རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-30   རྩོམ་ཁུངས།   
ལུའོ་ཁྲའོ་ཧྥེང་། ཀྲང་ཝེ་ཏུང་སོགས་ཞུགས།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས་30ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྔོན་གཤེགས་དཔའ་བོའི་ཉིན་མོ་ཐེངས་11པ་ཤར་ཉེ་བའི་སྐབས་རང་ཁུལ་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གསར་རྗེས་སྔོན་གཤེགས་དཔའ་བོའི་བང་སོར་སྤྱི་སྒྲུབ་འདས་མཆོད་བྱེད་སྒོ་སྤེལ་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཟབ་མོ་ཞུ་བ་དང་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཝེ་ཏུང་བྱེད་སྒོར་ཞུགས།
ལི་ཡན་ལན། ཕེང་ཧྲན། ཡུས་ཧྲེང་ཞང་། མིའོ་ཡིའུ་ཧྥ། ལི་དབྱང་། ཁྲིན་ཆོན་སོགས་ཁུལ་རིམ་པའི་འགོ་ཁྲིད། ཁུལ་ཁྲིམས་ཁང་། ཁུལ་ཞིབ་དཔྱོད་ཁང་གི་འགོ་ཁྲིད་གཙོ་བོ་བྱེད་སྒོར་ཞུགས། དབྱང་ཙི་ཅང་གིས་བྱེད་སྒོ་གཙོ་སྐྱོང་གནང་བ།
སྔ་དྲོའི་ཆུ་ཚོད་9པར་སྤྱི་སྒྲུབ་འདས་མཆོད་བྱེད་སྒོ་འགོ་ཚུགས་པ། བྱེད་སྒོར་ཞུགས་མི་ཡོངས་གུས་སྟབས་ངང་ལངས་ནས་མཉམ་དུ་རྒྱལ་གླུ་བླངས་པ། དེ་རྗེས་ཞྭ་མོ་ཕུད་དེ་གསར་བརྗེའི་སྔོན་གཤེགས་དཔའ་བོར་ངག་བསྡམས་མྱ་ངན་ཞུས་ནས། གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོས་རང་རྒྱལ་གྱི་མི་རིགས་རང་བཙན་བཅིངས་འགྲོལ་བྱ་གཞག་དང་དེ་བཞིན་དུས་སྐབས་མི་འདྲ་བར་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་གནང་བར་བླ་ན་མེད་པའི་གུས་འདུད་ཞུས་པ། ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མིས་《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན་》ཞེས་པའི་གླུ་གཞས་ཕུལ་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཡག་པོ་ཞིག་བྱེད་པའི་ཆོད་སེམས་མཚོན་པ། དེ་རྗེས་དྲག་ཆས་ཉེན་རྟོག་འཐབ་འཛིང་པས་མི་དམངས་དཔའ་བོར་མེ་ཏོག་སི་ར་ཕུལ་བ། བྱེད་སྒོར་ཞུགས་པའི་འགོ་ཁྲིད་ཀྱིས་གོས་ཆེན་ལེགས་སྒྲིག་བྱས་པ། ཚང་མས་མཉམ་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མཇལ་བ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་ཕུལ་བ།
ཁུལ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་ལས་བྱེད་པ། བདེ་ཆེན་ཡན་ལག་དམག་ཁུལ། ཁུལ་ཉེན་རྟོག་དྲག་དཔུང་གི་འབྲེལ་ཡོད་འགོ་ཁྲིད། རང་ཁུལ་ལས་བྲལ་ལས་འཁྱུར་ལས་བྱེད་པ་རྒན་པ། དམག་ཁང་གི་ལས་བྲལ་ལས་འཁྱུར་ལས་བྱེད་པ། ངལ་རྩོལ་དཔེ་བཟང་། སྔོན་གཤེགས་དཔའ་བོའི་འདས་པོའི་ཁྱིམ་མི། སློབ་གྲྭའི་དགེ་རྒན་དང་སློབ་མ། མེ་སྐྱོན་འགོག་གསོད་རུ་ཁག་དང་སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པའི་འཐུས་མི་སོགས་བྱེད་སྒོར་ཞུགས།