བེ་ཤ་དང་ཕག་ཉྭ་བསྙལ་མའི་ཟླ་གོར་བཟོ་སྟངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཡུན་ནན་གྱི་ཕག་ཉྭ་བསྙལ་མ་དང་བེ་ཤ་མཉམ་དུ་གཡོས་སྦྱོར་བྱས་པ་དེས་ཡུན་ནན་བདེ་ཆེན་གྱི་ཁྱད་ཆོས་རྣམ་པར་མངོན་པས། རྒྱ་ཆེའི་མང་ཚོགས་ཀྱིས་དགའ་པོ་བྱེད་ཀྱི་ཡོད།

    བེ་ཤ་དང་ཕག་ཉྭ་བསྙལ་མའི་ཟླ་མཆོད་བག་ལེབ་བཟོ་སྟངས་ནི་གཤམ་གསལ་ལྟར།

    ཐོག་མར་བེ་ཤ་གཙང་མ་བཀྲུས་རྗེས་ལེབ་ལེབ་བྱས་ནས་གཙབ་པ་དང་།དེ་རྗེས་སྣུམ་ནང་དུ་ཅུང་ཙམ་བཙོ་དགོས།

    བཙོས་པའི་བེ་ཤ་དང་ཕག་ཉྭ་བསྙལ་མའི་ནང་སྙིང་སྙོམས་པོ་བཟོས་ནས་ཏིལ་སྣུམ་དང་ཚྭ། བྱེ་མ་ཀ་ར་སོགས་བྲོ་རྫས་བསྲེས་དགོས།དེ་རྗེས་ནང་རྒྱུ་དེ་ཤ་ཚོགས་ཆུང་ཆུང་འགའ་ལ་བགོས་ནས་འཁྱག་ཏུ་འཇུག་དགོས།

    ནང་རྒྱུ་ཕྱི་ཤུན་གྱི་དཀྱིལ་དུ་བཞག་ནས་ལག་པས་དལ་མོར་བསྡུ་རུབ་བྱས་རྗེས་སྒོར་མོ་འཕུར་འཕུར་བྱེད་དགོས།མཇུག་མཐར་ལས་ཚར་བའི་བག་ལེབ་སྲེག་སྒམ་ནང་དུ་བཞག་ནས་སྐར་མ་འགའ་ལ་བསྲེགས་རྗེས་དྲི་ཞིམ་འཐུལ་བའི་བེ་ཤ་དང་ཕག་ཉྭ་བསྙལ་མའི་ཟླ་གོར་བཟོས་ཚར་བ་རེད།