རྡོ་མཁར་རྫོང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་འབྲི།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-12   རྩོམ་ཁུངས།   

    ཉེ་བའི་ལོ་འགའི་རིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་གཏོད་“ལྗོངས་ཁུལ་དུ་ཞུགས་”དམ་འཛིན་བྱས་ནས།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་“ཡུལ་སྐོར་+”འཕེལ་རྒྱས་དང་མཉམ་འདྲིས་བྱེད་པ།ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་རིག་གནས་ཀྱི་ཁོར་ཡུག་སྐྲུན་ནས་རྒྱ་ཆེའི་ཡུལ་སྐོར་བ་དང་མི་རིགས་ཁག་གི་མང་ཚོགས་རྒྱ་ཁྱབ་ཏུ་འགྲོ་འོང་།ཁྱོན་ཡོངས་ནས་སྤེལ་རེས།མཉམ་འདྲེས་གཏིང་ཟབ་བཅས་ཡོང་བར་སྐུལ་འདེད་བཏང་ཡོད།

    རྡོ་མཁར་རྫོང་དུ་སླེབས་དུས།བཟའ་བཏུང་དང་རིག་གནས་ཐོན་རྫས་ཁང་མང་པོ་མཐོང་ཐུབ།དེར་གནས་པའི་ཀོ་བརྐོས་རིག་གནས་སྒྱུ་རྩལ་ཁང་ནས་བོད་རིགས་སྲོལ་རྒྱུན་ཀོ་བརྐོས་ཐོན་རྫས་འགྲེམ་སྟོན་བྱེད་ཡོད་པ་མ་ཟད།ད་དུང་ཡུལ་སྐོར་བ་ཚོས་རང་གིས་དངོས་སུ་ཀོ་བརྐོས་བཟོས་ཐུབ་པ་རེད།ཀོ་བརྐོས་རིག་གནས་སྒྱུ་རྩལ་ཁང་གི་འགན་འཁུར་བས་རིག་གནས་སྒྱུ་རྩལ་ཁང་རྡོ་མཁར་རྫོང་དུ་འཛུགས་པའི་རྒྱུ་མཚན་གཅིག་ནི་སྲོལ་རྒྱུན་གྱི་ཀོ་བརྐོས་བཟོ་རྩལ་རྒྱུད་འཛིན་བྱེད།གཉིས་ནི་རིག་གནས་དང་ཡུལ་སྐོར་དེ་བས་མཉམ་འདྲིས་བྱས་ནས་ཡུལ་སྐོར་བས་ཡུལ་སྐོར་གཏོང་རིང་ས་གནས་དེ་གའི་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ངོས་འཛིན་དང་ཤེས་རྟོགས།མྱོང་ཚོར་བྱུང་བ་དང་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ཆེ་རུ་གཏོང་བ་ཡིན་ཞེས་ངོ་སྤྲོད་བྱས་བྱུང་།

    ཀོ་བརྐོས་རིག་གནས་ཁང་ཕུད་དེ།རྡོ་་མཁའ་རྫོང་དུ་ད་དུང་སེམས་ཀྱི་ཉི་ཟླ་བོད་ཀྱི་འཚེམ་དྲུབ་རིག་གནས་སྒྱུ་རྩལ་ཁང་།སེམས་ཀྱི་ཉི་ཟླ་ཐང་གའི་འབྲི་ཁང་། སུམ་གླིང་བོད་སྤོས་དངོས་མིན་བརྒྱུད་འཛིན་ཁང་སོགས་ཡོད་དེ།ཡུལ་སྐོར་བ་ལ་རྡོ་མཁར་རྫོང་གི་དོན་སྙིང་ལྡན་པའི་ཡུལ་སྐོར་ཞིག་ཡོད་པར་འཇུག  ཀོང་ཏུང་ནས་ཡོང་བའི་སྐུ་ཞབས་ལིའུ་ཡིས་རྡོ་མཁར་རྫོང་དུ་ང་རང་སྒྱུ་རྩལ་གྱི་ཡིག་དབང་འཕྲོག་ཤུགས་དམིགས་བསལ་ཅན་ལ་ཚོར་ཐུབ་པ་དང་བོད་ཀྱི་རིག་གནས་ལ་དེ་བས་ཤེས་རྟོགས་བྱུང་ཡོད་ཅེས་བཤད་བྱུང་།

     རྡོ་མཁར་རྫོང་གི་པར་ཁང་དུ་མི་རིགས་ཀྱི་གྱོན་ཆས་སྣ་མང་ཡོད་པ་དང་དམངས་སྡོད་ཀྱི་འགྲམ་དང་ཁྲོམ་ལམ་ཁག་ཏུ་ཡུལ་སྐོར་བས་མི་རིགས་གྱོན་ཆས་གྱོན་ནས་པར་ལེན་པ།ཡུལ་སྐོར་པར་ལེན་རྣམ་གྲངས་ཀྱིས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་སྐུལ་ཁྲིད་བྱས་པ་མ་ཟད།ད་དུང་མི་རིགས་བར་གྱི་རིག་གནས་སྤེས་རེས་མཉམ་འདྲིས་ལ་སྐུལ་འདེད་གཏོང་བ།

