བདེ་ཆེན་གྱི་རིག་གནས་དང་ཡུལ་སྐོར་གྱིས་སྐྱེ་སྟོབས་གསར་པ་རྒྱས་ནས་ཡིད་དབང་འཕྲོག་ཤུགས་གསར་པ་མངོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-18   རྩོམ་ཁུངས།   

    2023ལོར། འཛམ་གླིང་གི་“སེམས་ཀྱི་ཉི་ཟླ་”ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་གཉེར་བའི་ཚུན་དུ།བདེ་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཁྲོམ་རར་བཀྲག་མདངས་འཚེར་ས་མང་བ་དང་གསོན་ཤུགས་ཕྱོགས་བཞིར་འཕྲོ་བས།ཡུལ་སྐོར་བ་མང་པོ་ཞིག་བདེ་ཆེན་དུ་ཡུལ་སྐོར་ལྟ་སྐོར་ཡོང་བར་ཡིད་དབང་བཀུག་པ་དང་། འཛམ་གླིང་གི་“སེམས་ཀྱི་ཉི་ཟླ་”ཞེས་པའི་གསེར་ཡིག་སྒོ་བྱང་སྔར་ལས་ལྷག་པར་ཕྱིས་ཡོད། བདེ་ཆེན་དེ་ཏན་ནུབ་བྱང་གྱི་ཁུལ་གསུམ་(གྲོང་ཁྱེར་)མངའ་ཁོངས་དང་ལག་གདང་སྦྲེལ་ནས་མཉམ་འགུལ་འཕེལ་རྒྱས་གྱི་དུས་རབས་གསར་པར་སླེབས་པ།

    མངའ་ཁོངས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཏན་ནུབ་བྱང་ཡུལ་སྐོར་ལས་རིགས་ཐུན་མོང་ཐོག་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་།

     འཛམ་གླིང་གི་“སེམས་ཀྱི་ཉི་ཟླ་”ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་ཐོག་ཏ་ལི་དང་ས་དམ།བདེ་ཆེན་བཅས་ཀྱིས་མཉམ་འབྲེལ་བྱས་ནས་ཏན་ནུབ་བྱང་གི་ཡུལ་སྐོར་སྤུས་ཚད་མཐོ་པོའི་རིགས་བསྒྱུར་རིམ་སྤར་སྐུལ་འདེད་མགྱོགས་པོ་གཏོང་བའི་མཉམ་ལས་མཉམ་འབྲེལ་ཚོགས་འདུ་ཐེངས་དང་པོ་གཉེར་ནས། “1+1+1>3”ཞེས་པའི་དམིགས་འབེན་དང་བསམ་ཕྱོགས་གཏན་འབེབས་དང་ལག་བསྟར་བྱེད།ས་གནས་ཁག་གསུམ་གྱིས་“སེམས་ཀྱི་ཉི་ཟླ་”ཞེས་པའི་སྤུས་རྟགས་ལྟེ་གནས་སུ་གྱུར་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་“རི་གསུམ་གནའ་གྲོང་གསུམ་”སོགས་ཡུལ་སྐོར་ཐབས་ལམ་ཐོན་རྫས་བསྐྲུན་པ་དང་།ཏན་ནུབ་བྱང་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་གསར་པ་སྔོག་འདོན་གང་ལེགས་བྱེད་པ།མངའ་ཁོངས་མཉམ་ལས་བྱེད་ཤུགས་ནན་ཏན་གྱིས་ཆེ་རུ་གཏོང་བ། དེ་དང་ཆབས་གཅིག་ཡུལ་སྐོར་ལས་རིགས་དོ་དམ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་མཉམ་ལས་བྱེད་ཤུགས་ཆེ་ཏུ་བཏང་ནས་ས་གནས་གསུམ་གྱི་རིག་གནས་ཡུལ་སྐོར་ཁྲིམས་འཛིན་རུ་ཁག་བར་“གྱོད་གཞིའི་འབྱུང་ཁུངས་ཕན་ཚུན་ལོངས་སྤྱོད་དང་གྱོད་གཞི་མཉམ་དུ་ཞིབ་བཤེར་”མངོན་གྱུར་བྱུང་བར་འབད་བརྩོན་བྱེད་པ་དང་ཕྱོགས་གསུམ་གྱི་ཡུལ་སྐོར་ཞུ་གཏུག་བདག་སྤྲོད་མགྱོགས་མྱུར་ཐག་གཅོད་ལམ་སྲོལ་དང་མཉམ་འབྲེལ་ཁྲིམས་འཛིན་ལམ་སྲོལ།གྱོད་གཞི་རྩིས་སྤྲོད་ལམ་སྲོལ།ཆ་འཕྲིན་བརྡ་གཏོང་ལམ་སྲོལ་བཅས་བཙུགས་ནས།སྤུས་ལེགས་ཀྱི་ཞབས་འདེགས་མ་ལག་དང་ཡིད་རྟོན་འཛད་སྤྱོད་མ་ལག  དཔལ་ཡོན་བདེ་འཇགས་ཀྱི་ཡུལ་སྐོར་ཁྲོམ་ར་ཞིག་མཉམ་སྐྲུན་བྱེད་པ་དང་ཡུལ་སྐོར་བས་ཏན་ནུབ་བྱང་ཡུལ་སྐོར་ལ་སྤྲོད་པའི་ཡིད་ཚིམ་ཚད་དང་སྙན་གྲགས་ཀྱི་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ།

