ཁུལ་ཨུའི་ཏང་གི་སློབ་གྲྭས་(ཁུལ་སྲིད་འཛིན་སློབ་གླིང་)སྟོན་དུས་སློབ་དུས་ཀྱི་སློབ་ཚུགས་མཛད་སྒོ་གཉེར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-26   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས་25ཉིན། ཁུལ་ཨུའི་ཏང་གི་སློབ་གྲྭས་(ཁུལ་སྲིད་འཛིན་སློབ་གླིང་)སྟོན་དུས་སློབ་དུས་ཀྱི་སློབ་ཚུགས་མཛད་སྒོ་གཉེར་བ།  ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གསུང་བཤད་གནང་སྐབས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ།     འགན་འཁུར་ཕོད་པ། བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་བྱེད་པ། དངོས་འབྲས་གཟེངས་སུ་ཐོན་པ། གཞུང་དྲང་སྤྱོད་གཙང་གི་ལས་བྱེད་པ་བཟང་པོ་བྱེད་པར་བརྩོན་ལེན་བྱེད་དགོས་པའི་ནན་བཤད་གནང་།


    ལུའོ་ཁྲའོ་ཧྥེང་གིས་ཏང་ལ་ལྷག་བསམ་རྣམ་དག་དང་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པའི་ལས་བྱེད་པ་ཡག་པོ་ཞིག་བྱ་རྒྱུར་བརྩོན་ལེན་བྱེད་དགོས། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་དང་བརྟན་བརླིང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་འཇགས་དུས་ཆེན་བཞིའི་ཐོག་མངོན་པར་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དགོངས་དོན་གྱི་ངོ་བོ་ཆ་ཚང་ལ་གནད་ལ་འཁེལ་བ་དང་ཁྱོན་ཡོངས་ནས་གོ་བ་ལེན་པ། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་འགན་འཁྲི་འཁུར་ཕོད་པའི་ལས་བྱེད་པ་ཡག་པོ་ཞིག་བྱ་རྒྱུར་བརྩོན་ལེན་བྱེད་དགོས། ལས་འགན་སྒྲུབ་པར་འགན་འཁྲི་འཁུར་དགོས་པ་དང་། རང་ཉིད་ཀྱི་འགན་འཁྲིའི་ཁྱབ་ཁོངས་ནང་གི་ལས་ཀ་དམ་འཛིན་བྱེད་དགོས། ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་ནས་བློ་བརྟན་འགྱུར་མེད་ཀྱི་ལས་བྱེད་པ་བཟང་པོ་བྱེད་པར་བརྩོན་ལེན་བྱེད་དགོས། རང་འགུལ་ངང་འགྱུར་ལྡོག་ལ་བསམ་བློ་གཏོང་བ་དང་འགྱུར་ལྡོག་དོན་གཉེར་བྱེད་པ། འགྱུར་ལྡོག་ཡོང་བ་བྱེད་པ། རང་འགུལ་ངང་སྲིད་ཇུས་སློབ་སྦྱོང་དང་ཞིབ་འཇུག་བྱེད་པ། རང་འགུལ་ངང་ལས་འགན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་དྲང་སྲུང་གསར་གཏོད་དང་བློ་རྩ་བརྟན་པོས་སྒྱུར་བཅོས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་གཙོ་ཤུགས་དམག་དཔུང་དུ་བྱེད་དགོས།  དངོས་སྒྲུབ་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲུབ་འབྲས་མངོན་གསལ་དོད་པའི་ལས་བྱེད་པ་ཡག་པོ་ཞིག་བྱ་རྒྱུར་བརྩོན་ལེན་བྱེད་དགོས། རང་གཅུན་ནན་པོ་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ལས་བྱེད་པ་ཡག་པོ་ཞིག་བྱ་རྒྱུར་བརྩོན་ལེན་བྱེད་དགོས།

    ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི་ཏང་གི་སློབ་གྲྭས་ཐེངས་འདིའི་སྤོ་འཛུགས་གོ་སྐབས་སུ་གྱུར་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གྲྭ་བཙུགས་ནས་ལོ་90འཁོར་བའི་རྟེན་འབྲེལ་མཛད་སྒོ་ཐོག་གནང་བའི་གསུང་བཤད་དགོངས་དོན་གལ་ཆེན་དང་《ཀྲུང་གོ་གུང་ཁྲན་ཏང་ཏང་གི་སློབ་གྲྭ་(སྲིད་འཛིན་སློབ་གླིང་)ལས་ཀའི་སྲོལ་ཡིག་》དོན་འཁྱོལ་ལག་བསྟར་ནན་ཏན་བྱེད་དགོས། ཏང་གི་སློབ་གྲྭའི་ལས་དོན་སྐོར་གྱི་ཞིང་ཨུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལག་བསྟར་སྐུལ་འདེད་གཏོང་བར་དེ་ལས་ཆེན་བའི་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན།


    ཚོགས་འདུ་འཚོགས་རྗེས།ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི་ཏང་གི་སློབ་གྲྭའི་འཛུགས་སྐྲུན་གནས་ཚུལ་གྱི་ཡུལ་དངོས་སུ་བརྟག་ཞིབ་གནང་བ།

    ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལི་དབྱང་གིས་སློབ་འགོ་འཚོགས་པའི་མཛད་སྒོར་ཞུགས།

    ཁུལ་འགོ་ཁྲིད་ཁྲིན་ཆོན།ཞའོ་ཞུས།ལིན་ཧའོ།དབྱང་ཅི་ཝུན་བཅས་སློབ་ཚུགས་མཛད་སྒོར་ཞུགས།