འཛམ་གླིང་གི་“སེམས་ཀྱི་ཉི་ཟླ་”ཤྭ་ཁ་རི་བོ་རི་མཚོ་རོལ་དབྱངས་རྟེན་འབྲེལ་བྱེད་སྒོར་ལྟད་མོ་ཆེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-30   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས་29ཉིན། ཤྭ་ཁ་རི་བོའི་འདབས་སུ་འཛམ་གླིང་གི་“སེམས་ཀྱི་ཉི་ཟླ་”ཤྭ་ཁ་རི་བོ་རི་མཚོ་རོལ་དབྱངས་རྟེན་འབྲེལ་བྱེད་སྒོ་འགོ་ཚུགས་ནས་ཡུལ་དངོས་ཀྱི་ལྟད་མོ་བར་ཡིད་དབང་རབ་ཏུ་འཕྲོག་པའི་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་ཕུལ།


    རོལ་དབྱངས་རེ་རེ་བཞིན་དཀྲོལ་བ་དང་། རོལ་དབྱངས་བྱེད་སྒོའི་ཡོལ་བ་ཕྱེ་ནས། ཕོ་མོའི་སྙན་འཇེབས་ལྡན་པའི་གླུ་སྐད་རོལ་ཆས་ཀྱི་དབྱངས་རྟ་དང་མཉམ་དུ་འདྲེས་ཤིང་།མཛེས་སྡུག་རྣམ་པར་བཀྲ་བའི་རོལ་དབྱངས་ཀྱི་རི་མོ་ཞིག་བསླས་པ། ལྟད་མོ་བ་རྣམས་ཀྱིས་དབྱངས་འགྲོས་དང་བསྟུན་ནས་བྲོ་འཁྲབ་པས་ ཡུལ་དངོས་ཀྱི་རྣམ་པ་སྤྲོ་སེམས་འཁོལ་ཞིང་སྤྲོ་སྣང་བྱུང་བ།


    དེའི་རྗེས། ཡུན་ནན་གྱི་ཞབས་བྲོ་ཚང་མས་འཁྲབ་“འཁྲུག་ཆ་འདོད་པའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་”བདེ་ཆེན་ཆེད་འཁྲབ་ཐོག་《ཉི་ཤར་བྱམས་གླུ》《ཝ་ཆི་ཆི་》སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ལེ་ཚན་རེས་མོས་ཀྱིས་འཁྲབ་སྟོན་བྱས་པ་དང་ཞབས་བྲོ་འཁྲབ་མཁན་རྣམས་ཀྱིས་ཁྱད་ཆོས་ལྡན་པའི་མི་རིགས་གྱོན་ཆས་གྱོན་ནས་དགའ་སྤྲོ་འཁོལ་བའི་ངང་ཞབས་བྲོ་འཁྲབ་ནས་སྐྱེ་སྟོབས་དཔལ་འབར་བ་དང་ནང་དོན་ཕུན་སུམ་ཚོགས་པོ་ལྡན་པའི་མི་རིགས་རིག་གནས་བསྟན་པ་དང་མི་རིགས་སོ་སོ་བར་གྱི་མི་རིགས་མཐུན་སྒྲིལ་དང་མཉམ་དུ་དར་སྤེལ་གཏོང་བའི་ཕུགས་འདུན་བཟང་པོ་རྒྱུན་འཛིན་བྱས།


    ཐེངས་འདིའི་བྱེད་སྒོའི་ཐོག་མི་རིགས་ཁག་གི་མང་ཚོགས་ལ་ལི་སུའུ་རིགས་ཀྱི་མི་རིགས་ཞབས་བྲོ་འཁྲབ་ཐུབ་པར་ཧ་ཅང་དགའ་པོ་བྱུང་བ་དང་གོ་སྐབས་དེ་བརྒྱུད་ངས་མི་རིགས་གཞན་དག་གི་སྒྱུ་རྩལ་རིག་གནས་ཤེས་རྟོགས་སྔར་བས་གཏིང་ཟབ་བྱུང་བ། ས་གནས་ཁག་གི་མི་རིགས་ཀྱི་གླུ་གར་འཁྲབ་སྟོན་ལས་བདེ་ཆེན་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་གང་ལེགས་མངོན་ཡོད་ཅེས་འབའ་ལུང་རྫོང་ཕན་ཐན་ཀོ་ཤང་ཝ་ཆི་ཆི་རུ་ཁག་ནས་ནས་ཡོང་བའི་ལི་ཁྲོན་ཧྭས་འདི་འདྲ་བཤད་བྱུང་།


    བདེ་ཆེན་ཁུལ་ཡུལ་སྐོར་ཚོགས་ཁག་གི་འགྲེམ་སྟེགས་ཐོག་གི་རིག་གནས་ཐོན་རྫས་ལ་ཡུལ་སྐོར་བས་དགའ་བསུ་ཐོབ་པ།ད་དུང་ས་གནས་དེ་གའི་ཚོང་ཁང་མང་པོ་ཞིག་ཞུགས་ཡོད་པ་དང་། རང་ཡུལ་གྱི་ཞིམ་ཟས་དང་ཞིང་ལས་ཐོན་རྫས། བོད་སྨན་སྨན་བཅོས་སོགས་བདེ་ཆེན་གྱི་IPཁྱད་ཆོས་དང་བསྟུན་པའི་འགྲེམ་སྟེགས་སུ་ཡུལ་སྐོར་བ་དང་ཡུལ་མི་མི་ཉུང་བ་ཞིག་གིས་ཉོ་སྒྲུབ་དང་ཉམས་ཞིབ་བྱས་ནས་ཐེངས་འདིའི་རོལ་དབྱངས་རྟེན་འབྲེལ་བྱེད་སྒོའི་ཉམས་ཞིབ་ཚོར་བ་མཐོ་རུ་གཏོང་བ།