ཀྲང་ཝེ་ཏུང་བདེ་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཚོགས་ཁག་ཀུང་སིར་ཕེབས་ནས་བརྟག་དཔྱད་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

       

         སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།   ཟླ་9པའི་ཚེས་4ཉིན་གྱི་སྔ་དྲོར།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀྲང་ཝེ་ཏུང་བདེ་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཚོགས་ཁག་ཀུང་སིར་ཕེབས་ནས་བརྟག་དཔྱད་གནང་སྐབས་ནན་བཤད་གནང་དོན།འཕེལ་རྒྱས་ཀྱི་ཡིད་ཆེས་མུ་མཐུད་དུ་ཆེ་རུ་གཏོང་བ་དང་།ཞབས་འདེགས་སྤུས་ཚད་མཐོ་རུ་གཏོང་བ།ཁེ་ལས་བསྒྱུར་བཅོས་གསར་གཏོད་མུ་མཐུད་དུ་སྐུལ་འདེད་གཏོང་ནས།སྔར་ལས་ལྷག་པའི་སྒོ་ནས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ།

བདེ་ཆེན་ཀྲི་ཧྲེང་ཆ་འཕྲིན་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིར་ཀྲང་ཝེ་ཏུང་གིས་ས་གནས་ས་ཐོག་ཏུ་རླངས་འཁོར་གྱི་འགུལ་རྣམ་ལྟ་སྐུལ་ཚོད་འཛིན་སྟེགས་བུའི་འགུལ་རྣམ་འགྲེམས་སྟོན་ལ་གཟིགས་པ།དུས་རྒྱུན་ལས་ཀའི་གོ་རིམ་དང་། བདེ་འཇགས་བཀག་སྡོམ་དོ་དམ་སོགས་ཐད་ཀྱི་གནས་ཚུལ་སྙན་སེང་གསན་ནས། ཞན་ཆ་གསབ་པ་དང་ཞབས་འདེགས་ནུས་ཤུགས་དང་ཆུ་ཚད་མཐོ་རུ་གཏོང་ཞིང་རང་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེལ་ལས་རིགས་ཀྱི་བདེ་འཇགས་བརྟན་བརླིང་ལ་ཁག་ཐེག་བྱེད་དགོས་པའི་ནན་བཤད་གནང་བ།

        སེམས་ཀྱི་ཉི་ཟླའི་འགྲུལ་སྐྱེལ་འབབ་ཚུགས་ཚོམས་ཆེན་དུ།ཀྲང་ཝེ་ཏུང་གིས་འགྲུལ་སྐྱེལ་འབབ་ཚུགས་ལམ་ཐིག་བཀོད་སྒྲིག་དང་གཉེར་སྐྱོར་གནས་ཚུལ་སྙན་སེང་གསན་ནས།སྲིད་ཇུས་ཞིབ་འཇུག་དང་རོགས་སྐྱོར་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ།འགྲུལ་སྐྱེལ་འབབ་ཚུགས་ཀྱི་རང་སྟོབས་ནུས་པ་སྐུལ་སློང་བྱེད་པ།ཉམས་མྱོང་དང་བྱེད་སྟོབས་ཡག་པོ་ཕྱོགས་བསྡོམས་དཔྱད་གཞིར་འཛིན་པ། ཡུལ་བབ་བསྟུན་པས་འཕེལ་རྒྱས་རྣམ་པ་འཚོལ་ཞིབ་གསར་གཏོད་བྱེད་པ།འགྲུལ་སྐྱེལ་འབབ་ཚུགས་རིགས་སྒྱུར་རིམ་སྤར་དང་གསོན་ཤུགས་རྒྱས་པརལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

        ཁེ་ལས་འོག་གི་གླ་གཏོང་རླངས་འཁོར་ཀུང་སིར་ཀྲང་ཝེ་ཏུང་གིས་ཀུང་སིའི་དོ་དམ་དང་ལས་སྟེབས་ལྟ་སྐུལ་དོ་དམ་སོགས་གནས་ཚུལ་ལ་ཞིབ་ཕྲའི་ངང་རྒྱུས་ལོན་བྱས་ནས།དྲ་ཐོགས་རླངས་འཁོར་ཚོང་རའི་ལྟ་སྐུལ་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ།ཞབས་འདེགས་སྤུས་ཚད་སྔར་ལས་མཐོ་རུ་གཏོང་བ།དྲ་ཐོག་རླངས་འཁོར་གྱི་སྒྲིག་སྲོལ་དང་མཐུན་ཚད་མཐོ་རུ་གཏོང་བ། གཉེར་སྐྱོར་བྱེད་སྟོབས་སྔ་བས་མཐུན་སྦྱོར་གཏོང་བ།ལས་རིགས་སྐྱོན་བྲེལ་དང་བརྟན་པོའི་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

