སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་འགོ་ཚུཊ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  ཟླ་9ཚེས་29ཉིན་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་དེ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རུ་འགོ་ཚུགས་ཤིང་། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དང་ཡུལ་སྐོར་བ་དེ་གར་འཛོམས་ནས་བདེ་ཆེན་ཁུལ་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་། གཏིང་ཟབ་པའི་རིག་གནས་ཀྱི་རྣམ་པ། སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་ཡུལ་སྲོལ་བཅས་ལ་ཐུན་མོང་ཐོག་མྱོང་ཚོར་བྱས་ཏེ་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་མུ་མཐུད་ཆེ་རུ་བཏང་ཡོད་པ་རེད།      

   བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་བྱས་པ་རེད།   ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཤིས་ཚིག་ཕུལ་བ་རེད།

    ཡུན་ནན་ཞིང་ཆེན་ཁང་ལུའེ་ཡུལ་སྐོར་ཚོགས་པ་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅིའམ་ཏུང་ཧྲི་ཀྲང་དབྱང་མིན་དང་། ཐུང་ཁྲེང་ཡུལ་སྐོར་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་གཞོན་པ་པའེ་ཀྲི་ཝེ། སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཝང་པིན། ཡུན་ནན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་རིམ་པ་གཉིས་པའི་སྐོར་ཞིབ་པ་ལིའུ་ཞའོ་ཐུང་། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་དོན་གྲུབ་སོགས་འགོ་ཁྲིད་ཚོགས་འདུར་ཞུགས་པ་མ་ཟད། ཐུན་མོང་ཐོག་འགོ་ཚུགས་མཛད་སྒོ་སྤེལ་འགོ་ཚུགས་པ་རེད།

    བདེ་ཆེན་ཁུལ་གྱི་འགོ་ཁྲིད་ལི་ཡན་ལན་དང་། ཕེང་ཧྲན། ཡུས་ཧྲེང་ཞང་། མེའོ་ཡིའུ་ཧྥ་བཅས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད། བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཧྲང་ཧའེ་གྲོང་ཁྱེར་གྱི་དབྱང་ཕུའུ་ཆུས་དང་། པའོ་ཧྲན་ཆུས། ཁུན་མིང་གྲོང་ཁྱེར། ཆུས་ཅིང་གྲོང་ཁྱེར། ཡུས་ཞི་གྲོང་ཁྱེར་དང་དེ་བཞིན་སེམས་ཀྱི་ཉི་ཟླ་ཆེན་པོའི་ས་ཁོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་། འབྲེལ་ཡོད་ཁེ་ལས། གསར་འགྱུར་སྨྱན་སྦྱོར་སོགས་གདན་ཞུས་ལྟར་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

    ཀྲང་ཝེ་ཏུང་གིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་ནས་བཟུང་། བདེ་ཆེན་ཁུལ་གྱིས་སྒུལ་འཁོར་ཤར་གཏོང་ཐུབ་པའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དང་བསྟུན་ནས་ཡུལ་སྐོར་མཁོ་སྤྲོད་དང་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་བདེ་ཆེན་ཁུལ་གྱིས་སྣེ་ལེན་ཞུས་པའི་ཡུལ་སྐོར་བའི་མི་གྲངས་བསྡོམས་འབོར་མི་ཐེངས་ཁྲི་1900ལས་བརྒལ་བ་དང་ཡུལ་སྐོར་གྱི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར་238.6ཟིན་ནས་སོ་སོར32%དང་41.7%སོ་སོར་འཕར་ཡོད་པ་རེད་ཅེས་བསྟན།   

    དབྱང་མིན་གྱིས་སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོའི་ཁྲོད་ཚོགས་པས་ཡུལ་སྐོར་དང་ཐོན་ལས་གཉིས་སྣོན་གྱི་འབྲེལ་ཐག་བསྡུ་སྒྲིལ་དང་། གནས་གཏན་འཁེལ་གྱི་ཚོང་གཉེར། ཐོན་ཟོག་གསར་སྤེལ་སོགས་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ཏེ་རི་མཚོའི་ཡུལ་སྐོར་གྱི་རིག་གནས་ཡུལ་སྐོར་སྤུས་རྟགས་གཏོད་རྒྱུ་དང་། ས་ཁོངས་ཧྲིལ་པོའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་བེད་སྤྱོད་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་རྒྱུ། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་གཏོད་རྒྱུར་ཞབས་འདེགས་ཞུ་བ་དང་རོགས་སྐྱོར་བྱ་རྒྱུ་བཅས་རེད་ཅེས་ངོ་སྤྲོད་བྱས་པ་རེད།

     ད་དུང་ས་གནས་ས་ཐོག་ཏུ་རིག་རྩལ་འཁྲབ་སྟོན་དང་། འཁྲབ་ཚན་ཐུང་གྲས་འགྲེམས་སྟོན། རིག་གནས་ཡུལ་སྐོར་འོས་སྦྱོར། ཡུན་ནན་ཁམས་ཡུལ་སྐོར་ཚོགས་པའི་རིག་གནས་ཡུལ་སྐོར་གྱི་IPཡི་རྣམ་པ་ངོམས་སྟོན། སྒེར་འཁོར་བཏང་ནས་རླངས་འཁོར་གཏོང་བའི་མཛད་སྒོ་སོགས་ཀྱི་ལྷུ་ཚིགས་བཀོད་སྒྲིག་བྱས་ཡོད་པ་རེད། ཉིན་དེར་བདེ་ཆེན་ཁུལ་གྱིས་ད་དུང་སེམས་ཀྱི་ཉི་ཟླ་ཆེན་པོའི་ཡུལ་སྐོར་མནའ་འབྲེལ་འཕེལ་རྒྱས་མཉམ་འབྲེལ་ཚོགས་འདུ་འཚོགས་པ་རེད།

 སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་དེ2024ལོའི་ཟླ་10ཚེས་8ཉིན་བར་རྒྱུན་མཐུད་རྒྱུ་ཡིན་ཞིང་། བདེ་ཆེན་ཁུལ་གྱིས་ད་དུང་རིག་གནས་ཡུལ་སྐོར་དང་བོད་ལུགས་གསོ་རིག་དང་བོད་སྨན་ཟུང་འབྲེལ་གྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་སྒོ་སྤེལ་རྒྱུ་དང་། འཛམ་གླིང་གི་སེམས་ཀྱི་ཉི་ཟླ་སྟེ། ཚེ་འདིའི་བརྩེ་སེམས་G214རང་ཉིད་ཀྱིས་རླངས་འཁོར་བཏང་ནས་ཡུལ་སྐོར་དུ་འགྲོ་བའི་བྱེད་སྒོ་ཞེས་པ།   ད་དུང་མེ་ཕུང་དགོང་ཚོགས་སོགས་ཁྱད་ལྡན་ཡུལ་སྐོར་ཉམས་ལེན་དང་།  འཛམ་གླིང་གི་སེམས་ཀྱི་ཉི་ཟླ།  ཤྭ་ཁ་རི་བོའི་རི་ཆུའི་རོལ་དབྱངས་སོགས་སྤེལ་འཆར་ཡོད།  




    སྐབས་གཉིས་པའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་དང་། ཡུན་ནན་ཧྲན་ཧའེ་ཡིའུ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སི། བདེ་ཆེན་ཁུལ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སི། བདེ་ཆེན་ཁུལ་ཁའེ་ཐེ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སི་བཅས་ཀྱིས་གཉེར་འགན་འཁུར་བ། ཐུང་ཁྲེང་དྲ་རྒྱ་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས་གཞོགས་འདེགས་བྱས་ནས་གཉེར་བ་རེད།