སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུའུ་ཨེར་མི་རིགས་མཐུན་སྒྲིལ་དམ་འཇོག་རྡོ་རིང་མདུན་དུ་དམ་བཅའ་འཇོག་མཁན་འཐུས་མིའི་རྗེས་རབས་པར་འཕྲིན་ལན་སྤྲིངས་བར་བདེ་ཆེན་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།    རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཕུའུ་ཨེར་མི་རིགས་མཐུན་སྒྲིལ་དམ་འཇོག་རྡོ་རིང་མདུན་དུ་དམ་བཅའ་འཇོག་མཁན་འཐུས་མིའི་རྗེས་རབས་པར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་ཐུགས་ཁུར་ཟབ་མོ་གནང་བ་དང་འབྲེལ་རེ་བ་ནན་པོ་ཡང་བཏོན་པ་རེད།   

    ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་རེད།    མི་རིགས་ལྔ་བཅུ་ང་དྲུག་ནི་ཕན་ཚུན་མཛའ་ཞིང་བརྩེ་བའི་ཁྱིམ་ཚང་གཅིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དེ་བདེ་ཆེན་གྱི་གངས་ལྗོངས་ས་མཐོར་མགྱོགས་མྱུར་ཁྱབ་པ་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་འཕྲལ་མར་སློབ་སྦྱོང་སྒྲིག་འཛུགས་བྱས་པར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད།     

 

    སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་སློབ་སྦྱོང་དང་ཕྱིར་དྲན་བྱས་རྗེས་བདེ་ཆེན་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཝང་གོ་ཧྭ་ཡིས།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་དམ་འཇོག་རྡོ་རིང་མདུན་དུ་དམ་བཅའ་འཇོག་མཁན་འཐུས་མིའི་རྗེས་རབས་པར་འཕྲིན་ལན་སྤྲིངས་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཡུན་ནན་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་དང་ཡུན་ནན་གྱི་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་པས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་པ་དང་འགན་འཁྲི་གཟི་བརྗིད་དང་འགན་འཁྲི་ལྕི་པོ་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་ཡོད།   ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུའུ་ཨེར་མི་རིགས་མཐུན་སྒྲིལ་དམ་འཇོག་རྡོ་རིང་མདུན་དུ་དམ་བཅའ་འཇོག་མཁན་འཐུས་མིའི་རྗེས་རབས་པར་འཕྲིན་ལན་སྤྲིངས་བའི་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར།    དོན་འཁྱོལ་བཅས་ཡག་པོ་བྱས་ནས། མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་།    ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱ་རྒྱུ་ཡིན་ཞེས་བཤད་བྱུང་།

      བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྒྱ་ལམ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་དབང་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱིས་ང་ཚོའི་གཞི་རིམ་དུ་མི་རིགས་མཐུན་སྒྲིལ་ལས་དོན་སྤེལ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།   གོམ་སྟབས་རྗེས་མར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་བྱེས་འགྲོའི་མི་གྲངས་ཞབས་ཞུ་དང་དོ་དམ་བྱེད་པའི་ལས་དོན་ལ་མུ་མཐུད་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་རྒྱག་པ་དང་།    དུས་རབས་གསར་པའི་ཤེས་དཔལ་གྱི་ལག་ལེན་ས་ཚིགས་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཁང་སོགས་གཡུལ་ས་གང་སར་ཧུར་ཐག་སྤྱོད་པ།    སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་མཐུན་སྒྲིལ་གྱི་དུས་ཆེན་དང་རྟེན་འབྲེལ་བྱེད་སྒོ་སྤེལ་བ།    མི་རིགས་ཁག་གི་རིག་གནས་ཕན་ཚུན་དཔྱད་གཞིར་འཛིན་པ་དང་འབྲེལ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་རྒྱ་ལམ་སྡེ་ཁུལ་དུ་མཉམ་འདྲེས་དང་མཉམ་འདྲེས་ཡག་པོ་ཡོང་བ་བྱེད་དགོས་ཞེས་བཤད་པ་རེད།   

    སུམ་རྩེན་གླིང་གི་གྲྭ་བ་ཐུབ་བསྟན་གྱིས་སླད་ཕྱིན་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་སྟེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ།    ཏང་གི་རྗེས་སུ་འབྲངས་པ་བཅས་བྱེད་དགོས།    དེ་བས་རང་རྟོགས་ངང་རང་ངོས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་།    ཐོས་བསམ་སྒོམ་གསུམ་ལ་གཞོལ་བ།    ཡོན་ཚད་མཐོ་རུ་གཏོང་བ།    བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བཅས་བྱས་ཏེ་བདེ་ཆེན་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བཤད་པ་རེད།

    བདེ་ཆེན་ཁུལ་གྱི་བུད་མེད་ཁེ་ལས་མཁས་ཅན་ཚོང་ཚོགས་ཀྱི་ཚོགས་གཙོ་ཡེ་ཡུང་ཀྲེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ནང་ང་ཚོ་མཐའ་མཚམས་མི་རིགས་ཁག་གི་བུ་ཕྲུག་ཚོར་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་ཚུད་ཡོད་ལ།    མི་རིགས་ཁག་གི་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་དང་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཡོད།    ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་གལ་ཆེན་བློ་ལ་བརྟན་པོར་ངེས་ནས“མི་རིགས་མཐུན་སྒྲིལ་དམ་འཇོག་རྡོ་རིང་”གི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་དགོས།     དམངས་གཉེར་ཁེ་ལས་མཁས་ཅན་ཞིག་ཡིན་པའི་ངོས་ནས་ངས་རང་ངོས་ནས་འགོ་བཙུགས་ཏེ་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་འཛུགས་སྐྲུན་པ་དང་སྐུལ་འདེད་པ་ཞིག་བྱ་རྒྱུ་ཡིན་ཞེས་བཤད་བྱུང་།