སྤུ་ཧྲེང་ཡུལ་གྱི་རྒྱན་གོས་དང་ཤོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-12   རྩོམ་ཁུངས།    阳光西藏

    བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ལ་ད་ལྟའི་བར་དུའང་ཁྱད་ཆོས་ལྷག་པར་ཆེ་བའི་བོད་ཀྱི་རྒྱན་གོས་ཀྱི་ཡ་གྱལ་སྤུ་ཧྲེང་རྒྱན་གོས་ཞེས་པ་སྔར་བཞིན་ཉར་ཚགས་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། སྤུ་ཧྲེང་རྒྱན་གོས་ལ་ད་ལྟའི་བར་དུ་ལོ་ངོ་༡༠༠༠ལྷག་གི་ལོ་རྒྱུས་ལྡན་ཞིང་། དེའི་ཆེས་ངོ་མཚར་ཆེ་བ་དང་། ཆེས་ཁྱད་ཆོས་ལྡན་པ་ནི་བུད་མེད་ཀྱི་རྨ་བྱའི་རྒྱན་གོས་འབོད་པ་དེ་རེད།  དེར་ལྗིད་ཚད་སྤྱི་རྒྱ་༢༠ལྷག་ཟིན་གྱི་ཡོད་པ་དང་། རྒྱན་ཆའི་གྲས་སུ་གསེར་དང་། དངུལ། སྤོས་ཤེལ། བྱུ་རུ། གཡུ་སོགས་ཡོད་པ་དང་། རྒྱུན་དུ་ལུས་ལ་གྱོན་པའི་བགྲང་བྱ་སྟོང་གི་ལོ་རྒྱུས་ཞེས་སུ་འབོད་ཀྱི་ཡོད།  

    ཤོན་ནི་ཞང་ཞུང་རིག་གནས་མངོན་པར་གསལ་བའི་མངའ་རིས་ས་ཁུལ་གྱི་དམངས་ཁྲོད་དུ་དར་བའི་སྲོལ་རྒྱུན་སྒྱུ་རྩལ་རྣམ་པ་ཞིག་སྟེ། དེ་ནི་འགྲེལ་བརྗོད་དང་གླུ་ལེན། གར་འཁྲབ་བཅས་ཟུང་དུ་འབྲེལ་བ་ཞིག་ཡིན་པས། གླུ་ཡི་འགྱུར་ཁུག་སྙན་འཇེབས་ལྡན་ལ། གར་གྱི་སྟངས་སྟབས་བརྗིད་ཆགས་ཅིང་ཉམས་དང་ལྡན་པ་ཞིག་ཡོད།  སྤུ་ཧྲེང་རྒྱན་གོས་གྱོན་ཏེ་གནའ་བོའི་ཤོན་འཁྲབ་སྟོན་བྱེད་པ་དེ་ཡུལ་དེའི་རྟེན་འབྲེལ་ཆོ་གའི་ཁྲོད་དུ་འཁྲབ་སྟོན་གལ་ཆེའི་ནང་གི་ཡང་རྩེ་ཞིག་རེད།