    གཟིགས་སྐྱོང་སྣ་ཚོགས་ཡང་བསྐྱར་རིམ་སྤར་བྱས་ནས་རིག་གནས་དང་ཡུལ་སྐོར་ཁྲོམ་རར་དར་སྤེལ་འཕེལ་རྒྱས་བྱུང་བ།

    འཛམ་གླིང་གི་“སེམས་ཀྱི་ཉི་ཟླ་”ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་རིང་།བདེ་ཆེན་གྱིས་“དགུན་དུས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་གཏོང་བ་”ཞེས་པའི་འཛད་སྤྱོད་འཛིན་ཤོག་དང་གཟིགས་སྐྱོང་སྲིད་ཇུས་ཁག་དགུ་འདོན་པའི་རྣམ་པ་སྒོ་ནས།ས་དམ་ནས་སེམས་ཀྱི་ཉི་ཟླ་བར་ལྕགས་ལམ་ཤར་གཏོང་ཐུབ་པ་དང་།གནམ་ཐང་གིས་པེ་ཅིང་དང་ཧྲང་ཧའེ།ཁྲུང་ཆིན་བཅས་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་པ་སོགས་ཀྱི་གོ་སྐབས་ལ་བསྟུན་ནས། ཁྲོམ་རའི་འཛད་སྤྱོད་སྤྲོ་སེམས་ནུས་ལྡན་ངང་འཕེལ་བ་དང་།རིག་གནས་ཡུལ་སྐོར་གྱི་ཁྲོམ་ར་ལོ་ཡོངས་དར་སྤེལ་མངོན་གྱུར་བྱུང་བ།ལོ་གཅིག་རིང་།བདེ་ཆེན་གྱིས་སྔ་རྗེས་སུ་འབའ་ལྷག་དཀར་རྫོང་རོལ་དབྱངས་དུས་ཆེན་དང་སེམས་ཀྱི་ཉི་ཟླ་ཕྱི་རོལ་གྱི་ལུས་རྩལ་ཚོགས་ཆེན།ལྔ་པའི་རྟ་རྒྱུག་དུས་ཆེན་སོགས་རབ་དང་རིམ་པའི་བྱེད་སྒོ་གཉེར་བ། ཀྲུང་གོ་(ཡུན་ནན་)མྱུལ་དཔྱད་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་སོགས་སུ་ཞུགས་ནས།བདེ་ཆེན་གྱི་རིག་གནས་དང་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་དང་སྙན་གྲགས་ཀྱི་ཚད་ལ་མཐོ་འདེགས་མངོན་གྱུར་བྱུང་བ་དང་ཡུལ་སྐོར་བ་དེ་བས་མང་པོ་ཞིག་གིས་སྤྲོ་སྣང་དང་ལྷོད་གཡེང་གི་ཁོར་ཡུག་ཏུ་སེམས་ཀྱི་ཉི་ཟླའི་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་རྒྱུས་ལོན་བྱེད་ཐུབ་པར་འཇོག

