སེམས་ཀྱི་ཉི་ཟླའི་གནམ་ཐང་གི་བེ་ཤ་ཟོག་འདྲེན་གནམ་གྲུ་སྐྱེལ་འདྲེན་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-03   རྩོམ་ཁུངས།    ཡུན་ནན་དྲ་བ།

图片

        ཡུན་ནན་དྲ་བའི་འཕྲིན། ད་ལོའི་ཚུན་དུ། བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་ཐང་གིས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བས་སྤུས་ཚད་དང་འཕར་ཚད་མཐོ་རུ་ཕྱིན་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཟླ་8ཚེས་22ཉིན་བར་བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་ཐང་གིས་ཁྱོན་བེ་ཤ་ཟོག་འདྲེན་གནམ་གྲུ་ཐེངས་60འབབ་རྒྱུ་འགན་ལེན་བྱས་པ་དང་། གྲུ་ཁར་ཕར་འགྲོ་ཚུར་འོང་བྱེད་པའི་དངོས་ཟོག་སྦྲག་སྐྱེལ་འདོན་འཇུག་བྱེད་ཚད་ཏུན་532ལེགས་གྲུབ་ཟིན་ནས་ན་ནིང་གི་ཤ་མོ་དུས་ཚིགས་ཧྲིལ་པོའི་ལས་སྒོའི་ཆུ་ཚད་ལས་ཕྱོགས་ཡོངས་ནས་བརྒལ་ཏེ་ཉིན་རེའི་ཆ་སྙོམས་དུས་གཏན་གནམ་གྲུ་སྐྱེལ་འདྲེན་བྱེད་ཚད་དང་དེ་བཞིན་དུས་གཏན་གནམ་གྲུ་རྐྱང་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་མངོན་འགྱུར་བྱུང་ཡོད།

图片

        ད་ལོའི་སེམས་ཀྱི་ཉི་ཟླ་བེ་ཤ་གླེང་སྟེགས་སྐབས་གསུམ་པ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་ཆབས་ཅིག་   སེམས་ཀྱི་ཉི་ཟླའི་བེ་ཤ་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཡིད་དབང་འཕྲོག་ཤུགས་སྔར་བས་མངོན་གསལ་དོད་དུ་ཕྱིན་པའི་ཁར་ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་གྱིས་སེམས་ཀྱི་ཉི་ཟླའི་བེ་ཤ་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྲིད་ཇུས་ཁྲིད་སྟོན་དང་འབྲེལ་ཡོད་ལམ་ལུགས་ལག་བསྟར་བྱས་ཏེ་ཐུན་མོང་ཐོག་སེམས་ཀྱི་ཉི་ཟླའི་བེ་ཤ་ཐོན་ལས་འཕེལ་རྒྱས་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་རོགས་བྱས་པ་དང་། བེ་ཤ་ཁེ་ལས་ཀྱི་གཞི་ཁྱོན་དང་། ལས་ཞུགས་ཀྱི་གནོན་ཤུགས་ཐག་གཅོད། དཔལ་འབྱོར་གྱི་སྒུལ་ནུས་ཆེ་རུ་གཏོང་བ་བཅས་ཀྱི་ཐད་འགག་སྒྲོལ་གསར་པ་ཡོང་བ་བྱས་ཡོད། མིག་སྔར་གནམ་ཐང་དུ་སྐྱེལ་འདྲེན་བྱེད་པའི་བེ་ཤ་ཚད་གཞིར་གཞིགས་ན་ས་གནས་ཀྱི་ཞིང་དུད་དང་དེ་བཞིན་བེ་ཤ་ཁེ་ལས་ལ་དཔལ་འབྱོར་གྱི་རིན་ཐང་སྒོར་དུང་ཕྱུར་2ཙམ་བཏོད་དེ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་སླར་གསོ་བྱས་ནས་ཞིང་པའི་འབབ་འཕར་ཡོང་འབབ་ལ་སྐུལ་ཁྲིད་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཐུབ།

图片

        ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཚུན་དུ། ལོ་སྔོན་མའི་ཟོག་འདྲེན་འགན་ལེན་གྱི་འཁོར་སྐྱོད་ལས་ཕྱོད་མི་འདང་བ་དང་ཟོག་འདྲེན་ས་ཚིགས་ཀྱི་བར་བརྒྱུད་ནུས་པ་ཞན་པ་སོགས་ཀྱི་ཞན་ཆ་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག་སེམས་ཀྱི་ཉི་ཟླའི་གནམ་ཐང་གིས་ཟོག་འདྲེན་ལས་སྒོའི་ཚད་བརྒལ་དང་གསར་གཏོད་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་ལོ་འགོ་ནས་བཟུང་འཆར་གཞི་ལྟར་ཟོག་འདྲེན་ས་ཚིགས་སྒྱུར་བཀོད་རིམ་སྤོར་རྣམ་གྲངས་ལག་བསྟར་བྱས་ཏེ་བེ་ཤ་དུས་ཚིགས་ཀྱི་ཟོག་འདྲེན་འཕྲུལ་འཁོར་ཧྲིལ་པོ་ནུས་ཆེའི་ངང་འཁོར་སྐྱོད་བྱ་རྒྱུར་འགན་ལེན་གལ་ཆེན་བྱས་ཡོད་པ་རེད། ད་ལོའི་བེ་ཤ་ཐོན་ཚད་དང་ལས་སྒོའི་གྲངས་འབོར་སྔར་བས་མང་དུ་ཕྱིན་པར་གཞིགས་ནས་ཧྲུན་ཧྥུང་“ལྟེ་གནས་གཅིག་དང་བསྡུ་འགྲེམས་ལྟེ་གནས་གཉིས་”ཀྱི་མདུན་སྣེ་དང་བར་སྣེ་བརྒྱུད་འདྲེན་གྱི་ནུས་པ་འདོན་སྤེལ་ཐུབ་པ་དང་།“སྐམ་ས་ནས་མཁའ་འགྲུལ་སྒྱུར་བའི་”ལས་སྒོའི་སྐྱེལ་འདྲེན་ཞབས་ཞུའི་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། བེ་ཤ་མྱུར་སྐྱེལ་དངོས་ཟོག་སྐྱེལ་འདྲེན་ལས་ཆོད་དང་། སྐྱེལ་འདྲེན་གཟུགས་ཚད།  སྐྱེལ་འདྲེན་བརྒྱུད་རིམ་བཅས་ཕྱོགས་གསུམ་གྱི་ཐད་ནས་ལེགས་འགྱུར་དང་མཐོར་འདེགས་བྱུང་བ་དང་།བེ་ཤ་དངོས་ཟོག་ས་ཚིགས་ནས་གནམ་གྲུ་འབབ་ཚིགས་བར་གྱི་གོ་ཆོད་ཡུན་ཚད་སྔར་ལས་མཐོ་རུ་ཕྱིན་ཡོད།