བདེ་ཆེན་ཁུལ་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་མཉམ་འདྲེས་འཕེལ་རྒྱས་གཏོང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཉེ་བའི་ལོ་འགའི་རིང་།བདེ་ཆེན་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་འཛུགས་པ་གཙོ་རྐང་དུ་འཛིན་པ་དང་བློ་བརྟན་འགྱུར་མེད་ཀྱིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་ཞེས་པའི་འདུ་ཤེས་ལག་བསྟར་བྱས་པ་དང་སྤུས་ཚད་མཐོ་བའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་ནས། སྣོད་བཅུད་ལེགས་པ་དང་མང་ཚོགས་ཕྱུག་པ། མི་རིགས་འཆམ་མཐུན། མཐུན་སྒྲིལ་བརྟན་བརླིང་གི་ལམ་བུ་གསར་པ་ཞིག་བཏོད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་རོལ་དབྱངས་སྙན་མོ་དཀྲོལ་ཡོད།

        སྣོད་བཅུད་ཁོར་ཡུག་གི་རྣམ་པ་མཉམ་དུ་གསར་གཏོད་བྱེད།

        པད་མ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞང་ཀུའུ་ཆིན་ནི་“གཙང་གསུམ་མཉམ་རྒྱུག་”འཛམ་གླིང་རང་བྱུང་ཤུལ་བཞག་གི་ལྟེ་བའི་ས་ཁུལ་དུ་གནས་ལ། ཕལ་ཆེར་གོ་ལ་ཧྲིལ་པོའི་བརྒྱ་ཆའི་དྲུག་ཅུའི་་ཏན་སྤྲེའུ་སྤུ་སེར་འཚོ་གནས་བྱེད་ས་ཡིན། ཏན་སྤྲེའུ་སྤུ་སེར་ནི་རང་རྒྱལ་ཁོ་ནར་ཡོད་པའི་རིམ་པ་དང་པོའི་དཀོན་ཞིང་རྩ་ཆེ་ལ་སྟོངས་ལ་ཉེ་བའི་སྲུང་སྐྱོབ་སྲོག་ཆགས་ཤིག་ཡིན་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2500ནས་སྨི་4700བར་གྱི་རི་མཐོའི་ནགས་ཚལ་ནང་འཚོ་སྡོད་བྱེད་ཡོད། ནམ་གསལ་མ་ཐག་སྤྲེའུ་སྲུང་མཁན་ཡུས་ཅན་ཧྭ་རི་བོའི་ཟབ་སར་སོང་ནས་ཏན་སྤྲེའུ་སྤུ་སེར་གྱི་སྤྲེའུ་ཁྱུའི་མཐའ་འཁོར་དུ་སྲུང་སྐྱོང་བྱས་ནས་ཁོང་ཚོར་ཀུ་ཤུ་སོགས་བཟའ་བཅའ་སྤྲད་པ་དང་། སྤྲེའུ་ཡི་ལུས་པོའི་རྣམ་པ་མི་བཟང་པ་ཤེས་ཚེ་ཁོང་གིས་འཕྲལ་དུ་ཉེ་འགྲམ་གྱི་སྲོག་ཆགས་སྐྱོབ་སྲུང་ས་ཚིགས་དང་འབྲེལ་བ་བྱས་པ་རེད།

        མིག་སྔར། པད་མ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་ཏན་སྤྲེའུ་སྤུ་སེར་གྱི་རིགས་ཁྱུ་དང་སྤྱིའི་གྲངས་འབོར་1985ལོའི་སྤྲེའུ་ཁྱུ་7གྱི་སྤྲེའུ་540ཡས་མས་ནས་ད་ལྟའི་རིགས་ཁྱུ་14ཡི་ཧ་ལམ་2180ནས་2830བར་མང་དུ་ཕྱིན་པ་དང་ཁེར་རྐྱང་གི་གྲངས་འབོར་གྱིས་ཀྲུང་གོའི་ཏནསྤྲེའུ་སྤུ་སེར་གྱི་གྲངས་འབོར་གྱི་65%བཟུང་ཡོད།

        ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་མི་རིགས་ཁག་གི་མང་ཚོགས་སྐུལ་སློང་བྱས་ཏེ་ཐུན་མོང་ཐོག་གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མའི་སྲུང་སྐྱོང་དམག་འཐབ་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་མཚོན་རྟགས་རང་བཞིན་གྱི་གཡུལ་འགྱེད་བརྒྱད་ཡག་པོ་བརྒྱབ་པ་དང་ཆུ་(མཚེའུ་)དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་ཀྱི་འགན་འཁྲིའི་མ་ལག་ལ་བརྟེན་ནས་འབྲི་ཆུའི་ལོ་བཅུའི་རིང་ཉ་འཛིན་མི་ཆོག་ཞེས་པའི་ལས་དོན་ལ་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱས་ཏེ་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། འདམ་ར་སྲུང་སྐྱོང་ཉམས་གསོ་སོགས་ལས་གྲྭ་ལག་བསྟར་བྱས་པ། འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་མཐའ་གཅིག་ཏུ་བཏང་ནས་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ། ཁུལ་ཡོངས་ཀྱི་གྲོང་ཁྱེར་གྱི་མཁའ་དབུགས་བཟང་བའི་ཉིན་གྲངས་ཀྱི་བསྡུར་ཚད་100%ཡིན་ལ། ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཡིན།

        2022ལོའི་ཟླ་11པར་བདེ་ཆེན་ཁུལ་ལ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་ཞེས་པའི་མིང་བཏགས་པ་དང་། 2023ལོའི་ཟླ་2པར་ཡུན་ནན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་གིས་ཞིང་ཆེན་རིམ་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་ཞེས་པའི་མིང་བཏགས་པ། 2023ལོའི་ཟླ་10པར་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་ལ་ཁག་བདུན་པའི་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་ཞེས་པའི་མིང་བཏགས་པ། འཇོལ་རྫོང་དང་འབའ་ལུང་རྫོང་ལ་ཞིང་ཆེན་རིམ་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་ཞེས་པའི་མིང་བཏགས་པ་རེད།

        མི་རིགས་ཁག་གི་མང་ཚོགས་ཀྱིས་ཕྱུག་འགྱུར་རོལ་དབྱངས་ལེན།

        2015ལོར་ཡུས་ཝུན་ཀོང་གིས་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཆུ་འཛོམས་གྲོང་ཚོར་འབའ་ལུང་ཝུའུ་ཨན་ཞིང་རྫས་ཚོང་ཟོག་ཀུང་སི་འཛུགས་པ་དང་ས་ཞིང་སྐོར་སྐྱོད་བྱེད་ནས་ཡུན་ནན་དྭ་བ་འདེབས་འཛུགས་དཔེ་སྟོན་གནས་གཞི་བཏོད་པ་རེད། ཀྲུང་ལུགས་སྨན་རྫས་འདེབས་འཛུགས་ལས་སྣོན་གནས་གཞི་དེར་སླེབས་སྐབས་བོད་རིགས་དང་ལི་སུའུ་རིགས། འཇང་རིགས་བཅས་ཀྱི་ཡུལ་མིས་ཞིང་ཁར་བྲེལ་བཞིན་ཡོད།

        2022ལོར། ཀུང་སིའི་གླ་པ་ཆུ་འཛོམས་གྲོང་ཚོའི་ཡུལ་མི་ཚོ་ཆུང་6ཏུ་ཁྱབ་པ་དང་ཡུལ་མི་སྣེ་ཁྲིད་བྱས་ནས་ཀྲུང་ལུགས་སྨན་རྫས་མུའུ་120ལྷག་འདེབས་འཛུགས་བྱས་པ་པ་དང་། ཞིང་དུད་60ཡི་མི་216ལ་ཕན་པ་ཐོབ་ཡོད། 2023ལོར་ཀུང་སིས་ཕྱིར་འཚོང་དངུལ་སྒོར་ཁྲི་སྟོང་ལས་བརྒལ་བ། འདེབས་འཛུགས་དུད་ཚང་ལ་ཆ་སྙོམས་འབབ་འཕར་སྒོར་8000བྱུང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་48་བྱུང་ཡོད།

        ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་སྣོད་བཅུད་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས་རི་སྔོ་ཆུ་དྭངས་ཀྱི་རྣམ་པ་ལེགས་པོ་དེ་གསེར་རི་དངུལ་རིའི་རིན་ཐང་མཐོ་པོར་འགྱུར་རྒྱུར་སྐུལ་འདེད་བཏང་བ་དང་"རི་བོ་གཉིས་"དབར་གྱི་གཞན་སྒྱུར་ལ་སྐུལ་འདེད་ནུས་ལྡན་བཏང་བས་ཀྲུང་ལུགས་སྨན་རྫས་འདེབས་འཛུགས་ནི་དེའི་ཁྲོད་ཀྱི་ཁུལ་གྱི་གནས་ཚུལ་དང་མཐུན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཡིན། 2023ལོར་བདེ་ཆེན་ཁུལ་གྱི་ཀྲུང་ལུགས་སྨན་རྫས་འདེབས་ཁྱོན་མུའུ་ཁྲི་12.58ཟིན་པ་དང་ཐོན་ཚད་ཏུན་ཁྲི་4.76ཙམ་ཟིན་པ་དང་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་8.43ཙམ་ཟིན་ཡོད་པ་རེད།

