གཉེན་སྒྲིག་སྐབས་ཀྱི་བསྐྱིས་སྒོར་གན་རྒྱ་ནུས་ལྡན་ཡིན་ནམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-03   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

        《ཀྲུང་ཧྭ་མི་དམང《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང〉གཉེན་སྒྲིག་དང་ཁྱིམ་ཚང་སྐོར་གྱི་འགྲེལ་བཤད(གཅིག)》ཀྱི་དོན་ཚན82པའི་གཏན་འཁེལ་ལྟར་ན། ཁྱོ་ཤུག་བར་དངུལ་བུན་གཏོང་ལེན་གྱི་གྲོས་མཐུན་བཞག་སྟེ་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་དེ་ཕྱོགས་གཅིག་ལ་གཡར་ནས་སྒེར་གྱི་གཉེར་སྐྱོང་བྱ་འགུལ་སྤེལ་བའམ་ཡང་ན་སྒེར་གྱི་ལས་དོན་གཞན་བཀོལ་སྤྱོད་བྱས་པའི་རིགས་ལ། ཕྱོགས་གཉིས་ཀས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཐག་གཅོད་བྱ་རྒྱུའི་ཁ་ཆད་བཞག་པའི་བྱེད་ལས་སུ་བརྩི་རྒྱུ། བཟའ་འཐོར་བྱེད་སྐབས་དངུལ་བུན་གཏོང་ལེན་སྐོར་གྱི་གྲོས་མཐུན་ནང་ཁ་ཆད་བཞག་པ་ལྟར་ཐག་གཅོད་བྱ་ཆོག