རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ལྷན་གྱི་སྐབས་བརྗེའི་ཚོགས་འདུ་དང་། 2023ལོའི་བོད་སྐད་བརྡ་ཆད་ཞུ་དག་གཏན་འབེབས་ཚོགས་འདུ་ལྷ་སར་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་9པའི་ཚེས་7ཉིན་ནས་ཚེས་8ཉིན་བར།རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ལྷན་གྱིས་སྐབས་བརྗེའི་ཚོགས་འདུ་དང་། 2023ལོའི་བོད་སྐད་བརྡ་ཆད་ཞུ་དག་གཏན་འབེབས་ཚོགས་འདུ་ལྷ་སར་འཚོགས་པ། ཐེངས་འདིའི་ཚོགས་འདུ་ནི་རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་་ལྟེ་གནས་ཀྱི་ཚན་ཞིབ་ལས་དོན་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་གཞུང་ལས་ཁུང་གིས་ཨུ་ཡོན་ལྷན་ཁང་(རྩོམ་སྒྱུར་ཅུས་)གིས་འགན་སྒྲུབ་བྱས།བོད་ལྗོངས་དང་བོད་འབྲེལ་བྱ་བའི་གཙོ་གནད་ཞིང་ཆེན་གྱི་དུས་ཡུན་རིང་པོར་བོད་སྐད་བརྡ་ཆད་ལས་དོན་སྒྲུབ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འཐུས་མི་དང་ཆེད་མཁས་པ50ལྷག་ཙམ་ཚོགས་འདུར་ཞུགས།    

    ཚོགས་འདུའི་རིང་ལ། ཚོགས་ཞུགས་ཨུ་ཡོན་རྣམས་ཀྱིས་《རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ལྷན་གྱི་སྒྲིག་ཡིག་》དང་། 《2023ལོའི་བོད་སྐད་བརྡ་ཆད་གསར་པ》《བོད་སྐད་བརྡ་ཆད་གསར་པའི་བརྡ་སྤྲོད་རྩ་དོན》སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།

 《རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ལྷན་གྱི་སྒྲིག་ཡིག་》ལྟར། ཡུལ་སྐད་ཀྱི་ཁྱབ་ཁོངས་སོ་སོའི་གནས་ཚུལ་དངོས་ལ་གཞིགས་ནས། བོད་ལྗོངས་དང་བོད་འབྲེལ་ལས་ཀའི་གཙོ་གནད་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱིས་མཚམས་སྦྱོར་ཞུས་པ་བརྒྱུད། སྐབས་ལྔ་པའི་རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ལྷན་གྱི་འགོ་འཛིན་1དང་། འགོ་འཛིན་གཞོན་པ་7། ཨུ་ཡོན་14བདམས་ཐོན་བྱུང་བ། རྒྱལ་ཡོངས་བོད་སྐད་བརྡ་ཆད་སྒྱུར་ཞུས་ཆེད་མཁས་ཨུ་ཡོན་ལྷན་ཁང་སྐབས་གསུམ་པའི་53བདམས་ཐོན་བྱུང་བ་རེད།