ལུའོ་ཁྲའོ་ཧྥེང་གིས་ལས་བྱེད་པ་རྒན་གྲས་དང་གཞུང་དོན་དུ་སྐུ་གཤེགས་པའི་དམག་མིའི་ནང་མིར་འཚམས་འདྲི་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ9པའི་ཚེས25ཉིན།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་མཚམས་སུ་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་གསར་བརྗེའི་ལས་དོན་ནང་ཞུགས་མཁན་ལས་བྱེད་པ་རྒན་གྲས་དང་དེ་བཞིན་གཞུང་དོན་དུ་སྐུ་གཤེགས་པའི་དམག་མིའི་ནང་མིར་འཚམས་འདྲི་གནང་བ་དང་འབྲེལ་ཁོང་ཚོར་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་གནང་བ་དང་འབྲེལ་ཁོང་ཚོར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།    

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྒྱ་ལམ་སྡེ་ཁུལ་དུ་ལུའོ་ཁྲའོ་ཧྥེང་གིས་ལོ་94ལ་སླེབས་པའི་ལས་བྱེད་པ་རྒན་གྲས་ཡེ་ཏེ་ཞང་གི་ལག་ནས་བཟུང་སྟེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་མཚམས་འདིར་ང་ཚོས་ཁྱེད་ལ་བལྟ་བར་ཡོང་བ་ཡིན།    ཁྱེད་ཚོས་གསར་བརྗེའི་བྱ་གཞག་དང་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་མ་ཟད། བྱམས་བརྩེའི་ངང་ཁོང་དང་ཅི་འཕྲོས་མོལ་འཕྲོས་དང་།    བདེ་སྡུག་འདྲི་བ།    འཕེལ་རྒྱས་སྐོར་གླེང་བ་བཅས་བྱས།    ལུའོ་ཁྲའོ་ཧྥེང་གིས་ཐུགས་ཁུར་ཆེན་པོའི་ངང་ཁོང་གི་གཟུགས་པོའི་གནས་ཚུལ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་དང་ཁོང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་བདེ་ཆེན་ལ་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་གླེང་བ་གསན་པ་རེད།    ལུའོ་ཁྲའོ་ཧྥེང་གིས་ལས་བྱེད་པ་རྒན་གྲས་དང་ཏང་ཡོན་རྒན་གྲས་ནི་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུའི་དཔང་པོ་བྱེད་མཁན་དང་།    ནང་ཞུགས་བྱེད་མཁན།    ལེགས་སྐྱེས་འབུལ་མཁན་བཅས་ཡིན་ལ་ང་ཚོའི་རྩ་ཆེའི་རྒྱུ་ནོར་ཞིག་ཀྱང་ཡིན།    གསར་བརྗེའི་རྒན་རབས་པའི་ལོ་རྒྱུས་ཀྱི་མཛད་རྗེས་བློ་ལ་བརྟན་པོར་ངེས་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་གྱིས་དཀའ་ངལ་ལ་མི་སྐྲག་པ་དང་འབད་འབུངས་སྟོབས་བརྩོན་གྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།འབྲེལ་ཡོད་སྡེ་ཚན་ཁག་གིས་སེམས་ནུས་ཡོད་རྒུས་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ལས་བྱེད་པ་རྒན་གྲས་དང་ཏང་ཡོན་རྒན་གྲས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་ཚེ་མཇུག་སྐྱིད་པོ་ཞིག་སྐྱེལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།  

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བྱང་འདབས་སྡེ་ཁུལ་དུ་གཞུང་དོན་དུ་སྐུ་གཤེགས་པའི་དམག་མིའི་ནང་མིའི་ཁྱིམ་དུ་ལུའོ་ཁྲའོ་ཧྥེང་གིས་ཐུགས་ཁུར་ཆེན་པོའི་ངང་ཁོང་གི་ཁྱིམ་མིའི་གཟུགས་པོའི་གནས་ཚུལ་དང་།    འཚོ་བའི་གནས་ཚུལ།    ལས་ཀའི་གནས་ཚུལ་སོགས་བཀའ་འདྲི་གནང་བ་དང་ཁོང་ཚོར་འཕྲད་པའི་དཀའ་ངལ་དང་གནད་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད།    ཁོང་ཚོར་ཡིད་ཆེས་བརྟན་པོ་དང་།    གཟུགས་པོར་ཐུགས་གཟབ།    འཚོ་བ་སྐྱིད་པོ་བཅས་བྱེད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།  འབྲེལ་ཡོད་སྡེ་ཚན་ལ་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་གཞུང་དོན་དུ་སྐུ་གཤེགས་པའི་ཏང་ཡོན་ལས་བྱེད་པའི་ནང་མིའི་རྒྱུན་གཏན་འཚོ་བར་མུ་མཐུད་དོ་ཁུར་བྱས་ཏེ་བྱ་བ་ཆུང་ཙག་ནས་འགོ་བཙུགས་པ་དང་བྱ་བ་དངོས་ནས་འགོ་བཙུགས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་ཁོང་ཚོར་དཀའ་ངལ་དངོས་སེལ་རོགས་བྱས་ནས་ཁོང་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་ཐུགས་ཁུར་ཚོར་ཐུབ་པ་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།       

ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་འཚམས་འདྲིར་ཞུགས་པ།