རྨི་ལམ་ངན་པ་རྨིས་ན་ཇི་ལྟར་བྱེད་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-25   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན།

    དགོང་མོར་རྨི་ལམ་རྨིས་རྒྱུ་མང་དྲགས་པ་དེ། གཟུགས་པོར་ན་ཚ་ཡོད་པའི་སྔ་ལྟས་ཡིན་ནམ་ཞེ་ན། མི་ཞིག་བདེ་ཐང་ཡིན་མིན་དང་། གཉིད་ཀྱི་སྤུས་ཚད་ཡག་པོ་ཡོད་མེད་དེ། རྨི་ལམ་རྨིས་ཡོད་མེད་དང་འབྲེལ་བ་མེད་ལ།  རྨི་ལམ་མང་ཉུང་དང་ཡང་འབྲེལ་བ་མེད་པ་རེད།

    རྨི་ལམ་རྨིས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། 
    རྨི་ལམ་རྨི་བ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་ལ། སྤྱིའི་ཆ་ནས་བཤད་ན། མི་མང་ཆེ་བས་དགོང་མོ་རེར་རྨི་ལམ་རྨི་བའི་དུས་ནི་ཕལ་ཆེར་ཆུ་ཚོད་གཉིས་ཙམ་ཡིན། དེས་མ་ཚད། རྨི་ལམ་ནི་གཉིད་ཁུག་པའི་དུས་གང་རུང་དུ་བྱུང་བ་ཡིན། དེ་ལས་མྱུར་དུ་མིག་འགུལ་(REM)གྱི་དུས་རིམ་ནི་རྨི་ལམ་རྨི་མང་ཤོས་ཀྱི་དུས་ཡིན།   ཁྱོད་ལ་ཚོར་བ་འདི་འདྲ་ཞིག་ཡོད་སྲིད་དེ། ཞོགས་པར་གཉིད་མ་བསད་པའི་གོང་གི་དུས་དེ་ནི་རྨི་ལམ་རྨི་ཚར་ཙམ་གྱི་དུས་ཡིན་པའི་སྣང་བ་ཡོད། དེའི་རྒྱུ་མཚན་ནི། གཉིད་ལོག་པའི་ནམ་སྨད་དུ(ཞོགས་པར་གཉིད་ལས་སད་པའི་བར་སྐབས་དེའང་འདུས) མྱུར་དུ་མིག་འགུལ་གྱི་གཉིད་ཀྱིས་མཚན་གང་པོའི་གཉིད་ཀྱི་བསྡུར་ཚད་ཀྱི་བསྡུར་གྲངས་མང་ཆེ་བ་བཟུང་ཞིང་། རྨི་ལམ་རྨིས་པའི་དུས་ཚོད་ཀྱང་དུས་མཚམས་གཞན་ལས་མང་བ་ཡོད། 
    མི་ཚང་མས་རྨི་ལམ་རྨིས་སྲིད་པ་ཡིན་ནམ། མི་ཚེ་འདིར་རྨི་ལམ་གཏན་ནས་རྨིས་མ་མྱོང་བའི་མི་ཡོད་དམ། 
    དྲི་བ་དེ་གཉིས་ལ་ལན་གསལ་པོ་ཞིག་རྒྱག་ཐབས་བྲལ། རྒྱུ་མཚན་ནི་རྨི་ལམ་རྨིས་པའི་དོན་དག་དེ་རང་སྣང་ཅན་ཞིག་ཡིན་ཏེ། མི་གང་དེར་རྨི་ལམ་རྨི་བཞིན་ཡོད་མེད་ལ་བརྡར་ཤ་གཅོད་ཐུབ་པའི་ཕྱི་རོལ་ཡུལ་གྱི་དཔྱད་ཆས་ཤིག་ཡང་མེད་མོད། མིག་སྔའི་ཚན་རིག་པས་བརྟག་དཔྱད་བྱས་པའི་མི་ཚོགས་ཀྱི་གཞི་གྲངས་ལས་ཤེས་ཐུབ་པ་ནི། རྨི་ལམ་ནི་རྒྱུན་ལྡན་གྱི་ལུས་ཁམས་སྣང་ཚུལ་ཞིག་ཡིན།