    རབ་དང་རིམ་པའི་བྱེད་སྒོ་གཉེར་བའི་རྨང་གཞིའི་ཐོག   བདེ་ཆེན་གྱིས་ད་དུང་“‘བསྐྱར་དར་རྟགས་ཅན་’ལ་བསྡད་ནས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་གཏོང་བ།”“སེམས་ལ་དྲོད་ཁོལ་སྦྱིན་ནས་ཁྱེད་རང་ཡོད་པར་བཀའ་དྲིན་ཞུ།”སོགས་སྤ་སེར་མི་དགོས་པའི་གཟིགས་སྐྱོང་སྲིད་ཇུས་བཏོན་པ།2024ལོའི་ཟླ་3པའི་ཚེས་31ཉིན་བར།སྲིད་ཇུས་དེ་ནས་མི་ཐེངས་ཁྲི་26.3ཕན་ཐོབ་པ་དང་ཆག་ཡང་དངུལ་གྲངས་སྒོར་ཁྲི་877.69ཟིན་པ།

    ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་བདེ་ཆེན་ཡུལ་སྐོར་གྱི་རྣམ་པ་གསར་པ་བཏོད་པ།

    བདེ་ཆེན་གྱིས་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་སྔར་བས་མཐོ་རུ་བཏང་བ་དང་འགྲུལ་ཁུངས་འདྲེན་པ་དང་།རིག་གནས་ཡུལ་སྐོར་ཁྲོམ་རའི་ཟང་ཟིང་ཚད་ལྡན་བཅོས་སྐྱོང་།ཡུལ་སྐོར་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཚད་ལྡན་ཅན་འཛུགས་སྐྲུན་སོགས་ཀྱི་ལས་དོན་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བྱས་ཏེ།རིག་གནས་ཡུལ་སྐོར་ཐོན་རྫས་དང་རྨང་གཞིའི་སྒྲིག་བཀོད་མཁོ་སྤྲོད་དང་ཞབས་ཞུའི་སྤུས་ཚད་འཛད་སྤྱོད་རིམ་སྤར་གྱི་དགོས་མཁོའི་རྗེས་ཟིན་པར་སྐུལ་འདེད་ཧུར་ཐག་བཏང་སྟེ།མཁོ་སྤྲོད་སྙོམ་སྒྲིག་ལེགས་པོ་ཆགས་པ།ད་ལོའི་ཟླ་1ནས་7པར་བདེ་ཆེན་གྱིས་བསྡོམས་རྩིས་ལྟར་ཡུལ་སྐོར་བ་མི་ཐེངས་ཁྲི་1608.07སྣེ་ལེན་བྱས་པ།ཡུལ་སྐོར་ལས་རིགས་ཀྱི་སྤྱིའི་གྲོན་དངུལ་སྒོར་དུང་ཕྱུར་197.85ཟིན་པ།

ད་ཆ་བདེ་ཆེན་གྱི་མི་རིགས་ཁག་གི་མང་ཚོགས་ཡིན་པའམ་ཡང་ན་ས་ཆ་གཞན་གྱི་ཡུལ་སྐོར་བ་ཡིན་ནའང་ཚང་མས་བདེ་ཆེན་གྱི་ཉིན་བཞིན་འཕར་བའི་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་མངོན་གསལ་དོད་པོས་ཚོར་ཐུབ་པ་དང་།ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་།གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན།ཕུལ་དུ་བྱུང་བའི་སྐྱེ་ཁམས་ཀྱི་ལེགས་ཆ་བཅས་ལ་བརྟེན་ནས་བདེ་ཆེན་གྱི་ཡུལ་སྐོར་ལ་སྐྱེ་སྟོབས་གསར་པ་རྒྱས་པ་དང་ཡིད་དབང་འཕྲོག་ཤུགས་གསར་པ་མངོན་བཞིན་ཡོད།