ལུའོ་ཁྲའོ་ཧྥེང་གིས་ཡང་ཐང་གྲོང་རྡལ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-12   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་9པའི་ཚེས་10ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཡང་ཐང་གྲོང་རྡལ་ཧོ་ཕིན་གྲོང་ཚོ་འོག་ཕུ་ཏང་ཀྲི་པུའུ་རུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་ཞིང་།འབྲེལ་ཡོད་ལས་ཀར་བརྟག་ཞིབ་གནང་བ། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་པ་དང་།ཞིང་ལས་ཞིང་སྡེའི་བསྒྱུར་བཅོས་ཟབ་སྤེལ་བཏང་བ།མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བྱས་ནས།བདེ་ཆེན་ཁུལ་ཞིང་ལས་ཞིང་གྲོང་དེང་རབས་ཅན་མངོན་འགྱུར་བྱུང་བར་འབད་བརྩོན་བྱེད་དགོས་པའི་ནན་བཤད་གནང་བ།

    འོག་ཕུ་ཡུལ་མི་ཚོ་ཆུང་གི་གཙང་ཞིང་གྲལ་འགྲིག་པའི་སྲ་འགྱུར་ལམ་དེད་ནས།ལུའོ་ཁྲའོ་ཧྥེང་གིས་གྲོང་ཚོའི་རྣམ་པ་དང་དམངས་སྡོད་འཛུགས་སྐྲུན།གྲོང་ཚོའི་ཏང་ཡོན་བྱ་འགུལ་ཁང་གི་འཛུགས་སྐྲུན་བྱས་ཚུལ་ལ་ལྟ་ཞིབ་གནང་བ།འོག་ཕུ་ཏང་ཀྲི་པུའུ་ཧྲུའུ་ཅི་ཅིའུ་ཅིན་གྱི་ཁྱིམ་དུ་ལུའོ་ཁྲའོ་ཧྲེང་གིས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་གཞི་རིམ་ལས་བྱེད་པ་དང་ཏང་ཡོན།མང་ཚོགས་དང་སྤེལ་རེས་གཏིང་ཟབ་བྱས་ནས།ཡུལ་མིའི་ཡོང་འབབ་ཡོང་ཁུངས་དང་ཐོན་ལས་འཕེལ་རྒྱས་གནས་ཚུལ།གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཡོང་སྒོ།ཏང་ཀྲི་པུའུ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་།ཚང་མའི་ཞིང་གྲོང་བསྒྱུར་བཅོས་ཟབ་སྤེལ་དང་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ།ཞིང་ལས་ཞིང་གྲོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གྲོས་གཞི་དང་བསམ་འཆར་ཉན་པ།