        མི་རིགས་མཐུན་སྒྲིལ་ཟབ་སྤེལ་གཏོང་བ།

        འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་མཐའ་ཆུ་གྲོང་ཚོའི་ཐུའོ་ལུའོ་ཏིང་ཡུལ་མི་ཚོ་ཆུང་ལ་དུད་ཚང་38ཡོད་པ་དང་གཙོ་བོ་ལི་སུའུ་རིགས་ཡིན་མོད།  འོན་ཀྱང་འདི་གའི་ལི་སུའུ་རིགས་མང་ཚོགས་ཀྱི་སྡོད་ཁང་ནི་བོད་རིགས་ཀྱི་ཉམས་འགྱུར་རབ་ཏུ་ལྡན།

        “ང་ཆུང་དུས་ནས་བཟུང་གྲོང་ཚོའི་ནང་གི་མི་རིགས་གཞན་དག་གི་སྐད་ཆ་སྦྱོང་འགོ་ཚུགས་པ་དང་ད་དུང་ཁོང་ཚོའི་ཞབས་བྲོ་དང་དམངས་གཞས་ཀྱང་སྦྱོང་མྱོང་” ལི་སུའུ་རིགས་ཀྱི་གྲོང་མི་ཡུང་ཀྲུང་གིས་ཁོང་ལ་ད་དུང་མི་རིགས་མི་འདྲ་བའི་སྲོལ་རྒྱུན་གྱོན་ཆས་ཆ་ཚང་ཁ་ཤས་ཡོད་པ་དང་མི་རིགས་མི་འདྲ་བའི་དུས་ཆེན་གྱི་ཉིན་མོ་རེ་རེར།མོས་ལུས་ལ་བབ་མཚུངས་ཀྱི་ལྭ་བ་གྱོན་ནས་རྟེན་འབྲེལ་ཞུ་བ་ཡིན་ཞེས་བསྟན་པ་རེད།

        ཐུའོ་ལུའོ་ཏིང་གི་ལི་སུའུ་རིགས་ཀྱི་མང་ཚོགས་རྣམས་བོད་ལུགས་རྡོ་བརྩིགས་ཁང་པའི་ནང་སྡོད་པ་མ་ཟད་ད་དུང་བོད་སྐད་ཤོད་ཤེས་པ་དང་གཞས་འཁྲབ་ཤེས་པ་དང་ཇ་བསྲུབས་མ་འཐུང་ཤེས་པས་ལི་སུའུ་རིགས་ཀྱི་རིག་གནས་དང་བོད་ཀྱི་རིག་གནས་ཕན་ཚུན་འདྲེས་པ་དང་ཞི་མཐུན་མཉམ་གནས་བྱུང་ཡོད།

        བདེ་ཆེན་ནི་དཔེ་མཚོན་གྱི་མི་རིགས་མང་པོ་འདུས་སྡོད་དང་རིག་གནས་མང་པོ་མཉམ་འདྲེས་ཀྱི་ས་ཆ་ཞིག་དང་མི་རིགས་ཁག་གི་བུ་ཕྲུག་ཁྲི་39.1གི་ཐུན་མོང་གི་ཁྱིམ་གཞིས་ཤིག་ཡིན་པ་དང་། མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱེད་མཚམས་ཆད་མྱོང་མེད་པས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་དེ་བཞིན་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་ཆེད་རྒྱལ་ཡོངས་ཀྱི་བདེ་ཆེན་གྱི་དཔེ་མཚོན་བཏོད་ཡོད། 2021ལོའི་ཟླ1པོར་བདེ་ཆེན་ཁུལ་ལ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་”ཞེས་པའི་མིང་བཏགས་པ་རེད། ཁོངས་གཏོགས་ཀྱི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་ལ་“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་(གྲོང་ཁྱེར་)”གི་མིང་སྔ་རྗེས་སུ་ཐོབ་པ་རེད།