        བདེ་ཆེན་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེལ་ཚོགས་ཁག་ཀུང་སིའི་འབྲེལ་ཡོད་གཉེར་སྐྱོར་དོ་དམ་གནས་ཚུལ་གྱི་སྙན་སེང་གསན་པ་དང་ཁེ་ལས་འཕེལ་རྒྱས་སྔོན་དཔག་དང་རེ་ཞུ་རྒྱུས་ལོན་བྱས་རྗེས།ཀྲང་ཝེ་ཏུང་གིས་འགྲིམ་འགྲུལ་སྐྱེལ་འདྲེལ་ཚོགས་ཁག་ཀུང་སིའི་ལས་ཀ་ཁག་ལ་ཁས་ལེན་གང་ལེགས་གནང་བ།ཁོང་གིས་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་བྱས་ནས།ཚོགས་ཁག་ཀུང་སིས་རང་འགུལ་གྱིས་ཚོང་རའི་འགྱུར་ལྡོག་དང་འཚམ་པར་བྱེད་པ།ལས་ཀའི་ཁྲོད་དུ་དོན་དངོས་དང་དཀའ་ངལ་ཐག་གཅོད་ཕོད་པ།བསྒྱུར་བཅོས་འཕེལ་རྒྱས་རིང་ལས་དོན་མང་པོ་བསྒྲུབས་ཡོད་དེ།ཁེ་ལས་ཀྱི་གསོན་ཤུགས་རྒྱས་པར་བྱེད་པ་དང་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་ནུས་ཆེན་པོ་བཏོན་ཡོད་ཅེས་བསྟན་པ།

        ཀྲང་ཝེ་ཏུང་གིས་བདེ་ཆེན་འགྲིམ་འགྲུལ་སྐྱེལ་འདྲེལ་ཚོགས་ཁག་ཀུང་སིས་བརྟན་བརླིང་ངང་གཉེར་སྐྱོར་རྒྱུན་འཁྱོངས་བྱེད་པ་ནི་བདེ་ཆེན་གྱི་དམངས་འཚོའི་ལས་དོན་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ནུས་ཡོད་རྒྱབ་སྐྱོར་ཡིན།གཙོ་འགན་གཙོ་ལས་ལ་མུ་མཐུད་དུ་དམིགས་ནས།དེང་རབས་ཁེ་ལས་ཀྱི་བཅོས་སྐྱོང་མ་ལག་དེ་བས་འཐུས་ཚང་དུ་འགྱུར་བ།སྲིད་ཇུས་ལག་ཆ་བེད་སྤྱོད་འདང་ངེས་དང་བེད་སྤྱོད་ཡག་པོ་བྱེད་པ། ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་བརྟན་པོའི་ངང་སེལ་བ། ཁེ་ལས་ཀྱི་གསར་གཏོད་ནུས་ཤུགས་དང་གོང་བུར་འགྲིལ་ཤུགས། འཐབ་འཛིང་གི་ནུས་ཤུགས་བཅས་མུ་མཐུད་དུ་མཐོ་རུ་གཏོང་བ།ཞབས་འདེགས་སྤུས་ཚད་མཐོ་རུ་གཏོང་བ།ཁེ་ལས་ཀྱི་བསྒྱུར་བཅོས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ།ཡིད་ཆེས་བརྟན་པོས་ཁེ་ལས་ལེགས་པར་གཉེར་དགོས།བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་ལས་ཀའི་འདུ་ཤེས་བརྟན་པོ་འཛུགས་པ། ཚོགས་ཁག་ཀུང་སིས་བདེ་འཇགས་ཐོན་སྐྱེད་ཚད་ལྡན་ཅན་གྱི་ཆུ་ཚད་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

        ཁུལ་གྱི་འགོ་ཁྲིད་ལིན་ཧོ།ཁུལ་རིམ་འབྲེལ་ཡོད་སྡེ་ཚན་གྱི་འགན་ཡོད་བློ་མཐུན་བརྟག་དཔྱད་དུ་ཞུགས།