ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་59་པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་9ཚེས་3ཉིན་ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་59པ་གཙོ་སྐྱོང་གནང་ནས་འཚོགས་པ་རེད།

    ཚོགས་འདུའི་ཐོག་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བདུན་པས་ཡུན་ནན་ཞིང་ཆེན་གྱི་གནས་ཚུལ་ལྡོག་འབུལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་སྐབས་ནན་བཤད་གནང་དོན།དུས་ཐོག་ཏུ་འབྲེལ་ཡོད་ལས་ཀའི་ཆེད་དོན་འཛིན་གྲྭ་བཙུགས་ནས་དག་ཐེར་ཇུས་གཞི་ཏན་ཏིག་བཟོ་བ་དང་དག་ཐེར་གནས་ཚུལ་སོགས་དུས་ཐོག་ཏུ་གཏན་འབེབས་གཞིར་བཟུང་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས་པ་དང་རྫོང་(གྲོང་ཁྱེར)ཁག་གི་ཏང་ཨུ་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་ལས་དོན་ལ་གཞོགས་འདེགས་བྱེད་དགོས།ཕྱོགས་ཡོངས་ནས་འགན་འཁྲི་ནན་དུ་གཏོང་བ་དང་“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་”དོན་འཁྱོལ་ནན་པོ་བྱས་ཏེ་རིམ་པ་བཞིན་དག་ཐེར་གྱི་འགན་འཁྲི་ནན་དུ་གཏོང་བ་དང་ཆེད་དོན་འཛིན་གྲྭར་སྐུལ་འདེད་གཏོང་བ་དང་རྩིས་ཁྲ་དོ་དམ་བྱེད་དགོས། བཅོས་སྒྲིག་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལམ་ལུགས་དང་ལམ་སྲོལ་ཐོག་ནས“སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པའི”བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་སྣོད་བཅུད་ཁོར་ཡུག་གི་ཐོབ་ཚོར་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་དགོས།

    ཚོགས་འདུའི་ཐོག་དཔལ་འབྱོར་འཁོར་སྐྱོད་དང་དེ་བཞིན་རྣམ་གྲངས་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་སྐབས་དུས་ཚིགས་གསུམ་པ་ནི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་“དུས་སྐབས་ཡག་ཤོས”དང་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པའི་“འགག་རྩའི་དུས་སྐབས”ཤིག་ཡིན་ལ་ཁུལ་ཡོངས་ཀྱིས་དཔལ་འབྱོར་ལ་བརྟེན་ནས་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི་ལོ་དཀྱིལ་གྱི་འགག་སྒྲོལ་བྱ་སྤྱོད་ཀྱི“རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་སྐབས”་ཤིག་ཀྱང་ཡིན། ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ་དང་ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ།དེ་བཞིན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དུས་ཚིགས་གསུམ་པའི་ཐོན་ལས་རྣམ་གྲངས་གལ་ཆེན་བཀོད་གཏོང་སྐུལ་འདེད་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དུས་ཚིགས་གསུམ་པའི་ལས་དོན་ཁག་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བྱེད་དགོས།ནུས་ཤུགས་ཡོད་རྒུས་རྣམ་གྲངས་དམ་འཛིན་གྱིས་མ་འཇོག་ལ་སྐུལ་འདེད་གཏོང་བ་དང་རྣམ་གྲངས་གལ་ཆེན་རྒྱུན་རྣམ་ཅན་གྱི་བཀོད་གཏོང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གཙོ་གནད་རྣམ་གྲངས་ལས་འགོ་འཛུགས་མགྱོགས་སུ་གཏོང་བ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་རྣམ་གྲངས་ནུས་ཆེའི་ངང་སྐུལ་འདེད་གཏོང་བ་དང་སྔ་ཙམ་བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་འགོ་འཛུགས་ཐུབ་པའི་འགན་ལེན་བྱེད་དགོས། ཕྱི་འདྲེན་ནང་འཕེལ་གྱི་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་ལྕགས་ཐག་ཧྲིལ་པོའི་ཚོང་འགུག་ཞབས་ཞུའི་ལས་ཀའི་ལམ་སྲོལ་འདོན་སྤེལ་བྱས་ཏེ་གཉེར་སྐྱོང་བྱེད་པོ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་ཐབས་མང་མཉམ་སྤྱོད་ཀྱིས་ཚོང་འགུག་མ་འདྲེན་གྱི་ལས་དོན་སྤེལ་དགོས།ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་ཐོན་ལས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ད་དུང་འབྲེལ་ཡོད་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

    ཁུལ་གྱི་འགོ་ཁྲིད་དབྱང་ཞུའེ་ཝུན་དང་།ལེའོ་ཝུན་ཚའེ།ལིན་ཧའོ།ལི་ཐའོ།ཀྲོང་ཞའོ་ཕིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།