    ཡུལ་སྐོར་པར་ལེན་དེ་བས་དགའ་བསུ་ཐུབ་པས་ང་ཚོས་《སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡུལ་སྐོར་དོ་དམ་སྲོལ་ཡིག་》གཏན་འབེབས་བྱས་ནས་དངོས་སུ་བཏོན་པ།ཡུལ་སྐོར་པར་ལེན་མཐུན་ཚོགས་འཛུགས་པ་དང་ཡུལ་སྐོར་པར་ལེན་ལས་རིགས་ཀྱི་ཆེད་དོན་བཅོས་སྐྱོང་བྱེད་པ།ལས་རིགས་མི་སྣ་ལ་ལས་དོན་སྦྱོང་བརྡར་བྱེད།ལས་རིགས་དོ་དམ་ཚད་ལྡན་དུ་གཏོང་བ།ཡུལ་སྐོར་ཚོང་རའི་སྐྱོན་མེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ཞེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་དོ་དམ་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་མིའོ་ཀུའེ་མེ་ཡིས་བཤད་པ།

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར།ལྔ་པའི་རྟ་རྒྱུག་དུས་ཆེན།མི་རིགས་མཐུན་སྒྲིལ་དུས་ཆེན་སོགས་དུས་ཆེན་གྱི་སྐབས།རྡོ་མཁར་རྫོང་དུ་ལྟད་མོ་མང་བས་ཡུལ་སྐོར་བས་དངོས་མིན་རིག་གནས་ཤུལ་བཞག་ཀྱང་ཚོར་ཐུབ་པ་རེད།

    རྡོ་མཁར་རྫོང་གིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་སྤེལ་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་སྟོན་པ་རྒྱུན་འཁྱོངས་བྱས་ནས།ཐང་ག་དང་ཀོ་བརྐོས།བོད་ཀྱི་འཚེམ་དྲུབ།བོད་སྤོས།དབྱིས་རིགས་གྱོན་ཆས་སོགས་དངོས་མིན་རིག་གནས་ཤུལ་བཞག་གི་སྔོག་འདོན་དང་སྲུང་སྐྱོང་།དར་སྤེལ་བཅས་བྱས་ནས།མི་རིགས་རིག་གནས་གསར་གཏོད་རང་བཞིན་བསྒྱུར་བ་དང་འཕེལ་རྒྱས་ལ་རོགས་རམ་བྱས།རྡོ་མཁར་རྫོང་མི་རིགས་སོ་སོའི་མང་ཚོགས་ལ་དངོས་པོ་དང་དགོངས་པ་ཕྱོགས་གཉིས་ནས་རིག་གནས་ཡིད་རྟོན་ཤུགས་ཆེ་རུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ།

    རྡོ་མཁར་རྫོང་གིས་སྤེལ་བའི་མི་རིགས་རིག་གནས་དང་མི་རིགས་མཐུན་སྒྲིལ་རྒྱུ་ཆ་ཡུལ་སྐོར་ཐོན་ལས་སུ་འཇུག་པ།  2024ལོར་དངོས་མིན་ཤུལ་བཞག་ཟོག་ཉོའི་དུས་ཆེན་དང་“མི་རིགས་ཀྱི་གླུ་དབྱངས་བླངས་པ། དངོས་མིན་ཤུལ་བཞག་ལོངས་སུ་སྤྱོད་པ།”ཞེས་པའི་བདེ་ཆེན་མི་རིགས་གླུ་དབྱངས་ཀུན་གྱིས་བླངས།དམངས་ཁྲོད་མི་རིགས་གྱོན་ཆས་འགྲེམ་སྟོན་ལམ་ཤོམ་སོགས་བྱེད་སྒོས་མིག་མི་རྣམས་ཀྱི་མིག་ལམ་དུ་གསལ་བར་བྱས་ཡོད།

    མིག་སྔར།རྡོ་མཁར་རྫོང་གིས་ཆུ་བརྒྱ་མཚོ་འདུས་ལྟ་བའི་རྣམ་པའི་ཐོག་ནས་ས་ཁོངས་མི་འདྲ་བ་ནས་ཡོང་བ་དང་གོམས་སྲོལ་དང་གོམས་གཤིས་མི་འདྲ་བ་ཡོད་པའི་སྣ་མང་རིག་གནས་རྒྱུན་ཆད་མེད་པར་མཉམ་འདྲེས་བྱེད་དེ།དེར་ཡུལ་སྐོར་བ་ཚོས་ཚོན་མདངས་རྣམ་པར་བཀྲ་བའི་དམངས་སྲོལ་བྱེད་སྒོའི་ནང་དངོས་སུ་ཞུགས་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཟས་མཆོག་མྱོང་རོལ་ཐུབ་པ་དང་སྤུས་ལེགས་ཡིད་དབང་རབ་ཏུ་འཕྲོག་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་མྱོང་རོལ་ཐུབ་ནས་ཡུལ་སྐོར་ལས་བྱུང་བའི་རྫོགས་མཐའ་མེད་པའི་སྤྲོ་སྣང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་བྱུང་བའི་གཡུར་ཟའི་འབྲས་བུ་མཉམ་སྤྱོད་ཐུབ་པ་རེད།