རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-08-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཞིང་ཨུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཟླ་8ཚེས་22ཉིན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཨུ་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་བདེ་ཆེན་དུ་འཚོགས་པ་རེད།
ཞིང་ཨུ་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་ཐིང་ཀྲང་ལིའུ་ལི་ཀྲིས་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཀྲང་ཝེ་ཏུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡུས་ཧྲེང་ཞང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་བཅས་ཚོགས་འདུར་ཞུགས་ཡོད།
སྙན་ཞུའི་ཚོགས་འདུའི་ཐོག་ལིའུ་ལི་ཀྲིས་ཚང་འཛོམས་གྲོས་ཚོགས་འཚོགས་པའི་དོན་སྙིང་གལ་ཆེན་དང་གཞི་རྩའི་གནས་ཚུལ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་《གཏན་འབེབས་》ནང་བཏོན་པའི་སྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ལ་ཁྱོན་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་གོ་བ་ལེན་པ་དང་ནུས་ཤུགས་ཡོད་རྒུས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་སོགས་ཀྱི་ཐད་བརྒྱུད་རིམ་ལྡན་པའི་ངང་སྒྲོག་འགྲེལ་དང་འཆད་འགྲེལ་གཏིང་ཟབ་བྱས་པ་དང་འབྲེལ་ཡུན་ནན་ཞིང་ཆེན་དང་བདེ་ཆེན་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་ལས་དོན་དངོས་ཁྲོད་ཀྱི་མཛུབ་ཁྲིད་ནུས་པ་དང་ལག་ལེན་གྱི་དོན་སྙིང་གསོན་ཉམས་ལྡན་པའི་ངང་རྒྱས་བཤད་བྱས་པ་རེད། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཅིག་ཡིན། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་སློབ་སྦྱོང་དང་གོ་བ་ལེན་རྒྱུ་དང་ཟུང་འབྲེལ་འབྲེལ་མཐུད་བྱས་ཏེ་ཏང་གིས་སྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་ཀྱི་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
ལུའོ་ཁྲའོ་ཧྥེང་གིས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་ལག་བསྟར་ཡག་པོ་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཐེངས་འདིའི་སྒྲོག་འགྲེལ་གོ་སྐབས་སུ་བཟུང་ནས་སྔར་ལས་ལྷག་པར་རང་འགུལ་གྱིས་སློབ་སྦྱོང་དང་། སློབ་ཞུགས་གཏིང་ཟབ། མ་ལག་རིག་པ་བཅས་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཁོང་དུ་ཡང་དག་ཆུད་པ་བཅས་བྱས་ཏེ། བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན། ལས་ཀར་སྐུལ་འདེད་བཅས་བྱེད་པར་སྤྱོད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁུལ་ཨུའི་སྒྲོག་འགྲེལ་ཇུས་གཞི་གཞིར་བཟུང་དམིགས་བྱ་ཅན་དང་། མང་ཚོགས་དབྱེ་འབྱེད། མཉམ་འགུལ་ཅན་བཅས་ཀྱི་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་དགོས། “རང་འགུལ་ངང་བསམ་བློ་གཏོང་བ་ ” དང་ “དངོས་སྒྲུབ་ ” “ཕན་འབྲས་ལ་ལྟ་བ ”བཅས་ཀྱི་ལས་དོན་ལ་དམ་འཛིན་བྱེད་པའི་“རོལ་དབྱངས་ཁག་གསུམ ”དང་དེ་བཞིན་ཁུལ་ཨུ་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་《གཏན་འབེབས་》དང་《ལག་བསྟར་བསམ་འཆར་》གཞིར་བཟུང་ལས་ཀའི་བྱ་ཐབས་ཞིབ་ཚགས་སུ་གཏོང་བ་དང་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་འགན་ཁག་རེ་རེ་བཞིན་དོན་འཁྱོལ་ཡག་པོ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཁུལ་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཚན་པའི་ཁོངས་མི། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན། ཁུལ་རིམ་པའི་སྡེ་ཁག་སོ་སོའི་འགོ་ཁྲིད་ཚན་པའི་ཁོངས་མི། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི། སྤྱི་ཚོགས་ཚན་རིག་རིགས་པའི་གཞུང་ལུགས་ལས་རིགས་ཀྱི་འཐུས་མི། མཐོ་རིམ་སློབ་གྲྭའི་དགེ་སློབ་ཀྱི་འཐུས་མི། གཞོན་ནུའི་འཐུས་མི། ཁུལ་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་སོགས་ཚོགས་ར་གཙོ་བོར་སྙན་ཞུའི་ཚོགས་འདུར་ཞུགས་ཡོད།
སྙན་ཞུའི་ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་པ་དང་རྫོང་(གྲོང་ཁྱེར་)ཁག་དང་སེམས་ཀྱི་ཉི་ཟླ་ཐོན་ལས་ཁུལ་དུ་ཡན་ལག་ཚོགས་ར་བཙུགས་པ་རེད། བདེ་ཆེན་ཁུལ་གྱི་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རར་ཁྱོན་མི་900ལྷག་ཙམ་སྙན་ཞུའི་ཚོགས་འདུར་ཞུགས་ཡོད་པ་རེད།
ཚེས་21ཉིན་ཞིང་ཨུ་སྒྲོག་འགྲེལ་ཚོགས་པ་དང་བཅས་པས་ད་དུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བྱང་སྒོ་སྡེ་ཁུལ་དུ་སྒྲོག་འགྲེལ་བཞུགས་མོལ་ཚོགས་འདུ་འཚོགས་ནས་གཞི་རིམ་མང་ཚོགས་ཀྱི་འཐུས་མི་དང་སྤེལ་རེས་མཉམ་འགུལ་བྱས་པ་རེད།