རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-11   རྩོམ་ཁུངས།    中央广播电视总台藏语
ཟླ་9ཚེས་8ཉིན། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལྕང་ར་ཤང་དཔལ་འབྱོར་ལྷུན་པོ་གྲོང་ཚོའི་ལྷོ་ཕྱོགས་ཀྱི་ནས་ཞིང་ཁྲོད“གངས་ལྗོངས།མཉམ་སྒྲོག”ཅེས་བརྗོད་བྱ་གཙོ་བོར་བྱས་པའི་བོད་ལྗོངས་སྣམ་བུའི་རིམ་སྤེལ་འགྲེམས་སྟོན་ཞིག་སྤེལ་ཡོད། སྣམ་བུའི་ཤོམ་འགྲོས་དེ་སྲོལ་རྒྱུན་གྱི་འོང་སྐོར་དུས་ཆེན་གྱི་ཆོ་གའི་ཁྲོད་འགོ་ཚུགས་ཤིང་། རི་སྒལ་སྐྱ་བོས་ཡོལ་བ་བྱས་པ་དང་། གསེར་མདོག་གི་ཞིང་ཁ་སྟེགས་བུ་རུ་བྱས་ཏེ། སྒྱུ་རྩལ་པའི་ཀང་ཆིན་དཀྲོལ་གཏོང་དང་འགྲོགས་ནས། ཆེད་ལས་ཤོམ་འགྲོ་བས་སྣམ་བུའི་གྱོན་ཆས་དཔེ་གསར་གྱོན་ནས། Sདབྱིབས་ཀྱི་ཤོམ་འགྲོས་ལམ་བུའི་ཐོག་སྒེག་ཉམས་ངོམས་བཞིན་འདུག འགྲོ་ལམ་འགྲམ་དུ་བོད་ཀྱི་སྣམ་བུ་འཐག་མཁན་ཨ་ཅག་སུམ་ཅུ་ཡིས་ས་གནས་ས་ཐོག་ཏུ་བལ་ཤད་རྒྱག་པ་དང་སྣམ་བུ་འཐག་པ་སོགས་བྱས་ནས་ངལ་རྩོལ་པའི་ཉམས་བཟང་མངོན་ཡོད།
ཟླ་9ཚེས་24ཉིན། ཐེངས་འདིའི་ཤོམ་འགྲོས་ནང་འགྲེམས་སྟོན་བྱས་པའི་སྣམ་བུའི་ཐོན་རྫས་གསར་པ་དེ་དག་ད་དུང་ཉིའུ་གཡོད་དུ་འགྲེམས་སྟོན་བྱས་ནས། འཛམ་གླིང་ལ་ཀྲུང་གོའི་མི་རིགས་ལག་ཤེས་བཟོ་རྩལ་གྱི་མཛེས་ཉམས་སྟོན་རྒྱུ་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ཁག་བཅུ་པའི་རྒྱལ་རྩེའི་ཚོགས་ཆུང་གི་རྒྱབ་སྐྱོར་འོག རྒྱལ་རྩེ་རྫོང་གིས་ཧྲང་ཧའེ་ཧྲ་ཅོན་ཚན་རྩལ་ཚད་ཡོད་ཀུང་སི་དང་མཉམ་ལས་དམ་ཟབ་བྱས་ཏེ། ལྕང་ར་ཤང་དཔལ་འབྱོར་ལྷུན་པོའི་གྲོང་ཚོར“ཨ་ཅག་སྐལ་བཟང་བཟོ་ཁང”ཞེས་པ་བཙུགས་ནས། གསར་གཏོད་རང་བཞིན་གྱི་སྒོ་ནས་སྲོལ་རྒྱུན་གྱི་བཟོ་རྩལ་ལེགས་སུ་བཏང་བ་དང་། རིག་གནས་གསར་གཏོད་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་བ་བརྒྱུད། རྒྱུ་ཆ་གདམ་གསེས་ཐད་ཁུ་ལུས་བལ་གྱི་ཚབ་བྱེད་པ་དང་། བཟོ་དབྱིབས་ཐད་ཇུས་འགོད་པས་ཇུས་འགོད་བྱེད་པ་དེས་སྲོལ་རྒྱུན་གྱི་བཟོ་རྩལ་རྙིང་པའི་ཚབ་བྱེད་པ། ཐོན་སྐྱེད་ལག་ཆ་ཐད་འཕྲུལ་འཐག་གིས་སྲོལ་རྒྱུན་གྱི་འཐག་ཁྲིའི་ཚབ་བྱེད་པ། ལས་ཞུགས་མི་སྣའི་ཐད་ལག་ཤེས་པས་བཟོ་པ་དཀྱུས་མའི་ཚབ་བྱེད་པ་བཅས་ཀྱི་འཕོ་འགྱུར་གསར་པར་སྐུལ་འདེད་བཏང་ཡོད།