒྲོལ་མ་དང་ས་ཐག་རིང་བའི་གངས་རིའི་འབྲོག་ར་དང་གྲོག་རོང་གི་རྩྭ་ཐང་དུ་ཡོད་པའི་ཞིང་འབྲོག་མང་ཚོགས་ཀྱི་ཏང་ཡོན་དང་མང་ཚོགས་དབར་ཇི་ཙམ་ཉེ་རུ་ཕྱིན་པ་དང་འབྲེལ་བ་ཡང་དེ་ཙམ་གྱིས་དམ་ཟབ་ཏུ་ཕྱིན་ནས་སྒྲོག་འགྲེལ་བྱས་རྗེས་རྒྱུན་གཏན་གྱི་གནས་ཚུལ་གླེང་མོལ་བྱ་རྒྱུ་དེ་རྒྱུན་མཐོང་གི་ལྷུ་ཚིགས་ཤིག་ཏུ་གྱུར་ཡོད། “ཁོང་ཚོས་ང་དང་འཚོ་བ་མཉམ་སྤྱོད་བྱེད་འདོད་ཡོད་པར་ཧ་ཅང་དགའ་པོ་བྱུང་བ་དང་སྐབས་འགར་ཁོང་ཚོས་ད་དུང་སྒྲོག་འགྲེལ་ནང་དོན་ཁྲོད་ཀྱི་སྐད་ཆ་ཚིག་ག་གེ་མོ་ཞིག་ལ་བརྟེན་ནས་བློ་སྒོ་ཕྱེ་སྟེ་ཤེས་པ་དང་དྲན་པ་དང་དེ་བཞིན་ཉེ་འགྲམ་གྱི་གྱོད་དཔེ་ང་ལ་མཉམ་སྤྱོད་བྱས་ནས་ངའི་སྒྲོག་འགྲེལ་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་ཡོད། དེར་བརྟེན་སྒྲོག་འགྲེལ་བྱེད་རིམ་བཞིན་ངའི་ངོས་ནས་བརྗོད་ན་ཕྱོགས་གཉིས་མཉམ་འགུལ་སྤེལ་རེས་ཀྱི་གོ་སྐབས་བཟང་པོ་ཞིག་རེད་"་ཅེས་སྒྲོལ་མ་དགོད་བཞིན་བཤད།
ནན་ཏན་གྱིས་བསྒྲུབས་ན་ཕན་འབྲས་ནི་རིམ་བཞིན་མངོན་པ་ཡིན།“ད་ལོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་འབུ་རྩྭ་རི་བོར་སྒྲོག་འགྲེལ་བྱེད་པར་སྐྱོད་སྐབས་ཞིང་འབྲོག་མང་ཚོགས་ཀྱི་ཏང་ཡོན་དང་མང་ཚོགས་ཚོས་རང་ཉིད་ཀྱིས་རྩོམ་སྒྲིག་བྱས་པའི་ལེ་ཚན་ཞིག་འཁྲབ་སྟོན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་སོགས་ཀྱི་ནང་དོན་རང་ཉིད་ཀྱིས་གསར་རྩོམ་བྱས་པའི་བརྩམས་ཆོས་ནང་སྟབས་བསྟུན་ངང་སྤྱོད་པ་རེད། དེ་ཙམ་གྱིས་མི་ཚད་མང་ཚོགས་ཁག་གཅིག་གིས་ད་དུང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་བོད་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་གྱི་རྣམ་པའི་ཁྲོད་འདྲེས་པར་བྱས་ཡོད་”ཅེས་སྒྲོལ་མའི་བཤད།
“རྒན་སྒྲོལ་མ་ལགས་ང་གྲོང་ཚོའི་ནང་གཉེར་བའི་ཏང་ཡོན་གསོ་སྦྱོང་ནང་ཞུགས་པ་དང་སྐབས་དེ་དུས་ཁྱེད་ཀྱིས་གཞོན་ནུ་ཚོར་གདོང་མཆོང་གི་ངར་ཤུགས་ཡོད་དགོས་པ་དང་ཕྱིར་བསྐྱོད་དེ་མཐོང་རྒྱ་ཆེ་རུ་གཏོང་དགོས་ཞེས་བརྗོད་པ་དེས་ང་ལ་བློ་སྒོ་ཆེན་པོ་ཕྱེ་བྱུང་། ད་ཆ་ངས་གྲོང་ཁྱེར་ནང་ཟ་ཁང་བཙུགས་པ་དང་ཕྲུ་གུ་གཉིས་ཀྱང་གྲོང་ཁྱེར་ནང་སློབ་གྲྭར་འགྲོ་གི་ཡོད”ཅེས་བཤད། དེ་སྔ་སྒྲོག་འགྲེལ་ཉན་མྱོང་བའི་གྲོང་མི་སྒྲོལ་མས་ལོ་དེ་དག་རིང་གི་འཚོ་བའི་འགྱུར་ལྡོག་མཉམ་སྤྱོད་བྱེད་བཞིན་ཡོད། སེམས་རྣལ་དུ་ཕབ་ནས་བརྩེ་སེམས་མཚོན་པར་བྱེད་པའི་སྒྲོག་འགྲེལ་དེ་ཏན་ཏིག་དང་གོ་ཆོད་པ་ཞིག་ཡོད་པ་དང་མཉམ་འགུལ་དེ་ལྟ་བུ་དུས་ངེས་མེད་དུ་འཁྲབ་སྟོན་བྱས་པས་སྒྲོལ་མས་གཞི་རིམ་གྱི་སྒྲོག་འགྲེལ་ལས་དོན་ཡག་པོ་སྒྲུབ་པའི་ཆོད་སེམས་དེ་བས་བརྟན་དུ་ཕྱིན་ཡོད་པ་རེད།
“གཞི་རིམ་ཏང་གི་སློབ་གྲྭའི་དགེ་རྒན་ཞིག་ཡིན་པའི་ངོས་ནས་ངས་ཐོག་མཐའ་བར་གསུམ་དུ་རིགས་པའི་གཞུང་ལུགས་ཀྱི་ལས་དོན་པ་རྣམས་སྒྲོག་འགྲེལ་བྱེད་མཁན་ཡག་པོ་ཞིག་བྱེད་དགོས་པ་མ་ཟད་ལོ་ཙཱ་བ་དེ་བས་ཡག་པོ་ཞིག་བྱེད་དགོས་པ་དང་རིགས་པའི་གཞུང་ལུགས་མང་ཚོགས་ཀྱིས་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ཚེ་སྒྲོག་འགྲེལ་ལ་གཞི་ནས་དོན་སྙིང་དེ་བས་ལྡན་པ་དང་ཕན་འབྲས་དེ་བས་ཆེ་བ་ཐོན་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད་”ཅེས་སྒྲོལ་མ་ཡིས་སྤྲོ་སེམས་འཁོལ་བའི་ངང་བཤད། གངས་རི་མི་རྒས་པ་དང་གཙང་ཆུ་རྒྱུན་རིང་བས་སྒྲོལ་མ་མུ་མཐུད་སེམས་ཀྱི་ཉི་ཟླའི་རི་ཆུའི་བར་དུ་བསྐྱོད་དེ་ཏང་གི་གསུང་སྒྲ་གངས་རིའི་གྲོག་རོང་དུ་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་སེམས་ནང་སྐྱེལ་རྒྱུ་ཡིན་ཞེས་བཤད།