    གལ་ཏེ་ཁྱེད་ལ་གཤམ་གྱི་གནས་ཚུལ་དག་ཡོད་ན། སྨན་པར་བསྟེན་དགོས། 
    *རྨི་ལམ་ངན་པ་གཟའ་འཁོར་གཅིག་ལ་ཐེངས་གཅིག་ལས་མང་བ་རྨིས་པ། 
    *རྨི་ལམ་ངན་པ་དེས་ཁྱོད་ཀྱི་གཉིད་དང་།སེམས་ཁམས།རྒྱུན་ལྡན་གྱི་འགུལ་སྐྱོད་བཅས་ལ་ཤུགས་རྐྱེན་ཐེབས་པ། 
    *རྨི་ལམ་ངན་པ་འགོ་བརྩམས་པའི་དུས་མཉམ་དུ། ཁྱོད་ཀྱིས་སྨན་རྫས་གསར་པ་ཞིག་སྤྱོད་འགོ་བརྩམས་པ། 
    ཤེས་དགོས་པ་ཞིག་ནི། རྨི་ལམ་ངན་པ་མང་པོ་རྨིས་ན་གཉིད་མི་འདང་བ་དང་། སེམས་ཁྲལ་དང་གཉིད་ལ་སྐྲག་པ།རང་འགུལ་གྱིས་གཉིད་ཇེ་ཉུང་དུ་འགྲོ་བ་བཅས་ཀྱི་སྣང་ཚུལ་འབྱུང་སྲིད། 
    དེའི་ཕྱིར། སྐབས་འདིར་ཨུ་ཚུགས་མ་བྱེད།ཆེད་ལས་ཚན་ཁག་གི་སྨན་པར་བསྟེན་དགོས། དམིགས་ཡུལ་གཉིས་ཡོད་དེ། 
    *གཅིག་ནི་རྨི་ལམ་ངན་པ་ཡང་ཡང་རྨིས་པའི་མངོན་མེད་རྒྱུ་རྐྱེན་ལ་གདེང་འཇོག་བྱས་ན། རྒྱུ་རྐྱེན་ཁ་ཤས་ནི་སྨན་བཅོས་བྱེད་ཐུབ། 
    *གཉིས་ནི་རྨི་ལམ་ངན་པ་དེ་སྨན་བཅོས་བྱས་ན། རྨི་ལམ་ངན་པ་འབྱུང་ཚད་ཇེ་ཉུང་དང་འཚོ་བར་གནོད་པ་ཐེབས་ཚད་ཇེ་ཆུང་དུ་འགྲོའོ།། 
    རྨི་ལམ་རྨིས་པ་ནི་གཉིད་ལོག་པའི་གོ་རིམ་ཁྲོད་ཀྱི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་ལ། དེ་ནི་གཉིད་ལོག་པའི་གོ་རིམ་ཁ་ཤས་སུ་ཀླད་ཆེན་གྱི་འགུལ་སྐྱོད་བྱེད་སྟངས་ཤིག་ཡིན། མི་ཚང་མས་མཚན་མོ་རེ་ལ་གཉིད་ལོག་པའི་དུས་འཁོར་མང་པོ་ཞིག་བརྒྱུད་དགོས། མཚན་མོ་ཧྲིལ་བོའི་གཉིད་ལོག་པའི་སྐབས་སུ། མི་མང་ཆེ་བས་རྨི་ལམ་མང་པོ་རྨིས་སྲིད་མོད། འོན་ཀྱང་རྨི་ལམ་ཡོད་ཚད་ཡིད་ལ་འཛིན་ཐུབ་པ་ཞིག་མིན། 图片    དེར་བརྟེན། རྨི་ལམ་རྨི་བ་རང་ཉིད་ནི་རྒྱུན་ལྡན་གྱི་སྐྱེ་ཁམས་སྣང་ཚུལ་ཞིག་ཡིན་མོད། གལ་ཏེ་རྒྱུན་དུ་རྨི་ལམ་ངན་པ་རྨིས་པའམ(སྐྲག་ནས་གཉིད་སད་པའི་རིགས་ལྟ་བུ)ཡང་ན་རྨི་ལམ་ངན་པ་མིན་ནའང་ཉིན་མོར་འཚོ་བ་དང་ལས་ཀར་ཤུགས་རྐྱེན་མངོན་གསལ་ཐེབས་པའི་ཚོར་བ་བྱུང་ན།  ཆེད་ལས་མི་སྣ་བཙལ་ནས་དུས་ཐོག་ཏུ་སྨན་བཅོས་བྱ་དགོས།