བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་ཐེངས་15པ་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས་3ཉིན་གྱི་སྔ་དྲོར།   ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་གཏོང་བ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་དགའ་བས་བསུ།  ——གཙང་གསུམ་དཀྱིལ་ཁུལ་གྱི་སེ་འབྲུ་སྨིན་བ་དང་བདེ་སྐྱིད་མེ་ཏོག་བཞད་ནས་ཐུན་མོང་ཐོག་ཕུགས་འདུན་སྒྲུབ་པ་ཞེས་པའི་བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་15པའི་བྱེད་སྒོ་རབ་དང་རིམ་པའི་འགོ་ཚུགས་མཛད་སྒོ་དེ་འབའ་ལུང་རྫོང་མི་རིགས་མཐུན་སྒྲིལ་ཐང་ཆེན་དུ་སྤེལ།   ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་ཀྲང་ཝེ་ཏུང་གིས་མངགས་བཅོལ་ལྟར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་གྱིས་ཤིས་ཚིག་ཕུལ་བ་དང་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་བྱས་པ་རེད།

图片

        ཤེས་གསལ་བྱུང་དོན། ལོ་15ཡི་རིང་བདེ་ཆེན་ཁུལ་གྱི་ལོ་རེའི་ཟླ་9པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བའི་བྱེད་སྒོ་རབ་དང་རིམ་པས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དྲིལ་བསྒྲགས་སློབ་གསོ་བརྟན་པོ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་པ། མི་རིགས་ཁག་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་པ་དང་། བདེ་ཆེན་གྱི་གཟུགས་ལྡན་ཚོར་སྣང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གཞི་རྟེན་གལ་ཆེན་དང་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཏུ་གྱུར་ཡོད།  རང་ཁུལ་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་གཏོང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པར་བརྒྱུད་“དོན་ཆེན་བཞི་"སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་།   ཆབ་སྲིད།  རིག་གནས།  སྤྱི་ཚོགས།  སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་།  ཏང་གི་འཛུགས་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་ཁྱབ་པ་བྱས་ཏེ་ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་།  མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་བ།  བདེ་འཇགས་ཚོར་བ་བཅས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།  ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་སྐྲུན་བྱེད་ཅེས་པའི་སྤྱི་ཚོགས་ཀྱི་རྣམ་པ་དེ་བས་ཟབ་ཏུ་ཕྱིན་ཡོད།   སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་འཁུར། ཤི་གསོན་མཉམ་གནས།  ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་མི་སེམས་སུ་གཏིང་ཟབ་ཟུག་ཡོད།  སྲོག་ཤིང་ལ་བརྩི་བཀུར་དང་སེམས་པ་པེ་ཅིང་ལ་ཁ་ཕྱོགས་ཞེས་པའི་འདུ་ཤེས་སྔར་བས་རང་རྟོགས་སུ་གྱུར་ཡོད།  ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་"ངོས་འཛིན་གཅིག་མཐུན་ལྔ་"སྔར་བས་བརྟན་དུ་ཕྱིན་ཡོད་པས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གོམ་སྟབས་རྗེས་མར། བདེ་ཆེན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱསཔ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་ཐོག་བསྐྱོད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་བསུ་རྒྱུ་རེད།

图片

        ཉེ་བའི་ལོ་ཤས་རིང་། འབའ་ལུང་རྫོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་ནུས་ལྡན་དང་།  ཁ་གཏད་རོགས་སྐྱོར་ཚན་པ་དང་ཁེ་ལས་ཀྱི་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་འོག  ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ལས་ཀའི་བརྗོད་བྱ་གཙོ་བོ་དང་གཙོ་རྐང་དུ་བརྩིས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་བརྟན་ལྷིང་བཅས་ཀྱི་"དོན་ཆེན་བཞི་"ལ་དམིགས་ནས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་འཆམ་མཐུན་མཉམ་གནས་དང་། ཕར་བ་གྲུ་འདེགས། འཆམ་མཐུན་འཕེལ་རྒྱས་བཅས་བྱས་པས་རྫོང་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་བརྗིད་ཉམས་ལྡན་པའི་ལེའུ་ཞིག་བརྩམས་ཡོད།

        བྱེད་སྒོའི་ནང་ཞུགས་མཁན་འགོ་ཁྲིད་ཀྱིས་ད་དུང་རང་ཁུལ་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ཁག་བཅུ་གཅིག་པའི་དཔེ་སྟོན་ཚན་པ་ཐོབ་པའི་འཇོལ་རྫོང་དང་སེམས་ཀྱི་ཉི་ཟླའི་འགག་སྒོ། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པ་ཁག་ལྔ་པའི་འཐུས་མི་བདེ་ཆེན་ཁུལ་ནོར་སྲིད་ཅུས་དང་། བདེ་ཆེན་ཁུལ་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག ཀྲུང་གོ་སྒུལ་བདེ་ཡུན་ནན་ཚད་ཡོད་ཀུང་སིའི་བདེ་ཆེན་ཡན་ལག་ཀུང་སི།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་རིགས་ཆོས་ལུགས་ཅུས། འཇོལ་རྫོང་ཧྲེང་ཕིང་གྲོང་རྡལ། འབའ་ལུང་རྫོང་པའོ་ཧོ་གྲོང་རྡལ་ཡུང་ཉིང་སྡེ་ཁུལ་བཅས་ལ་གཟེངས་བསྟོད་རྟགས་མ་སྤྲད་པ་རེད།

        ཁུལ་དཔོན་གཞོན་པ་ཡུས་ཀུའེ་ཧྥེན་གྱིས་བྱེད་སྒོ་གཙོ་སྐྱོང་བྱས་པ་དང་།  འབའ་ལུང་རྫོང་ཨུའི་ཧྲུའུ་ཅི་མཱ་ཧྲེང་ཁྲུན་གྱིས་གཏམ་བཤད་བྱས་པ།

        ཁུལ་གྱི་འགོ་ཁྲིད་ཞའོ་ཞུས་དང་། ཧྲི་ཁྲུན་མིང་།  ས་འབྲེལ་ཁུལ་(གྲོང་ཁྱེར་)གྱི་འབྲེལ་ཡོད་རྫོང་(གྲོང་ཁྱེར་དང་ཆུས་)གི་འབྲེལ་ཡོད་འགོ་ཁྲིད་དང་། རང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལས་དོན་གྱི་"ཡར་ཐོན་བཅུ་"ཡི་སྣེ་ཁྲིད་ལས་ཁུངས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་ལས་ཁུངས་ཁག་ཅིག་གི་འགན་འཁུར་བ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་བཅས་བྱེད་སྒོར་ཞུགས་ཡོད།

        འགོ་ཚུགས་མཛད་སྒོ་རྫོགས་རྗེས་ད་དུང་ངོ་མཚར་ཆེ་བའི་མི་རིགས་རིག་གནས་འགྲེམས་སྟོན་དང་དེ་བཞིན་དཔེ་མཛེས་པར་ལེན་འགྲེམས་སྟོན་བྱས་པ་དང་། ཚོགས་ཞུགས་མི་སྣ་ད་དུང་འབའ་ལུང་རྫོང་པའོ་ཧོ་གྲོང་རྡལ་དང་དེ་བཞིན་ཡུང་ཁྲུན་ཤང་དུ་ཡུལ་དངོས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་གྲུབ་འབྲས་ལ་ལྟ་སྦྱོང་བྱེད་པར་བསྐྱོད་པ་རེད།