བདེ་ཆེན་ཁུལ་གྱི་ས་ཆ་མང་པོར་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་སྐབས་སུ་བདེ་ཆེན་ཁུལ་གྱི་ས་ཆ་མང་པོར་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ་རེད།

    ཁུལ་ཐད་གཏོགས་ལས་ཁུངས།   

    

    ཟླ་10ཚེས་1ཉིན། ཁུལ་ཐད་གཏོགས་ལས་ཁུངས་ཀྱིས་ཁུལ་ཨུའི་ར་སྐོར་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུས། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་བྱེད་སྒོར་ཞུགས་པ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་གྱིས་གཙོ་སྐྱོང་གནང་བ།

    ཉིན་དེའི་སྔ་དྲོའི་ཆུ་ཚོད་9པར། མི་སྣ་ཡོངས་ཀྱིས་མཉམ་དུ་《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་》སྐད་གསང་མཐོན་པོས་གཏོང་ནས་བཀྲག་མདངས་འཚེར་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་པ་དང་རླུང་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བ། དེ་རྗེས་ཏང་ཡོན་ཡོངས་ཀྱིས་ད་དུང་མཉམ་དུ་ཏང་ནང་ཞུགས་པའི་དམ་བཅའི་ཚིག་བསྐྱར་དྲན་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བཪྙེས་ནས་ལོ་75 རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཐུན་མོང་ཐོག་ཕྱིར་དྲན་བྱས་པ།

ཁུལ་འགོ་ཁྲིད་དབྱང་ཞུའེ་ཝུན། ཡུས་ཡུང་ཧོང་།ཁྲིན་ཅུན་མིན། ཀྲང་ཡུས། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་དང་མང་ཚོགས་འཐུས་མི་འགའ་བྱེད་སྒོར་ཞུགས་ཡོད།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར།

    ཟླ་10ཚེས་1ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྲིད་འཛིན་ལྟེ་བའི་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུས་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་ཐོབ་པའི་བྱས་རྗེས་རླབས་ཆེན་ལ་བསྟོད་གླུ་ཕུལ་བ།
  རྒྱལ་དར་སྒྲེང་བའི་མཛད་སྒོ་མཇུག་འགྲིལ་རྗེས། གྲོང་ཁྱེར་དེའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་མཉམ་དུ་ཏང་ནང་ཞུགས་པའི་དམ་བཅའི་ཚིག་བསྐྱར་དྲན་བྱས་པ།

    འཇོལ་རྫོང་།

    ཟླ་10ཚེས་1ཉིན་གྱི་སྔ་དྲོར། འཇོལ་རྫོང་སྲིད་འཛིན་ལྟེ་བའི་ཐང་ཆེན་དུ་བརྗིད་ཉམས་ལྡན་པའི་རྒྱལ་གླུ་དང་བསྟུན་ནས་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་ཤིང་།  འཇོལ་རྫོང་གི་ཁྱིམ་དུ་ཡོད་པའི་འགོ་ཁྲིད་དང་ལས་ཁུངས་ཁག་གི་ལས་བྱེད་པ་ཡོངས་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་ཡོད།
  འཇོལ་རྫོང་གཡག་རྭ་ཤང་ཏང་ཨུ་དང་སྲིད་གཞུང་། ས་ཚིགས་ཁག་དང་སུའོ་ཁག་གི་ལས་བྱེད་པ་ཡོངས་ཤང་སྲིད་འཛིན་ཐོག་ཁང་གི་ར་སྐོར་གྱི་མདུན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ།

    འབའ་ལུང་རྫོང་།

    ཟླ་10ཚེས་1ཉིན་གྱི་སྔ་དྲོར། འབའ་ལུང་རྫོང་གིས་སྲིད་འཛིན་ལྟེ་གནས་སུ་བརྗིད་ཉམས་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུས་བ། ཉིན་དེར་ཁྱིམ་དུ་ཡོད་པའི་འགོ་ཁྲིད་དང་རྫོང་ཐད་གཏོགས་ལས་ཁུངས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་300་ལྷག་ཙམ་བྱེད་སྒོའི་ནང་ཞུགས་ཡོད།  

རྒྱལ་དར་སྒྲེང་བའི་མཛད་སྒོ་མཇུག་འགྲིལ་རྗེས།  རྫོང་ཨུའི་རྩ་འཛུགས་པུའི་ལས་དོན་མི་སྣས་རྒྱལ་དར་འོག་གཏམ་བཤད་སྤེལ་བ། 

    ཉིན་དེའི་སྔ་དྲོའི་ཆུ་ཚོད་བརྒྱད་དང་ཕྱེད་ཀར་འབའ་ལུང་རྫོང་པའོ་ཧོ་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་ཆེད་བརྗིད་ཉམས་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ་དང་ལས་བྱེད་པ་ཁྱོན་མི་60ལྷག་ཙམ་བྱེད་སྒོར་ཞུགས་པ་དང་ཁོངས་གཏོགས་ས་ཁུལ་གྱི་གྲོང་ཚོ་(སྡེ་ཁུལ་) ཁག་གིས་དུས་གཅིག་ཏུ་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ། 

    དགའ་ལྡན་སུམ་རྩེན་གླིང་།

    ཟླ་10ཚེས་1ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་ཆེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དགའ་ལྡན་སུམ་རྩེན་གླིང་གིས་བརྗིད་ཉམས་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ། སུམ་རྩེན་གླིང་གི་དགེ་འདུན་པའི་འཐུས་མི། སུམ་རྩེན་གླིང་དོ་དམ་ཅུས། ཉི་མ་རྫོང་མངགས་གཏོང་ཁང་། ཉི་འོད་རྫོང་མེ་སྐྱོན་འགོག་གསོད་རོགས་སྐྱོབ་ས་ཚིགས་དང་ལས་ཡུལ་དངོས་ཀྱི་ཡུལ་སྐོར་བ་མཉམ་དུ་མཛད་སྒོར་ཞུགས་ཡོད།   

    ལྷོ་ཕྱོགས་གློག་དྲ་ཡུན་ནན་བདེ་ཆེན་གློག་མཁོ་འདོན་ཅུས།

    ཟླ་9ཚེས་30ཉིན་ལྷོ་ཕྱོགས་གློག་དྲ་ཡུན་ནན་བདེ་ཆེན་གློག་མཁོ་འདོན་ཅུས་ཀྱིས་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུས་པ།