    ལུའོ་ཁྲའོ་ཧྥེང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་“ཞིང་གསུམ་”གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སུ་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་གྱི་དམིགས་འབེན་ལས་འགན་སྔར་ལས་གསལ་འབེབས་བྱས་ནས་ཞིང་ལས་ཞིང་གྲོང་དེ་རབས་ཅན་མངོན་འགྱུར་བྱུང་བར་གཞི་རྩའི་རྩིས་སྲུང་བཏོན་པ།གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གདོང་ལེན་མིག་དཔེ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སྣེ་ཁྲིད་བྱེད། ཞིང་ལས་ཞིང་གྲོང་གི་བསྒྱུར་བཅོས་དང་འཕེལ་རྒྱས་ལ་ཇུས་འདོན་ཤུགས་འདོན་བྱེད་དགོས།ཐོན་ལས་དར་སྤེལ་ལ་དམིགས་པ་དང་གྲོང་གསེབ་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས།ཐོན་ལས་གསར་པ་དང་ལས་རྣམ་གསར་པ་འཆར་འགོད་དང་གསོ་སྐྱོང་བྱེད་པ།ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་རྒྱུན་མཐུད་ཀྱིས་སྐུལ་འདེད་གཏོང་དགོས། སྣོནད་བཅུད་སྡོད་བདེ་ལ་དམིགས་པ།སྣོན་བཅུད་སྔོན་ཐོན་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ནས་ཆུ་གཙང་རི་སྔོ་དང་དྭངས་ཤིང་གཙང་བའི་རང་བྱུང་གི་ཞིང་སྡེའི་མཛེས་ལྗོངས་ལ་སྲུང་སྐྱོང་བྱེད་དགོས།ཡུལ་སྲོལ་ཤེས་དཔལ་ལ་དམིགས་པ་དང་སྲོལ་གསར་སྲོལ་བཟང་དར་སྤེལ་གཏོང་བ།གོམས་སྲོལ་བསྒྱུར་བར་སྐུལ་འདེད་བཏང་ནས་ཞིང་པ་དང་མང་ཚོགས་ཀྱི་ཁུར་པོ་ནན་ཏན་གྱིས་ཡང་དུ་གཏོང་བ་དང་དཀའ་གནད་སེལ་དགོས།བཅོས་སྐྱོང་ནུས་ལྡན་ལ་དམིགས་པ། རང་སྐྱོང་དང་ཁྲིམས་སྐྱོང་།སྤྱོད་བཟང་གི་སྐྱོང་བ་བཅས་མཉམ་འབྲེལ་བྱེད་པའི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་པ།གྲོང་གསེབ་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ།ཞིང་པ་དང་མང་ཚོགས་ཀྱིས་ཧུར་ཐག་གི་གྲོང་གསེབ་བཅོས་སྐྱོང་དུ་ཞུགས་པར་སྣེ་ཁྲིད་བྱེད་དེ།མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།འཚོ་བ་འབྱོར་ཕྱུག་ལ་དམིགས་པ།ཐོན་ཁུངས་དང་མ་དངུལ་ཡག་པོ་སྤྱོད་པ།ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་ཆེ་རུ་གཏོང་བ།གྲོང་གསེབ་དར་སྤེལ་གཏོང་བའི་སྒུལ་ཤུགས་སྐུལ་སློང་གཏོང་ནས།ཞིང་ལས་ཞིང་གྲོང་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས།

    ཉིན་དེར།ལུའོ་ཁྲའོ་ཧྥེང་གིས་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོ་འོག་གྲོང་ཡུལ་མི་ཚོ་ཆུང་གི་སེམས་ཀྱི་ཉི་ཟླ་གདོང་ལེག་དཔེ་ཁང་དུ་བརྟག་ཞིབ་གནང་བ།ཁོང་གིས་སེམས་ཀྱི་ཉི་ཟླ་གདོང་ལེན་དཔེ་ཁང་གི་སྒུལ་ཁྲིད་ཕན་ནུས་ཡག་པོ་སྤྱོད་ནས།ཞིང་གྲོང་གི་རིག་གནས་དང་དམངས་སྡོད།བཟའ་བཏུང་།ཉོ་སྒྲུབ་སོགས་མཉམ་འདྲེས་གཏིང་ཟབ་ལ་གཅིག་འགྱུར་གྱིས་སྐུལ་འདེད་གཏོང་བ།ཞིང་འབྲེལ་ཞིང་ཁྲིད་ལམ་ལུགས་འཐུས་ཚང་དུ་གཏོང་བ།ཞིང་གྲོང་ཡུལ་སྐོར་འཕེལ་རྒྱས་གཏོང་བ།རི་ཆུ་མཐོང་ཐུབ་པ་དང་ཕ་ཡུལ་སེམས་ལ་ངེས་པའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཞིག་འཛུགས་སྐྲུན་བྱེད་དགོས་པའི་ནན་བཤད་གནང་།

    ཁུལ་འགོ་ཁྲིད་དབྱང་ཙི་ཅང་དང་ཁྲིན་ཆོན་བྱེད་སྒོར་ཞུགས་ཡོད།