བདེ་ཆེན་གྱིས་“ཉིན་གླ་ཆུང་ཆུང་”གིས་“དམངས་འཚོ་ཆེན་པོ་”ཐག་གཅོད་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    བདེ་ཆེན་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ལས་ཞུགས་ལས་ཀ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། “ཉིན་གླ་ཆུང་ཆུང་”གི་སྒོ་ནས་“དམངས་འཚོ་ཆེན་པོ་”ཐག་གཅོད་བྱས།མིག་སྔའི་བར། ཁུལ་ཡོངས་ཀྱིས་ཉིན་གླ་ཚོང་ར་4འཛུགས་སྐྲུན་བྱེད་པ།འཛུགས་སྐྲུན་རྒྱ་ཁྱོན་རིམ་རྩིས་བྱས་ན་སྨི་ངོས་གྲུ་1500ཟིན། ལས་ཞུགས་ལས་གནས་ཁྲི་0.6འོས་སྦྱོར་བྱས།སྣ་རིགས་སོ་སོའི་ཉིན་གླ་མི་ཐེངས་ཁྲི་1.1ལ་ཞབས་འདེགས་ཞུས།

    བདེ་ཆེན་ཁུལ་ཉིན་གླ་ཚོང་རའི་ཞབས་འདེགས་སྒྲིག་ཆས་འཐུས་སྒོ་ཚང་བ་དང་རྒྱ་ཁྱོན་སྨི་ངོས་གྲུ་650ཟིན། བདེ་ཆེན་སེམས་ཀྱི་ཉི་ཟླ་ལས་གཏོད་ཁུལ་དང་ས་ཆ་མཉམ་སྤྱོད་བྱེད།སྲིད་ཇུས་འདྲི་རྟོག་དང་ཆ་འཕྲིན་ཁྱབ་བསྒྲགས།ལས་རིགས་འོས་སྦྱོར། རྩལ་ནུས་གསོ་སྦྱོང་།ཐད་གཏོང་ཐོག་ལས་གནས་འདོན་པ།ཁེ་དབང་འགན་སྲུང་སོགས་ནུས་པ་གཞི་གཅིག་ཏུ་སྡུད་པའི་ཚད་ལྡན་ཅན་གྱི་ཉིན་གླ་ཚོང་རས་ལས་འཚོལ་པ་དང་ལས་མི་སྤྱོད་པའི་ཁེ་ལས་ལ་ཕྱོགས་ཡོངས་ནས་ཞབས་འདེགས་འདོན་པ། དེ་དང་ཆབས་ཅིག་ལས་གནས་“བདེ་སྐྱིད་ནང་”སྡེ་ཁུལ་དང་ཕན་ཚུན་གསབ་རེས་སུ་གྱུར་ནས། གཞི་རིམ་གྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ནུས་པ་སྔར་ལས་ཆེ་རུ་གཏོང་བ།
    སྣ་མང་ཅན་གྱི་ལས་ཞུགས་ཞབས་འདེགས་མཁོ་འདོན་བྱས། དྲ་ཐོག་དང་དྲ་མིན་ཟུང་སྦྲེལ་བྱེད་པའི་རྣམ་པ་སྒོ་ནས།ལས་འཚོལ་པ་དང་ལས་མི་སྤྱོད་པའི་ཁེ་ལས་ལ་སྟབས་བདེའི་ཆ་འཕྲིན་སྤེལ་རེས་ལས་སྟེགས་བཟོས་ནས་ཚོགས་སྤྱི་མི་འདྲ་བའི་དགོས་མཁོ་སྐོང་བ།རྩལ་ནུས་གསོ་སྦྱོང་མཁོ་འདོན་དང་ལས་གཏོད་ཁྲིད་སྟོན་སོགས་ཞབས་འདེགས་སྣ་མང་ཅན་མཁོ་འདོན་བྱས་ནས་ལས་འཚོལ་པར་རྩལ་ནུས་ཆུ་ཚད་མཐོ་རུ་གཏོང་རོགས་བྱེད་པ་དང་སྤུས་ཚད་དེ་བས་མཐོ་བའི་ལས་ཞུགས་མངོན་གྱུར་བྱུང་བ། 
    གནད་འཕིགས་ཅན་གྱི་ལས་ཞུགས་ཞབས་འདེགས་ཡག་པོ་བསྒྲུབས་པ།ཉིན་གླ་ཚོང་རས་མི་ཤུགས་ཐོན་ཁུངས་ཞབས་འདེགས་ལས་ཁུངས་དང་ལས་མི་སྤྱོད་པའི་ཁེ་ལས་ལ་གནད་འཕིགས་མཐུད་པར་དོ་སྣང་བྱེད་པ་དང་ལས་མིའི་དགོས་མཁོ་ཧུར་ཐག་གིས་འཚོལ་སྡུད་བྱེད་པ།ཞབས་འདེགས་ཕན་ནུས་དང་སྤུས་ཚད་མཐོ་རུ་གཏོང་བ།དེ་ལས་གཞན་ཆེད་ལས་མི་སྣ་བསྐོ་གཞག་བྱས་ནས་ཚོང་རའི་གཉེར་སྐྱོང་དང་དོ་དམ་ལ་འགན་འཁུར་བ་དང་ཚོང་ར་དེ་ཕན་ནུས་མཐོ་བ་དང་གོ་རིམ་ལྡན་པའི་བབ་འཁོར་སྤྱོད་ཐུབ་པར་ཁག་ཐེག་བྱེད།
    ཉིན་གླ་ཚོང་རར་བེད་སྐྱོད་གཏོང་འགོ་ཚུགས་ནས་མཉམ་ལས་བྱེད་པའི་ལས་མི་སྤྱོད་པའི་ཁེ་ལས་280ལྷག་གིས་ལས་གནས་6000མཁོ་འདོན་བྱེད་པ།དྲ་ཐོག་དང་དྲ་མིན་གྱི་ཐོག་ནས་ལས་ཞུགས་མི་སྣ་870ལ་ཞབས་འདེགས་ཞུ།མི་ཐེངས་420ཡི་ལས་ཞུགས་ལ་སྐུལ་འདེད་གཏོང་ཡོད།ཉིན་གླ་ལས་ཞུགས་མི་སྣའི་དགོས་མཁོར་དམིགས་ནས་SYBལས་གཏོད་མཛུབ་སྟོན་དགེ་རྒན་གསོ་སྦྱོང་དང་མི་ཤུགས་ཐོན་ཁུངས་དོ་དམ་པའི་གསོ་སྦྱོང་སོགས་སྣ་རིགས་མང་བའི་རྩལ་ནུས་གསོ་སྦྱོང་སློབ་ཚན་གཉེར་བ་དང་རིམ་རྩིས་བྱས་ན་གསོ་སྦྱོང་མི་གྲངས་མི་ཐེངས་381ཟིན་པ།