ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས48པ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   

        ཟླ་9པའི་ཚེས་3ཉིན་ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་48པ་གཙོ་སྐྱོང་གནང་བ་རེད།

        ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་སྐབས་ཏང་གིས་རང་ངོས་གསར་བརྗེ་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་རྒྱུན་མཐུད་ངང་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱེད་པ།ཚན་ཁག་གི་ཁོངས་མིས་རང་དཔེ་གཞན་སྟོན་དང་དཔེ་སྟོན་ཆགས་པ་བྱས་ནས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དམིགས་ཡུལ་བློ་ལ་བརྟན་པོར་ངེས་རྒྱུར་སྐུལ་ཁྲིད་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་སྙིང་དབུས་ནས་བརྩི་བཀུར་དང་ཁས་ལེན་ངོ་མ་ཐོབ་པ་བྱེད་དགོས། གཞུང་ལས་ཁང་གིས་གོང་རིམ་གྱི་བཀོད་སྒྲིག་ལ་ནན་པོར་གཞིགས་ནས་ཕྱོགས་སྡོམ་ལས་དོན་སྒྲིག་འཛུགས་དང་གྲ་སྒྲིག་ནན་ཏན་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

        ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད།

        ཁུལ་གྱི་འགོ་ཁྲིད་དབྱང་ཞུའེ་ཝུན་དང་། ལིའོ་ཝུན་ཚའེ། ལིན་ཧའོ།  ལི་ཐའོ། ཀྲོང་ཞའོ་ཕིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།