རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-10   རྩོམ་ཁུངས།    海北民语
1985ལོའི་ཟླ་9པའི་ཚེས་10ཉིན་ནི་དགེ་རྒན་གྱི་དུས་ཆེན་དང་པོ་དེ་ཡིན། 1931ལོ་ནས་བཟུང་། རང་རྒྱལ་དུ་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་ཁྱོན་བསྡོམས་དུས་ཚོད་དང་ངོ་བོ་མི་འདྲ་བའི་དགེ་རྒན་དུས་ཆེན་རིགས་4ཡོད། 1931ལོར་སློབ་གསོའི་ལས་རིགས་ཀྱི་དགེ་རྒན་ཆེན་མོ་ཐེ་ཧྲོའུ་ཆིའུ་དང་ཁྲེང་ཆི་པའོ་སོགས་ཀྱིས་པེ་ཅིན་དང་ཧྲང་ཧེ་སློབ་གསོའི་ལས་རིགས་ཀྱི་མི་སྣར་འབྲེལ་བ་བཙུགས་ནས་ལོ་རེའི་ཟླ་6པའི་ཚེས་6ཉིན་དགེ་རྒན་དུས་ཆེན་དུ་གཏན་འཁེལ་བྱས་པ་མ་ཟད།《དགེ་རྒན་དུས་ཆེན་གྱི་བསྒྲགས་གཏམ་》སྤེལ་བ་རེད། འདི་ནི་རང་རྒྱལ་གྱི་ཆེས་སྔ་བའི་དགེ་རྒན་དུས་ཆེན་ཡིན།
དགེ་རྒན་གྱི་དུས་ཆེན་འཛུགས་དོན་ནི་དགེ་རྒན་རྣམས་ལ་ཆབ་སྲིད་ཀྱི་གོ་གནས་དང་སྤྱི་ཚོགས་ཀྱི་གོ་གནས་སྔར་ལས་མཐོ་རུ་བཏང་སྟེ། དགེ་རྒན་གྱི་ལས་ཀ་དེ་རིམ་བཞིན་སྤྱི་ཚོགས་ཐོག་གི་མི་རྣམས་ཀྱིས་བརྩི་བཀུར་དང་ཆེས་ཡིད་སྨོན་བྱེད་འོས་པའི་ལས་རིགས་ཤིག་ཏུ་འགྱུར་བར་བྱ་རྒྱུ་དང་། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན། ཤེས་ཡོན་ལ་བརྩི་འཇོག ཡོན་ཏན་ཅན་ལ་བརྩི་བཀུར་བཅས་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་ཆགས་པ་བྱ་རྒྱུ་དེ་ཡིན་ལ། སྤྱི་ཚོགས་ཡོངས་ཀྱིས་སློབ་གསོའི་བྱ་གཞག་ལ་སེམས་ཁུར་བྱེད་པར་ཕན་ཐོགས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཧྲིལ་པོའི་ཚན་རིག་དང་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་བར་ཕན་ཐོགས་ཡོད།
1985ལོའི་ཟླ་1ཚེས་21ཉིན། སྐབས་དྲུག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པའི་ཐོག་ལོ་རེའི་ཟླ་9ཚེས་10ཉིན་ནི་རང་རྒྱལ་གྱི་དགེ་རྒན་དུས་ཆེན་དུ་གཏན་འཁེལ་བྱ་རྒྱུའི་གྲོས་ཐག་བཅད་པ་དང་། མ་རིག་མུན་པ་སེལ་བའི་དགེ་རྒན་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཤིང་། དགེ་རྒན་རྣམས་ལ་མིའི་རིགས་ཀྱི་བླ་སྲོག་གི་བཟོ་བཀོད་པ་ཞེས་པའི་མཚན་སྙན་སྩལ། དགེ་རྒན་གྱི་ལས་རིགས་ནི་འཇིག་རྟེན་གནམ་གྱི་འོག་ཆེས་འོད་སྟོང་འབར་བའི་ལས་རིགས་སུ་བརྩི།
དགེ་རྒན་དུས་ཆེན་བཙུགས་པ་དེས་དགེ་རྒན་ལ་སྤྱི་ཚོགས་ཡོངས་ཀྱི་བརྩི་བཀུར་ཐོབ་པ་མཚོན་ཡོད། དེའི་རྒྱུ་མཚན་ནི་དགེ་རྒན་གྱི་ལས་ཀས་ཚད་ངེས་ཅན་ཞིག་གི་ཐོག་ནས་རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་པ་ཐག་གཅོད་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་རེད། དགེ་རྒན་གྱི་ལས་ཀ་ནི་ཁྱིམ་ཚང་རེ་རེ་དང་། ན་ཆུང་གི་བྱིས་པ། གཞོན་ནུ་རེ་རེ་བཅས་དང་འབྲེལ་བ་དམ་ཟབ་ཡོད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་འགྲོ་བའི་ཁྲོད་དུ་དགེ་རྒན་གྱིས་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད། དགེ་རྒན་ནི་མིའི་རིགས་ཀྱི་ཤེས་རིག་གཏོད་མཁན་གྱི་བཟོ་བཀོད་པ་ཡིན་ལ་མིའི་རིགས་ཀྱི་ཤེས་རིག་གཏོད་མཁན་གྱི་བཟོ་བཀོད་པ་ཡིན་ལ་མིའི་རིགས་ཀྱི་ཤེས་རིག་དར་སྤེལ་གཏོང་མཁན་དང་འཛུགས་སྐྱོང་བྱེད་མཁན་ཡང་ཡིན།